མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཁུལ་ཡོངས་ཀྱི་རྩ་འཛུགས་བྱ་བ་དག་ཐེར་དངོས་འབེབས་སྐུལ་སྤེལ་ཚོགས་འདུ་དང་གཙོ་གནད་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས།

ཡོང་ཁུངས།:  སྤེལ་དུས།:2019-10-25  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཉེ་ཆར།ཁུལ་ཡོངས་ཀྱི་རྩ་འཛུགས་བྱ་བ་དག་ཐེར་དངོས་འབེབས་སྐུལ་སྤེལ་ཚོགས་འདུ་དང་གནད་འགག་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས།ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་བཱང་རོང་ཡུས་གྲོས་ཚོགས་ལ་ཞུགས་ཤིང་གཏམ་བཤད་གནང་།

གྲོས་ཚོགས་ཀྱིས«མཚོ་ནུབ་ཁུལ་རྩ་འཛུགས་ཁོངས་གཏོགས་ཀྱིསམཐའ་མཁྱོལ་དྲུགགི་བླང་བྱ་ལྟར་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཕྱིར་སློག་གནད་དོན་དག་ཐེར་ནན་མོ་བྱས་ཏེ་རྩ་འཛུགས་བྱ་བའི་རྒྱུ་སྤུས་དང་ཕན་ནུས་བྱེད་ཐབས་འགའ»གསལ་སྒྲོག་བྱས།

གྲོས་ཚོགས་ཀྱིས་མཚོ་ནུབ་ཁུལ་གྱི་སྐོར་ཞིབ་དག་ཐེར་བྱ་བ་གནད་འགག་གི་དུས་སུ་སླེབས་ཡོད་པས།ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་མཐོར་འདེགས་དང་ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་ཇེ་དྲག།རང་རྟོགས་ཀྱིས་སྐོར་ཞིབ་དག་ཐེར་བྱ་བ་དམ་འཛིན་བྱེད་པ་ནིའདུ་ཤེས་བཞིཇེ་དྲག་དངཡིད་ཆེས་བཞིཇེ་བརྟན།འགེབས་སྲུང་གཉིསལེགས་པོར་སྒྲུབ་དགོས་པ་དེ་ཡིན།ཀྲུང་དབྱང་དང་ཞིང་ཆེན།ཁུལ་ཨུའི་འཐབ་ཇུས་བཀོད་སྒྲིག་ལྟར།ཏང་སྐྱོང་གཟབ་ནན་དང་ཆབ་སྲིད་ཀྱི་མཁོ་གཉེར་དགོས་མཁོ་ལེགས་སྐྱོང་བྱས་ཏེ་མཚོ་ནུབ་ཁུལ་གྱི་རྩ་འཛུགས་བྱ་བའི་སྤུས་མཐོའི་འཕེལ་རྒྱས་ལ་ཁག་ཐེག་བྱེད་དགོས།མཚོ་ནུབ་ཀྱི་མ་འོངས་འཕེལ་རྒྱས་ལ་བསམ་གཞིགས་བཏང་ནས་རྩ་འཛུགས་སྡེ་ཁག་གིས་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ་སྟོབས་ཤུགས་གཅིག་བསྡུ་དང་དག་ཐེར་དངོས་གཉེར་ཀྱིས་འགན་འཁྲི་གསར་བ་དང་བྱས་རྗེས་གསར་བ་མངོན་པར་ཐོན་དགོས་པ་བསྟན།

གྲོས་ཚོགས་ཀྱིས་གནད་དོན་ཕྱོགས་སྟོན་རྒྱུན་འཁྱོངས་དང་ཡང་དག་པའི་སྲིད་ཇུས་ལག་བསྟར་བྱས་ཏེ་གནད་དོན་ཐག་གཅོད་བྱེད་དགོས།སྐོར་ཞིབ་དག་ཐེར་ནི་ངེས་པར་ཏུ་དམ་འཛིན་བྱེད་དགོས་པའི་བྱ་བ་གལ་ཆེན་ཞིག་ཡིན་ལ།གཏིང་ཟབ་སྒོས་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཚོ་ནུབ་ཕྱིར་སློག་གནད་དོན་དག་ཐེར་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་དོན་འཁྱོལ་བྱས་ཏེ་དུས་ཚོད་དམ་འཛིན་བྱེད་པའི་བླང་བྱ་ལྟར།དག་ཐེར་འགན་འཁྲི་ཞིབ་ཚགས་དང་དག་ཐེར་འགན་ཁུར་མི་སྣ་གཏན་འཁེལ།བྱེད་ཐབས་ཡང་དག་དང་གནད་དོན་ཐག་གཅོད་གང་ལེགས་བྱས་ཏེ་གནད་དོན་དག་ཐེར་བྱ་བ་མཐའ་འཁྱོལ་བྱེད་དགོས།དམིགས་འབེན་འགན་འཁྲི་ལྟར་ཕྱིར་དྲན་དང་མི་འདང་ས་ཁ་གསབ་བྱེད་པ།ནུས་ཤུགས་གཅིག་བསྡུས་ཀྱིས་ལོའི་དམིགས་འབེན་ལེགས་འགྲུབ་ལ་ཧུར་བརྩོན་བྱས་ཏེ་རིགས་སོ་སོའི་བྱ་བའི་འགན་འཁྲི་ལེགས་འགྲུབ་བྱེད་དགོས་པའི་བླང་བྱ་བཏོན

གོང་མ།:མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།(དང་པོ)

ཞོལ་མ།:ཐེན་ཅིན་ཁྲིན་གྱིས་མཚོ་ནུབ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235