མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

སྟོབས་ཤུགས་གཅིག་སྡུད་ཀྱིས་རོང་འབྲོག་ཁུལ་གྱི་མིའི་འཚོ་གནས་ཁོར་ཡུག་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བ།

ཡོང་ཁུངས།:  སྤེལ་དུས།:2019-11-01  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

སྟོབས་ཤུགས་གཅིག་སྡུད་ཀྱིས་རོང་འབྲོག་ཁུལ་གྱི་མིའི་འཚོ་གནས་ཁོར་ཡུག་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བ།

ཟླ10པའི་ཚེས30ཉིན།ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་མིའི་འཚོ་གནས་ཁོར་ཡུག་བཅོས་སྐྱོང་གིཉིན་བརྒྱ་ལ་འབད་པས་བསྒྲུབས་ནས། གྲོང་ཚོའི་རྣམ་པ་གསར་པར་བསྒྱུར་ཞེས་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་།ཁུལ་དཔོན་གཞོན་པའམ་ཁུལ་ཨུའི་ཞིང་འབྲོག་ཁུལ་ལས་དོན་གོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ་དབྱང་ཡོའུ་ཀྲི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
     ཚོགས་འདུའི་ཐོག་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གོ་ཁྲིད་གཙོ་བོའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་མིའི་འཚོ་གནས་ཁོར་ཡུག་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་ཚུལ་བརྡ་ཁྱབ་བཏང་ཞིང་། ན་གོར་མོ་གྲོང་ཁྱེར་དང་གཏེར་ལམ་རྫོང་། དབུས་ལམ་རྫོང་བཅས་ཀྱི་སྲིད་གཞུང་གིས་ཚོགས་འདུའི་སྟེངབརྗེ་རེས་གཏམ་བཤད་མཛད།

ཚོགས་འདུའི་ཐོག་ས་ཁུལ་དང་སྡེ་ཁག་ཁག་གིས་བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་དང་། ཆབ་སྲིད་ཀྱི་གནས་ས་མཐོ་རུ་བཏང་ནསབསམ་བློའི་རང་རྟོགས་དང་འགུལ་སྤྱོད་ཀྱི་རང་རྟོགས་དངོས་སུ་ཤུགས་ཆེ་རུ་གཏང་དགོས་ལ། བཀོད་སྒྲིག་དང་བླང་བྱ་ཁག་མཐའ་གཅིག་ཏུ་དོན་འཁྱོལ་མཐར་ཕྱིན་བྱ་དགོས།ས་ཁུལ་དང་སྡེ་ཁག་ཁག་གིས་མིག་སྔའི་མངོན་གསལ་ཡིན་པའི་གནད་དོན་ལ་དམིགས་ཏེ་དྲིལ་བསྒྲགས་རྒྱ་ཁྱབ་དང་། ཇུས་ཤུགས་གཅིག་བསྡུས་བྱ་དགོས་ཤིང་། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་རོང་འབྲོག་ཁུལ་གྱི་ཁོར་ཡུག་ལེགས་བཅོས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་།  དམངས་ཡོངས་ཀྱིས་སེམས་ཁུར་དང་དམངས་ཡོངས་ཞུགས་པའི་རྣམ་པ་ཟབ་མོ་ཞིག་བསྐྲུན་དགོས། སྡེ་ཁག་སོ་སོ་འབྲེལ་འདྲིས་མཐུན་སྦྱོར་བྱས་ནས་མཐུན་སྦྱོར་མཉམ་ལས་ཀྱི་ཤུགས་ཆེ་རུ་གཏོང་བ་དང་།སྡེ་ཁག་མང་པོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནསགསང་སྤྱོད་གསར་བརྗེའཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏང་དགོས་ལ།  རིམ་པ་ཁག་གི་ཆུ་བེད་སྡེ་ཁག་གིས་གཙོ་གནད་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྱབ་ཁོངས་ནང་གི་ཆུ་དང་མཚེའུ་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏང་དགོས་ཤིང་། ཆུ་ཁོངས་དང་འགྲམ་རྒྱུད་སོགས་ཀྱི་ཆུ་ཁམས་ཁོར་ཡུག་དོ་དམ་དང་ཚོད་འཛིན་གཟབ་ནན་བྱེད་པ་དང་། ཆུ་བོ་དང་མཚེའུ་དཔོན་ལམ་ལུགས་དོན་འཁྱོལ་མཐར་ཕྱིན་བྱ་དགོས།  ཞིང་འབྲོག་སྡེ་ཁག་ཁག་གིས་ཞིང་ལས་ལ་བཞག་པའི་ཐུམ་སྒྲིལ་གྱི་དངོས་པོ་དང་ཞིང་སྤྱོད་འགྱིག་ཤོག་སོགས་ཞིང་ལས་ཐོན་སྐྱེད་ཀྱི་སྙིགས་རྫས་གཙང་སེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་ཁྲིམས་འགལ་སྙིགས་རོ་དང་བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་གང་སར་སྤུང་བར་བཀག་འགོག་བྱ་དགོས་ཤིང་། བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་ཡིས་ཉེ་འཁོར་གྱི་རོང་འབྲོག་ཁུལ་ཁོར་ཡུག་ལ་སྦགས་བཙོག་མི་བཟོ་བར་ཁག་ཐེག་བྱ་དགོས། ས་ཁུལ་ཁག་གིས་ཞིང་འབྲོག་ཁུལ་གྱི་མིའི་འཚོ་གནས་ཁོར་ཡུག་བཅོས་སྐྱོང་ལས་དོན་གྱི་གོ་ཁྲིད་ཚན་ཆུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།  དཔྱད་ཞིབ་བྱེད་ཐབས་གཏན་འཁེལ་དང་དཔྱད་ཞིབ་ཚད་གཞི་ཁ་གསལ་བཟོས་ཏེ། དཔྱད་ཞིབ་དང་ཞིབ་བཤེར་རྩིས་ལེན་གྱི་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། ཏང་ཨུ་དང་སྲིད་གཞུང་གི་འགན་འཁྲི་ཏན་ཏིག་འཁུར་དགོས་པའི་བླང་བྱ་བཏོན་པ་རེད།

ཁུལ་ཨུ་དང་གཏེར་ལེན་ཁ་གྲོང་ཁྱེར་ཏང་ཨུའི་ཞིང་སྡེའི་འབྲོག་ཁུལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་ཀྱི་འགན་ཁུར་བ་དང་། གཏེར་ལེན་་གྲོང་ཁྱེར་གྱི་ཞང་གྲོང་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བ་གཙོ་བོ་རྣམས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་ཤིང་། ས་ཁུལ་ཁག་ཏུ་ཡན་ལག་ཚོགས་ར་བཙུགས་པ་རེད།

གོང་མ།:མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།(གཉིས་པ)

ཞོལ་མ།:མཚོ་ནུབ་ཀྱིས་སྲིད་གཙང་འཛུགས་སྐྱོང་གི་ཤུགས་ཆེ་རུ་བཏང་ནས། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235