མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཀྱིས་སྲིད་གཙང་འཛུགས་སྐྱོང་གི་ཤུགས་ཆེ་རུ་བཏང་ནས། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

ཡོང་ཁུངས།:  སྤེལ་དུས།:2019-10-30  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

མཚོ་ནུབ་ཀྱིས་སྲིད་གཙང་འཛུགས་སྐྱོང་གི་ཤུགས་ཆེ་རུ་བཏང་ནས།  བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

     མཚོ་ནུབ་ཁུལ་གྱི་རུལ་རྒོལ་གཙང་སྤེལ་ཉེན་བརྡ་སློབ་གསོའི་རྟེན་གཞི་དེ་ཉེན་བརྡའི་སློབ་གསོ་སྤེལ་བའི་གསོན་ཉམས་ལྡན་པའི་སློབ་ཐུན་ཅིག་ཏུ་གྱུརཅེས་པ་དངསྨྱན་སྦྱོར་མང་པོའི་ལག་རྩལ་བཀོལ་སྤྱོད་བྱས་པས། ཚང་མར་སེམས་འགུལ་ཐེབས་སུ་བཅུག་པ་རེདཅེས་ཉེན་བརྡའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་ཚར་བའི་ཏང་ཡོན་ལས་བྱེད་པ་ཚང་མས་དེ་ལྟར་བཤད། ཉེ་འགྲམ་གྱི་དོན་དག་གིསཉེ་འགྲམ་གྱི་མི་རྣམས་ལ་སློབ་གསོ་བཏང་ནསཚང་མས་བསྡུར་བའི་ཁྲོདབསམ་གཞིགས་གཏོང་བ་དང་། སེམས་གཏིང་ནས་གཡོ་འགུལ་དྲག་པོ་ཐེབས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སྒྲོག་འགྲེལ་བྱེད་པའི་ཤན་ཤུགས་དང་བློ་འགུག་གི་ནུས་པ་ཇེ་ཆེར་བཏང་།

       ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན་དུ་ལས་ཁུངས་དང་སྡེ་ཁག་ཁག་གི་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་མཚོ་ནུབ་ཁུལ་གྱི་རུལ་རྒོལ་གཙང་སྤེལ་ཉེན་བརྡ་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་པ་དང་། ཏང་དང་རྒྱལ་ཁབ་གོ་ཁྲིད་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་རུལ་རྒོལ་བརྒྱུད་རིམ། ཉེ་བའི་ལོ་ཤས་རིང་གི་མཚོ་སྔོན་ཞིང་ཆེན་དང་མཚོ་ནུབ་ཁུལ་གྱི་རུལ་རྒོལ་གཙང་སྤེལ་ལས་དོན་གྱི་གྲུབ་འབྲས་སོགས་ཀྱི་ནང་དོན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས་ཤིང་། གྱོད་དོན་དཔེ་མཚོན་དང་རི་མོ། ཉེན་བརྡ། བརྙན་ཐུང་བཅས་རེ་རེ་བཞིན་བརྒྱུད་ནས། དཔེ་མཚོན་གྱོད་དོན་དང་རུལ་སུངས་སྣང་ཚུལ་དག་གཏིང་ཟབ་ངང་དབྱེ་ཞིབ་བྱས་པས། ཏང་ཡོན་ལས་བྱེད་པའི་བསམ་བློ་ལ་ཉམས་སད་དང་སློབ་གསོ་ཐོབ་པ་རེད།

མུ་མཐུད་དུ་ཏང་ཡོན་ལས་བྱེད་པའི་རུལ་སུངས་བཀག་འགོག་གི་ནུས་པ་ཇེ་ཆེར་གཏོང་བ་དང་ཉེན་བརྡ་སློབ་གསོའི་རྟེན་གཞི་ཉེན་ཟོན་ཟིལ་གནོན་གྱི་ནུས་པ་དངོས་གནས་འདོན་སྤེལ་བྱས་ཏེ། འབད་བརྩོན་ཆེན་པོས་སྲོལ་བཟང་སྤྱོད་གཙང་གི་རྣམ་པ་ཟབ་མོ་བསྐྲུན་ཆེད།  ཐེངས་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་མགོ་རྩོམ་པའི་སྔོན་ལ།ཁུལ་སྒྲིག་ཁྲིམས་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིསཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིགདངཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་གཅུན་སྲོལ་ཡིག》《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་རྩད་གཅོད་སྲོལ་ཡིག》《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིགསོགས་ཏང་ནང་གི་ཁྲིམས་སྲོལ་དང་ཚད་ལྡན་ཅན་གྱི་ཡིག་ཆ་གཅིག་བསྡུས་སུ་གསར་སྒྱུར་བྱས་ཤིང་། ལྟ་སྐུལ་སྒྲིག་བསྟར་གྱིརྣམ་པ་བཞིདང་ལྟ་ཞིབ་བཅའ་ཁྲིམས་ཀྱི་སྒྲོག་འགྲེལ་དང་།  དེ་བཞིན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྐོར་གྱི་བཀོད་སྒྲིག་བླང་བྱ་བཅས་ཁ་གསབ་བྱས་ལ།  ཁུལ་ཡོངས་ཀྱི་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་གྱི་གྲུབ་འབྲས་དངའགན་འཁྲི་གཉིསཀྱི་ཐད་སྔར་བས་གཟབ་ནན་བྱེད་པ། སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་བ་སོགས་སྒྲིག་བཤེར་ལྟ་ཞིབ་བྱ་བའིདངོས་བྲིས་ནང་དོན་སྔར་བས་མང་པོ་བཏོན་ཞིང་བརྗེ་བ་ཡིན་པ་དང་།མཚོ་ནུབ་ཀྱི་སྒྲིག་བཤེར་ལྟ་ཞིབ་བྱ་བའི་ཕན་འབྲས་དངོས་གང་མང་སྒོ་ནས་འགྲེམ་སྟོན་བྱས་ལ།རྒྱ་ཆེའི་ལས་བྱེད་པས་སྒྲིག་ཁྲིམས་བརྩི་སྲུང་དང་། སྒྲིག་ཁྲིམས་མཉམ་འབྲེལ། ཁྲིམས་དང་བཅའ་ཁྲིམས་བྱང་ཆུབ་དགོས་པའི་གོ་རྟོགས་ཐོབ་པར་བྱས།

ལྟ་སྐོར་དང་སློབ་སྦྱོང་བྱས་པ་བརྒྱུད་ནས། ཏང་ཡོན་ལས་བྱེད་པ་སོ་སོས་བཤད་རྒྱུར་རྗེས་སུ་ངེས་པར་དུ་བསླབ་བྱར་ལེན་པ་བྱས་ཏེ།  ཏང་གཤིས་ཀྱི་བློ་སྦྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། སྤྱོད་གཙང་རང་གཅུན་གྱི་གཏན་འབེབས་ཁག་ལག་ལེན་ནན་ཏན་བྱས་ནས། བསམ་པའི་ཕུགས་འདུན་ནས་དངོས་སུ་རུལ་སུངས་བཀག་འགོག་གི་འཛིང་རགས་རྒྱག་དགོས་ལ། བསམ་པའི་དད་སེམས་བརྟན་པོར་འཛུགས་པ་དང་།  ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ། དབང་ཆའི་ལྟ་བ། གནས་བབ་ཀྱི་ལྟ་བ། ཁེ་ཕན་གྱི་ལྟ་བ་བཅས་བཙུགས་ཏེ། སྤྱོད་གཙང་རང་གཅུན་གྱི་འདུ་ཤེས་མུ་མཐུད་ཆེ་རུ་གཏོང་བ་དང་། མཚོ་ནུབ་ཀྱི་ཏང་སྲོལ་སྲིད་སྲོལ་དམངས་སྲོལ་བསྟུད་མར་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་ཆེད་དངོས་་གནས་ནུས་ཤུགས་འདོན་དགོས་པར་བཤད།

མཚོ་ནུབ་ཁུལ་གྱི་རུལ་རྒོལ་གཙངསྤེལ་ཉེན་བརྡ་སློབ་གསོ་རྟེན་གཞིའིའགྲེམ་ཁང་གི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ960ཡོད་པ་དང་། ཁྱོན་བསྡོམས་གོ་རིམ་གྱི་ཚོམས་ཆེན་དང་རྡོ་ལ་རྐང་རྗེས་འཇོག་པ། སྔོན་གྱི་བསླབ་བྱ། འགྱོད་བཤགས་བསམ་ཞིབ། རུལ་སུངས་ཀྱི་འབྱུང་རྐྱེན། སྲིད་གཙང་གི་ཉེན་ཁ།མཚོ་ནུབ་ཀྱི་སྲིད་གཙང་འགྱུར་ཁུག་སོགས་ཁག་བདུན་དུ་དབྱེ་ཡོད།  སྨྱན་སྦྱོར་གསར་པའི་ལག་རྩལ་སྣ་ཚོགས་སྤྱད་དེ་བཅའ་ཁྲིམས་ཀྱི་སྒྲིག་ཁྲིམས་ལྟར་བཟོས་པ་དང་། སྲིད་དོན་གཙང་སྐྱོང་གི་མིག་དཔེ་སྟོན་པ།  དྭངས་གཙང་གི་མཚོ་ནུབ་ཀྱི་དཔེ་མཚོན་སྐྲུན་པ། ཉེན་བརྡ་རྒྱུན་སྒྲོག  སྒྲིག་བཤེར་སྔོན་བརྡ་གཏོང་བ་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཉེན་ཟོན་སློབ་གསོའི་རྟེན་གཞི་ཞིག་བསྐྲུན་ཡོད། སྒོ་ཕྱེས་པའི་ཚུན་ལ་ས་ཁུལ་དང་ལས་ཁུངས་ཁག་ནས་ཡོང་བའི་ཏང་ཡོན་ལས་བྱེད་པ་མི་ཐེངས་ཁྲི3ལྷག་ཙམ་གྱིས་ལྟ་སྐོར་དང་སློབ་སྦྱོང་བྱས་པ་རེད།

གོང་མ།:སྟོབས་ཤུགས་གཅིག་སྡུད་ཀྱིས་རོང་འབྲོག་ཁུལ་གྱི་མིའི་འཚོ་གནས་ཁོར་ཡུག་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བ།

ཞོལ་མ།:མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།(དང་པོ)

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235