མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

རང་ཁུལ་གྱིས“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

ཡོང་ཁུངས།:  སྤེལ་དུས།:2019-10-17  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

རང་ཁུལ་གྱིསཐོག་མའི་བསམ་འདུན་མི་བརྗེད་པརའགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

ཟླ10པའི་ཚེས12ཉིན། ཁུལ་ཡོངས་ཀྱིཐོག་མའི་བསམ་འདུན་མ་བརྗེད་པརའགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་སྤེལ་ཚོགས་འདུ་ཚོགས། ཚོགས་འདུའི་ཐོག་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱིས་ཁག་གཉིས་པའིཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་རང་ཁུལ་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་སྤེལ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཤིང་། ཁུལ་ཡོངས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོ་ཏན་ཏིག་དང་གཏིང་ཟབ་ཏུ་སྤེལ་ནས་ཕན་འབྲས་དངོས་ཐོབ་པར་སྐུལ་འདེད་བཏང་བ་རེད།
      ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཁུལ་ཏང་ཨུའི་བརྗོད་དོན་སློབ་གསོའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཧྲི་ཚུན་ཝུའུ་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་བ་དང་།ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཁུལ་ཨུའི་བརྗོད་བྱ་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚོ་ཆུང་གི་ཚན་གཙོ་གཞོན་པ།གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་རུན་ཡུའུཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།
ཚོགས་འདུའི་ཐོག་གྲོང་ཁྱེར་དང་རྫོང་། ཚྭ་འདམ་ཆེ་བ་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིསཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའིགོ་ཁྲིད་ཚན་ཆུང་གཞུང་དོན་ཁང་གི་འགན་ཁུར་བ་དང་ཁུལ་ཨུའི་སྐོར་སྐྱོད་སློབ་སྟོན་ཚན་ཆུང་ཁག་གི་ཚན་གཙོ་ཡིས་བརྗོད་དོན་གཙོ་བོའི་སློབ་གསོའི་གནས་ཚུལ་དང་སྐོར་སྐྱོད་སློབ་སྟོན་གནས་ཚུལ་སྤེལ་རེས་ཀྱི་གཏམ་བཤད་མཛད།ཁུལ་ཨུའི་བརྗོད་དོན་སློབ་གསོའི་གཞུང་ལས་ཁང་གི་ཕྱོགས་བསྡུས་ཚོགས་པ་དང་།དྲིལ་བསྒྲགས་ཚོགས་པ།འབྲེལ་གཏུག་ཚོགས་པ་བཅས་ཀྱིས་དཔྱད་བརྗོད་བྱས་པ་རེད།
      ཚོགས་འདུ་ལས་བསྟན་དོན།དུས་རྒྱུན་ཤེས་རྟོགས་ཐུབ་པའི་གནས་ཚུལ་དང་ཚང་མས་སྤེལ་རེས་གཏམ་བཤད་བྱས་པའི་གནས་ཚུལ་ལ་བལྟས་ན།ཁུལ་ཡོངས་ཀྱི་ས་ཁུལ་ཁག་གིས་ཚད་མཐོའི་མཐོང་ཆེན་དང་།ཞིབ་མོས་ཇུས་འགོདབརྗོད་བྱ་གཙོ་བོའི་སློབ་གསོར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་པས་སྤྱིའི་ཆ་ནས་སྒྲིག་འཛུགས་ནུས་ལྡན་དང་།མགོ་བརྩམས་པལེགས་པའཕེལ་རིམ་ལྡན་པ་བཅས་ཀྱི་སྣང་ཚུལ་བཟང་པོ་ཐོན་ཡོད། ས་ཁུལ་ཁག་གི་གོ་ཁྲིད་ཚན་ཁག་གི་ཆབ་སྲིད་གནས་བབ་མཐོ་བ་དང་།ཚད་གཞིའི་བླང་བྱ་ནན་པོ།ལས་དོན་ཏན་ཏིག་ངང་སྤེལ་བ་བཅས་བྱས་ནས་སྔོན་ནས་གྲ་སྒྲིག་བྱེད་ཐུབ་པ་དང་།སྔོན་ལ་སློབ་སྦྱོང་དང་ལེགས་བཅོས་བྱ་རྒྱུ་དང་།ད་དུང་གསར་གཏོད་ཀྱི་བྱེད་ཐབས་ཁ་ཤས་ཡོད་ཅིང་།བཟང་བའི་ཆ་མངོན་གསལ་དོད་པོ་ཡོད།འོན་ཀྱང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།ཁུལ་ཏང་ཨུའི་རེ་བ་དང་བསྡུར་བ་དང་། ཞིང་ཆེན་ཕྱི་ནང་གི་ས་ཁུལ་གཞན་དག་དང་བསྡུར་བ། ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་རེ་ལྟོས་དང་བསྡུར་ན་ད་དུང་ཧེ་བག་ངེས་ཅན་ཞིག་ཡོད་ལ། ཚད་མཐོའི་མཐོང་ཆེན་བྱས་ཏེ་ཞིབ་འཇུག་ནན་ཏན་དང་།གཅིག་ཤེས་ཀུན་གྲོལ་བྱས་ནས་ཐག་གཅོད་ཏན་ཏིག་བྱ་དགོས།
      ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།ཆབ་སྲིད་ཀྱི་གནས་ས་སྔར་བས་མཐོ་རུ་གཏོང་བ་དང་བརྗོད་བྱ་གཙོ་བོའི་སློབ་གསོའི་ཆབ་སྲིད་ཀྱི་རང་རྟོགས་དང་།བསམ་བློའི་རང་རྟོགས།བྱ་སྤྱོད་བཅས་ཀྱི་ཐོག་ནས་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས་ལ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་བརྗོད་བྱ་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་རྩ་བའི་ལས་འགན་ཡིན་ཞིང་། བརྗོད་དོནསློབ་གསོའི་ནང་དོན་གཙོ་བོ་ཡིན་པས།བརྗོད་དོན་གཙོ་བོར་དམིགས་པ་དང་།བརྗོད་བྱ་གཙོ་བོ་ཞིབ་བསྡུར་གཏིང་ཟབ་བྱེད་པསློབ་སྦྱོང་གི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ནས།སྔར་ལས་ལྷག་པའི་སྒོ་ནས་རིགས་པའི་གཞུང་ལུགས་ལ་དྲག་ཆས་སྤྲས་ཏེ་ཞིས་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཕྱོགས་སྟོན་སྔར་ལས་ལྷག་པར་གཏིང་ཟབ་ཏུ་གཏང་དགོས།གནད་དོན་གྱི་ཁྲིད་ཕྱོགས་དམིགས་སུ་བཀར་ནས། གྲི་ཁ་རང་ལ་གཏོད་པའི་སྤོབས་པ་ཁྱེར་ནས་མཉམ་འགུལ་གྱིས་བརྟག་དཔྱད་ཞིབ་འཇུག་དང་གནད་དོན་ལ་ཞིབ་ལྟ།དག་ཐེར་དོན་འཁྱོལ་སོགས་ཀྱི་བྱ་བར་སྐུལ་འདེད་གཏང་དགོས།

ཚོགས་འདུ་ལས་མཚོ་ནུབ་ནི་བརྗོད་བྱ་གཙོ་བོའི་སློབ་གསོ་སྤེལ་བའི་སྡེ་ཚན་ཁག་གཉིས་པ་ཡིན་པའི་ཆ་ནས།ཞུགས་པའི་ལས་ཁུངས་དང་མི་སྣ་སྔར་ལས་རྒྱ་ཆེ་བ་དང་།རིགས་མང་ལ། གྲངས་འབོར་སྔར་ལས་ཆེ། གནས་ཚུལ་སྔར་བས་རྙོག་འཛིང་ཆེ་བས། བརྗོད་བྱ་གཙོ་བོའི་སློབ་གསོའི་སྔོན་དཔག་གི་ཕན་འབྲས་སུ་སླེབ་དགོས་ན། ངེས་པར་དུ་བྱེད་སྟངས་དང་བྱེད་ཐབས་ལེགས་བཅོས་བྱ་དགོས་ལ།བྱ་སྤྱོད་ལེགས་པའི་སྒོ་ནས་བརྗོད་བྱ་གཙོ་བོའི་སློབ་གསོ་ཁྱབ་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱ་དགོསསློབ་གསོ་གཙོ་བོར་འཛིན་པ་དང་།ཕྱི་ཚུལ་རིང་ལུགས་དངདཔོན་ཉམས་རིང་ལུགས་གཅོད་པ”“ལག་ལེན་བྱ་འགུལ་ཏན་ཏིག་ངང་སྤེལ་བསོགས་ཀྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་དང་།མགོ་ཁྲིད་ཀྱི་འགན་འཁྲི་སྔར་ལས་ཏན་ཏིག་ཡིན་དགོས་ལ།བརྗོད་དོན་སློབ་གསོའི་རྩ་འཛུགས་མགོ་ཁྲིད་དང་ལྟ་སྐུལ་ཁྲིད་སྟོན་བཅས་ལ་དངོས་སུ་ཤུགས་སྣོན་དགོས།དྲིལ་སྒྲོག་ཤུགས་ཆེ་རུ་གཏོང་བ་དང་གཅིག་གྱུར་འཆར་འགོད་བྱས་ཏེ།བརྗོད་དོན་སློབ་གསོ་གཏིང་ཟབ་ཅིང་ཏན་ཏིག་ངང་སྤེལ་བར་ཁག་ཐེག་བྱ་དགོས།ལག་གཉིས་ནས་འཛིན་པ་དང་ཕྱོགས་གཉིས་ནས་སྐུལ་སྤེལ་བྱེད་པ་དངོས་སུ་མངོན་འགྱུར་བྱེད་པ་དང་།ཚད་གཞི་མཐོ་བ་དང་བླང་བྱ་གཟབ་ནན་ཡིན་པར་རྒྱུན་འཁྱོངས་བྱས་ཏེ།རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་བརྗོད་དོན་སློབ་གསོ་ཁྲོད་བཏོན་པའི་བྱ་བའི་རྣམ་འགྱུར་དང་འབད་བརྩོན་གྱི་སྙིང་སྟོབས་དེ་བཅོས་སྒྱུར་འཕེལ་རྒྱས་དང་ལས་དོན་ཁག་གཏན་འཇགས་སུ་གཏོང་བའི་ནུས་ཤུགས་ཆེན་པོར་བསྒྱུར་དགོས་པའི་བླང་བྱ་བཏོན་པ་རེད།

ཡོང་ཁུངས། ཚྭ་འདམ་ཉིན་རེའི་ཚགས་པར།

གོང་མ།:བརྗོད་དོན་གཙོ་བོའི་སློབ་གསོ་བསྟུད་མར་གཏིང་ཟབ་པའི་སྒོ་ནས་ལེགས་པོར་འཛིན་པ།

ཞོལ་མ།:མཚོ་ནུབ་ཁུལ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་བཅུ་པ་དང་བོད་ཡིག་གི་ཡིག་གཟུགས་འགྲན་སྡུར་སྐབས་དང་པོ་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་རུ་གཟབ་རྒྱས་ངང་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235