མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཐེན་ཅིན་ཁྲིན་གྱིས་མཚོ་ནུབ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས།:  སྤེལ་དུས།:2019-10-25  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཟླ་བཅུ་བའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གཉིས་ཉིན་བར།མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལམ་རྫོང་དང་དབུས་ལམ་རྫོང་དུ་སོང་ནས།ལྗང་མདོག་གཏེར་རི་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་གཙོ་གནད་བྱ་བའི་ཐད་ནས་རྟོག་ཞིབ་སྤེལ།

གཏེར་ལམ་རྫོང་ཅིན་ཧོས་གཏེར་ལས་ཚད་ཡོད་ཀུང་ཟི་རུ་ཐེན་ཅིན་ཁྲིན་གྱིས་གཏེར་ཁའི་སྔོག་འདོན་དང་སྐྱེལ་འདྲེན།བཀོད་གཏོང་། ཐོན་སྐྱེད་དང་ལས་བཟོ་བའི་ཐོན་སྐྱེད་འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་ཤིང་།མཚོ་སྔོན་ཞི་ཝང་གཏེར་ལས་སྔོག་འདོན་ཚད་ཡོད་ཀུང་ཟི་རུ་ཐེན་ཅིན་ཁྲིད་གྱིས་ཡུལ་དངོས་ནས་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་གནས་ཚུལ་ཐད་ནས་ཞིབ་བཤེར་བྱས་པ་དང་།དབུས་ལམ་རྫོང་ཚྭ་ཁའི་ཚྭ་མཚོའི་བཙོག་ཆུ་ཐག་གཅོད་བཟོ་གྲྭ་རུ་ཐེན་ཅིན་ཁྲིན་གྱིས་བཙོག་འདོན་ཚད་གཞི་དང་སྦུག་དྲ་འཛུགས་སྐྲུན་སོགས་གནས་ཚུལ་ཐད་ནས་རྒྱུས་ལོན་གསལ་བོ་བྱས།

ཐེན་ཅིན་ཁྲིན་གྱིས་ལྗང་མདོག་གཏེར་རི་འཛུགས་སྐྲུན་ནི་ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་བྱེད་པ་དང་གཏེར་སའི་འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་ཤུགས་ལྡན་བྱེད་ཐབས་ཡིན་ལ།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རྒྱུན་མཐུད་ངང་སྤེལ་བ་དང་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པའི་དགོས་ངེས་ཀྱི་རེ་བ་ཡང་ཡིན།འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་ལྗང་མདོག་གཏེར་རི་འཛུགས་སྐྲུན་བྱེད་རྒྱུ་དེ་བྱེད་ཐབས་སུ་བྱེད་པ་དང་།སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པའི་འདུ་ཤེས་དེ་ཞིབ་བཤེར་གསར་སྤེལ་དང་ལས་སྣོན།བཅོས་སྐྱོང་སླར་གསོའི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱེད་པ།ལྗང་མདོག་གཏེར་ལས་འཕེལ་རྒྱས་སུ་གཏོང་བ།ཧུར་ཐག་གིས་ཐོན་ཁུངས་བེད་སྤྱོད་ལས་ཆོད་མཐོར་འདེགས་བཏང་སྟེ།ཐོན་ཁུངས་གསར་སྤེལ་གྱི་དཔལ་འབྱོར་ཕན་འབྲས་དང་སྐྱེ་ཁམས་ཕན་འབྲས།སྤྱི་ཚོགས་ཕན་འབྲས་ཀྱི་མཐུན་སྦྱོར་གཅིག་གྱུར་མངོན་འགྱུར་བྱེད་པར་བརྩོན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།

གོང་མ།:ཁུལ་ཡོངས་ཀྱི་རྩ་འཛུགས་བྱ་བ་དག་ཐེར་དངོས་འབེབས་སྐུལ་སྤེལ་ཚོགས་འདུ་དང་གཙོ་གནད་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས།

ཞོལ་མ།:ཁུལ་ཨུའི་སྐོར་ཐེངས་བདུན་པའི་སྐོར་ཞིབ་གནས་ཚུལ་གཅིག་བསྡུས་ཀྱིས་ཕྱིར་སློག་ཚོགས་འདུ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235