མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།(དང་པོ)

ཡོང་ཁུངས།:  སྤེལ་དུས།:2019-10-30  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

མཚོ་ནུབ་ཁུལ་གྱིཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱདང་པོ

གཅིགབརྗོད་དོན་གཙོ་བོའི་སློབ་གསོའི་ཤེས་བྱ།

1.ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཅི་ཞིག་ཡིན།

        ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་བརྩོན་ལེན་བྱེད་པ་དེ་ཡིན།

2.ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་གཞི་འཛིན་ས་ཅི་ཞིག་ཡིན།

          2016ལོའི་ཟླ7པའི་ཚེས1ཉིནསྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ95འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་ཏང་ཡོངས་ལ་གཟབ་ནན་ངངཐོག་མའི་བསམ་འདུན་མི་བརྗེད་པར། མུ་མཐུད་མདུན་དུ་སྐྱོདཅེས་པའི་འབོད་སྐུལ་གནང་ཞིང་། 2017ལོའི་ཟླ10པའི་ཚེས18ཉིན་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེངཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པདེ་ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་རུ་བཟུང་བ་དང་། སྤྱི་ཁྱབ་ཧྲུའུ་ཅིས་གཏིང་ཟབ་ངང་བསྟན་དོན། ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོ་གུང་ཁྲན་ཏང་མི་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བའི་རྩ་བའི་སྒུལ་ཤུགས་ཡིན་པས། ཏང་ཡོངས་སུཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པའིབརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་བཀོད་སྒྲིག་ཀྱང་གནང་བ་དེ་ཡིན།

3.བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་དུས་ཚོད་ཇི་ལྟར་བཀོད་སྒྲིག་བྱས་པ་རེད།

       ཐེངས་དང་པོ་ནི2019ལོའི་ཟླ6པ་ནས་མགོ་བརྩམས་པ་དང་། ཟླ8པའི་མཇུག་ལ་ཕལ་ཆེར་མཇུག་རྫོགས། ཐེངས་གཉིས་པ་ནི2019ལོའི་ཟླ9པ་ནས་མགོ་བརྩམས་ཏེ། ཟླ11པའི་མཇུག་ལ་ཕལ་ཆེར་མཇུག་སྒྲིལ་རྒྱུ་རེད།

4.ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ལ་ཞུགས་པའི་ཁྱབ་ཁོངས་གང་དག་ཡིན།

    རྫོང་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་གཙོ་བོར་བཟུང་སྟེ་ཏང་ཡོངས་སུ་སྤེལ་རྒྱུ་རེད།

5. ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་ལས་དོན་གཙོ་བོ་ཁག་བརྒྱད་ནི་གང་དག་ཡིན།

སྐུལ་སློང་བཀོད་སྒྲིག་དང་གནད་དོན་ལ་ཞིབ་དཔྱད་བྱེད་པ། སློབ་སྦྱོང་བགྲོ་གླེང་། ཆེད་དོན་དག་ཐེར། བརྟག་དཔྱད་ཞིབ་འཇུག ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུརྩ་འཛུགས་འཚོ་བའི་ཚོགས་འདུཆེད་དོན་ཏང་གི་སློབ་ཚནཕྱོགས་སྡོམ་དང་དཔྱད་དཔོག་བཅས་ཡིན།

6.“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་རུ་སློབ་སྦྱོང་བྱེད་དགོས་པའི་གཙོ་གནད་ཀྱི་དཔེ་དེབ་གཉིས་ནི་གང་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་སྐོར་གྱི་རྣམ་བཤད་བསྡུས་པདང་། ཞིས་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་རྩ་གནདཅེས་པ་གཉིས་ཡིན།

7. བརྗོད་དོན་གཙོ་བོའི་སློབ་གསོའི་རྨང་གཞི་ནི་ཅི་ཞིག་ཡིན།

       ནན་ཏན་གྱིས་མ་རྩོམ་ལ་སློབ་སྦྱོར་དང་གཞུང་ལུགས་རྟོགས་དགོས་པ་དེ་ཡིན།

8.ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཅི་ཞིག་ལ་དོ་སྣང་བྱེད་པ་ཡིན།

        དོན་དངོས་ཀྱི་ཕན་འབྲས་ལ་དོ་སྣང་བྱས་ནས། དངོས་ཡོད་ཀྱི་གནད་དོན་ཐག་གཅོད་བྱེད་པ་དེ་ཡིན།

9.“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་དོན་སྙིང་གལ་ཆེན་དེ་ཅི་ཞིག་ཡིན

      ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་པཉེ་བར་མཁོ་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ཉེ་བར་མཁོ་བ། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་གི་འབྲེལ་བ་རྒྱུན་འཁྱོངས་བྱེད་པར་ཉེ་བར་མཁོ་བ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་ལ་ཕབ་པའི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱེད་པར་ཉེ་བར་མཁོ་བ་བཅས་ཡིན།

10.“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་ནི་ཅི་ཞིག་ཡིན།
      ཐོག་མའི་བསམ་འདུན་སྲུང་བ་དང་།འགན་འཁྲི་ཐེག་པ།ཧེ་བག་འཚོལ་བ་དང་།དོན་འཁྱོལ་ལ་དམ་འཛིན་བྱེད་པ་དེ་ཡིན།

མུ་འགོད

གོང་མ།:མཚོ་ནུབ་ཀྱིས་སྲིད་གཙང་འཛུགས་སྐྱོང་གི་ཤུགས་ཆེ་རུ་བཏང་ནས། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

ཞོལ་མ།:ཁུལ་ཡོངས་ཀྱི་རྩ་འཛུགས་བྱ་བ་དག་ཐེར་དངོས་འབེབས་སྐུལ་སྤེལ་ཚོགས་འདུ་དང་གཙོ་གནད་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235