མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཁུལ་ཨུའི་སྐོར་ཐེངས་བདུན་པའི་སྐོར་ཞིབ་གནས་ཚུལ་གཅིག་བསྡུས་ཀྱིས་ཕྱིར་སློག་ཚོགས་འདུ་བསྡུས།

ཡོང་ཁུངས།:  སྤེལ་དུས།:2019-10-23  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

  ཉེ་ཆར།ཁུལ་ཨུའི་སྐོར་ཐེངས་བདུན་པའི་སྐོར་ཞིབ་གནས་ཚུལ་གཅིག་བསྡུས་ཀྱིས་ཕྱིར་སློག་ཚོགས་འདུ་བསྡུས།  ཚོགས་འདུ་ཁུལ་ཨུའི་སྐོར་ཐེངས་བདུན་པའི་སྐོར་ཞིབ་གནས་ཚུལ་སྙན་ཞུར་ཕུལ་བ་དང་སྐོར་ཞིབ་བྱས་པའི་ལས་ཁུངས་དག་གི་འགན་ཁུར་པ་རྣམས་གྱིས་སྐོར་ཞིབ་བཅོས་བསྒྱུར་ཐད་ཀྱི་གཏམ་བཤད་སྤེལ།  

  རྒྱུས་ལོན་བྱས་པ་ལྟར་ན། ཁུལ་ཨུའི་གཅིག་གྱུར་བཀོད་སྒྲིག་འཆར་འགོད་ལྟར་ད་ལོའི་ཟླ་གསུམ་པའི་ཟླ་མཇུག་ལ་ཁུལ་ཨུའི་སྐོར་ཞིབ་བྱ་བའི་ཚན་ཆུང་གིས་ཚན་ཆུང་བཞི་ལྷག་རྩ་འཛུགས་བྱས་ནས་ཁུལ་ཁྲིམས་ཁང་གི་ཏང་ཙུའུ་དང་ཁུལ་ཨུའི་གཞུང་སྒྲུབ་ཁང་། ཁུལ་ཨུའི་དྲིལ་སྒྲོག་པུའུ་སོགས་ཁུལ་ཨུའི་སྡེ་ཁག་དང་ལས་ཁུངས་བཅུ་གཉིས་ལ་སྐོར་ཞིབ་བྱ་འགུལ་སྤེལ།སྐོར་ཞིབ་ཁྲོད་སྐོར་ཞིབ་ཚན་ཆུང་གིས་སྐོར་ཞིབ་བྱས་པའིོ་ལས་ཁུངས་དག་གི་སྙན་ཞུ་ལ་ཉན་པ་དང་ལས་ཁུངས་བཅུ་གཉིས་ཀྱི་འགན་ཁུར་པ་བཅས་ལས་བྱེད་མི་སྣ་ཞེ་གཉིས་ལ་དམངས་གཙོའི་ཚད་འཇལ་བྱས།  མི་ཐེངས་བརྒྱ་དང་སུམ་བཅུ་ལ་ཁ་བརྡ་བྱས་པ་དང་ཁོངས་གཏོགས་ལས་ཁུངས་དགུ་ལ་སོང་ནས་རྟོག་ཞིབ་བྱས་པ་མ་ཟད་འབྲེལ་ཡོད་ཀྱི་ཡིག་ཆར་བལྟས།

  སྐོར་ཞིབ་ཁྲོད་རྙེད་པའི་གནད་དོན་ལ་ཁ་གཏད་ནས་ཚོགས་འདུའི་ནན་གྱིས་བསྟན་དོན། སྐོར་ཞིབ་བྱས་པའི་ལས་ཁུངས་ཀྱིས་ནན་ཏན་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་ཁྲོད་ཀྱི་འབྲེལ་ཡོད་གཏན་འཁེལ་དང་ཁུལ་ཨུའི་རེ་འདུན་ལ་སློབ་སྦྱོང་དང་དོན་འཁྱོལ་བྱེད་དགོས།དོན་དངོས་ཀྱི་སྒོ་ནས་ཆབ་སྲིད་ལངས་ཕྱོགས་དང་ཆབ་སྲིད་གོ་རྟོགས་མཐོར་འདེགས་སུ་གཏོང་དགོས།  སྐོར་ཞིབ་བཅོས་བསྒྱུར་གྱི་བསམ་བློའི་རང་འགུལ་དང་ཆབ་སྲིད་རང་འགུལ།   འགུལ་སྐྱོད་རང་འགུལ་བཅས་ལ་ཤུགས་སྣོན་བྱས་ནས་ནུས་ཤུགས་ཡོད་རྒུའི་བཅོས་བསྒྱུར་བྱ་བ་ལེགས་འགྲུབ་ཡོང་བར་བྱེད་དགོས། ད་དུང་འབྲེལ་ཡོད་འགོ་ཁྲིད་དག་གིས་མཛུབ་སྟོན་བྱེད་དགོས་པ་དང་ཕྱིར་སློག་གནད་དོན་དག་རེ་རེ་བཞིན་གཞི་རྩ་བརྟན་པོའི་ངང་བཅོས་བསྒྱུར་ལེགས་པོ་བྱེད་དགོསཔ་བསྟན

  ཚོགས་འདུ་སྐོར་ཞིབ་བྱས་པའི་ལས་ཁུངས་དག་གིས་བཅོས་བསྒྱུར་དོན་འཁྱོལ་དང་ཐོག་མའི་འདུན་མ་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་བརྗོད་དོན་སློབ་གསོ་དང་ཟུང་སྦྲེལ་བྱས་ཏེ་ཏང་ཡོན་ལས་བྱེད་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།  ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོད་བྱེད་དགོས།   སྐོར་ཞིབ་བྱ་བའི་ནུ་པ་གལ་ཆེན་ཐོན་ཏུ་བཅུག་ནས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་བྱེད་པར་འཕེལ་རྒྱས་སུ་གཏོང་བ་དང་ཕྱུག་འགྱུར་དཔལ་ཡོན་དང་འཆམ་མཐུན་བདེ་སྐྱིད་ཀྱི་དེང་རབས་སྟོབས་ལྡན་ཁུལ་འཛུགས་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན  

  ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ་ཏེན་ཀྲུང་པོ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་རྩ་འཛུགས་པུའུ་པུའུ་ཀྲང་བང་རོན་ཡུས།   ཁུལ་ཁྲིམས་ཁང་གི་གླིང་གཙོ་ཀོའུ་ཧྲིག་ཞན།  ཁུལ་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི ཁུལ་ཨུའི་སྐོར་ཞིབ་ཚན་ཆུང་གི་ཚན་གཙོ།  ཚན་གཙོ་གཞོན་པ། སྐོར་ཞིབ་བྱས་པའི་འགོ་ཁྲིད་དང་གཞུང་སྒྲུབ་ཁང་གི་འགན་ཁུར་པ།  ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་བཅའ་སྡོད་བྱས་པའི་སྒྲིག་ཁྲིམས་རྟོག་ཞིབ་ཚན་ཆུང་གི་ཚན་གཙོ་ཚོགས་འདུར་ཞུགས།  

གོང་མ།:ཐེན་ཅིན་ཁྲིན་གྱིས་མཚོ་ནུབ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

ཞོལ་མ།:ཝུན་གོ་ཏུང་གིས“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་ཁྲིད་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235