མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

བརྗོད་དོན་གཙོ་བོའི་སློབ་གསོ་བསྟུད་མར་གཏིང་ཟབ་པའི་སྒོ་ནས་ལེགས་པོར་འཛིན་པ།

ཡོང་ཁུངས།:  སྤེལ་དུས།:2019-10-17  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

བརྗོད་དོན་གཙོ་བོའི་སློབ་གསོ་བསྟུད་མར་གཏིང་ཟབ་པའི་སྒོ་ནས་ལེགས་པོར་འཛིན་པ།

         ཟླ10པའི་ཚེས14ཉིན། མཚོ་ནུབ་ཁུལ་གྱིཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོ་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆ་འཕྲིན་དྲིལ་སྒྲོག་ལས་དོན་གྱི་བཞུགས་མོལ་གྲོས་ཚོགས་ཚོགས་བསྡུས།

ཁུལ་ཡོངས་ཀྱི་དྲིལ་སྒྲིག་ལས་ཁུངས་ཀྱི་འགན་ཁུར་པསཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོ་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆ་འཕྲིན་དྲིལ་སྒྲོག་ལས་དོན་ཐད་ནས་བརྗེ་རེས་ཀྱི་གཏམ་བཤད་མཛད་པ་དང་།  སྔོན་མའི་ལས་དོན་གྱི་གྲུབ་འབྲས་དང་བཟང་བའི་ཆ་ལ་སྤྱི་བསྡོམས་བྱས་ཤིང་།གནས་པའི་གནད་དོན་ལ་དབྱེ་ཞིབ་བྱས་པར་མ་ཟད།རྗེས་ཕྱོགས་ཀྱི་ལས་དོན་ལ་སྐུལ་འདེད་བྱེད་པར་ཞིབ་འཇུག་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན།  རྗེས་ཕྱོགས་ཀྱི་ལས་དོན་ཁྲོད།  དྲིལ་སྒྲོག་ལས་ཁུངས་ཁག་གིསཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོ་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་མི་དམངས་ལ་ཞབས་ཞུའི་དོན་དངོས་སྒྲུབ་པ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས།མཚོ་ནུབ་ཀྱི་ཁྱད་ཆོས་ལྡན་པའི་བྱ་བའི་བཟང་ཆ་གཏིང་ཟབ་ངང་སྔོག་འདོན་བྱེད་པ་དང་།མཚོ་ནུབ་དྲིལ་སྒྲོག་གི་ཟིལ་ཤུགས་གྲུབ་པ་དང་འབྲེལ་གཏུག་ལམ་ལུགས་བཙུགས་ནས།ལྟེ་བའི་ས་ཚིགས་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱ་དགོས། གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ།བརྗོད་དོན་སློབ་གསོའི་ཆ་འཕྲིན་མཉམ་སྤྱོད་མངོན་འགྱུར་བྱེད་པ་དང་།མངའ་ཁུལ་ཁག་གི་ཆ་འཕྲིན་མཉམ་སྤྱོད་ཀྱི་སྟེགས་བུ་གང་ལེགས་སྒོས་བཀོལ་སྤྱོད་བྱས་ནས།དྲིལ་སྒྲོག་གི་ཤུགས་ཚད་ཆེ་རུ་གཏང་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་ཉམས་མྱོང་དང་བྱེད་ཐབས་ལེགས་པོ་སྤྱི་བསྡོམས་དང་སྔོག་འདོན་བྱས་ཏེ།དུས་ལྟར་དྲིལ་སྒྲོག་ཁྱབ་སྤེལ་བྱེད་པ་དང་། བྱ་བའི་ཕྱོགས་ཡོངས་ལ་སྐུལ་འདེད་གཏང་དགོས།དོན་དངོས་དང་མཐུན་པའི་འཆར་གཞི་དང་བཀོད་སྒྲིག་གཏན་འབེབ་བྱེད་པ་དང་།འགན་འཁྲི་ལས་བགོས་བྱེད་པ་ཤུགས་ཆེ་རུ་བཏང་ནས།དྲིལ་སྒྲོག་གི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་།འཆར་གཞི་དང་བཀོད་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་གཏང་དགོས།རང་སྟེང་གི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། སྡེ་ཁག་མཉམ་འགུལ་ལ་ཤུགས་སྣོན་པ་དང་།ཧུར་ཐག་གིས་གསར་གཏོད་དང་གཅིག་གྱུར་མཐུན་སྦྱོར་བྱས་ཏེ།བརྗོད་དོན་གཙོ་བོའི་སློབ་གསོ་བསྟུད་མར་གཏིང་ཟབ་ངང་ལེགས་པོར་གཟུང་དགོས་པ་བསྟན་ཡོད།

ཡོང་ཁུངས།ཚྭ་འདམ་ཉིན་རེའི་ཚགས་པར།    

གོང་མ།:ཁུལ་ཡོངས་ཀྱི་སྤྱི་དབང་མ་ཡིན་པའི་ལམ་ལུགས་ཀྱི་ཁེ་ལས་ལས་གཉེར་དོ་དམ་མི་སྣའི་བསམ་པའི་འདུ་ཤེས་སློབ་གསོ་དང་ཁྲིམས་སྐྱོང་གསོ་སྦྱོང་འཛིན་གྲྭའི་སློབ་མགོ་ཚུགས་པ།

ཞོལ་མ།:རང་ཁུལ་གྱིས“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235