མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཁུལ་ཡོངས་ཀྱི་སྤྱི་དབང་མ་ཡིན་པའི་ལམ་ལུགས་ཀྱི་ཁེ་ལས་ལས་གཉེར་དོ་དམ་མི་སྣའི་བསམ་པའི་འདུ་ཤེས་སློབ་གསོ་དང་ཁྲིམས་སྐྱོང་གསོ་སྦྱོང་འཛིན་གྲྭའི་སློབ་མགོ་ཚུགས་པ།

ཡོང་ཁུངས།:  སྤེལ་དུས།:2019-10-18  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཟླ10པའི་ཚེས15ཉིན།  ཁུལ་ཡོངས་ཀྱི་སྤྱི་དབང་མ་ཡིན་པའི་ལམ་ལུགས་ཀྱི་ཁེ་ལས་ལས་གཉེར་དོ་དམ་མི་སྣའི་བསམ་པའི་འདུ་ཤེས་སློབ་གསོ་དང་ཁྲིམས་སྐྱོང་གསོ་སྦྱོང་འཛིན་གྲྭའི་སློབ་གོ་ཚུགས་པ་རེད། ཁུལ་ཡོངས་ཀྱི་སྤྱི་དབང་མ་ཡིན་པའི་ལམ་ལུགས་ཀྱི་ཁེ་ལས་ལས་གཉེར་དོ་དམ་མི་སྣ་དང་། གྲོང་ཁྱེར་དང་རྫོངལས་དོན་ཨུ་ཡོན་ལྷན་ཁངཁག་གི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ་བཅས་གསོ་སྦྱོང་ལ་ཞུགས་པ་རེད།
     ཐེངས་འདིའི་གསོ་སྦྱོང་གི་དུས་ཡུན་ནི་ཉིན་གསུམ་ཡིན་ལ། གཅིག་བསྡུས་ངང་སློབ་ཁྲིད་བྱེད་པའི་བྱེད་ཐབས་སྤྱད་པ་དང་ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་དང་། ཁེ་ལས་ཀྱི་ཁྲིམས་ལུགས་རྩ་འཛུགས་ཀྱི་རྣམ་པ་དང་ལེགས་པར་བརྡར་ཤ་གཅོད་པར་དམིགས་ནས། ཁེ་ལས་ཀྱི་ཁྲལ་དོན་ཁྲལ་བསྡུའི་འཆར་འགོད་དང་། ཁེ་ལས་པས་ཁྲིམས་ལུགས་ཀྱི་ཉེན་ཁར་དོགས་ཟོན། ཁེ་ལས་ཀྱི་རིག་གནས་དང་འཛུགས་སྐྱོང་སོགས་ཀྱི་ཐད་གསོ་སྦྱོང་བྱས་པ་རེད། སློབ་་ཚོས་ད་དུང་རིགས་པའི་གཞུང་ལུགས་དང་དོན་དངོས་གཉིས་ཟུང་འབྲེལ་བྱས་ཏེ། སྦྱངས་པའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་བེད་སྤྱད་ནས་གྲོས་བསྡུར་བརྗེ་རེས་ཀྱང་བྱས་པ་རེད།

གསོ་སྦྱོང་བྱས་པ་བརྒྱུད་ཁེ་ལས་གཉེར་སྐྱོང་དོ་དམ་མི་སྣསཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་ངོ་བོ་ཁོང་དུ་ཆུད་པ་དང་། ཁོང་ཚོའི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་སྔར་ལས་ལྷག་པའི་སྒོ་ནས་ཤེས་རྟོགས་བྱུང་ནས། ཁེ་ལས་ཀྱི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་བསྣན་ཞིང་།  ཁྲིམས་ལྟར་དོ་དམ་དང་ཁྲིམས་ལྟར་གཉེར་སྐྱོང་བྱེད་པའི་འདུ་ཤེས་དང་།  བདེ་འཇགས་ཐོན་སྐྱེད་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་བཅས་མཐོ་རུ་ཕྱིན་པ་རེད།
ཡོང་ཁུངས། ཚྭ་འདམ་ཉིན་རེའི་ཚགས་པར།

གོང་མ།:ཝུན་གོ་ཏུང་གིས“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་ཁྲིད་པ།

ཞོལ་མ།:བརྗོད་དོན་གཙོ་བོའི་སློབ་གསོ་བསྟུད་མར་གཏིང་ཟབ་པའི་སྒོ་ནས་ལེགས་པོར་འཛིན་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235