མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།(གཉིས་པ)

ཡོང་ཁུངས།:  སྤེལ་དུས།:2019-11-01  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

མཚོ་ནུབ་ཁུལ་གྱིཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་

ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།གཉིས་པ

11.“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་བྱེ་བྲག་གི་དམིགས་ཡུལ་ནི་ཅི་ཞིག་ཡིན།
     རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ་དང་བསམ་བློའི་ཆབ་སྲིད་ལ་སྦྱོང་བརྡར་ཐོབ་པ།ལས་སྒྲུབ་ལས་གཏོད་ཐད་འགན་འཁྲི་འཁུར་ཕོད་པ། དམངས་ལ་ཞབས་ཞུ་བསྒྲུབས་ནས་དཀའ་གནད་སེལ་བ།གཞུང་དྲང་སྤྱོད་གཙང་གི་མིག་དཔེ་སྟོན་པ་བཅས་ཡིན།

12. ཐོག་མཐའ་བར་གསུམ་དུ་ཁྱབ་དགོས་པ་བཞི་ནི་གང་ཡིན།

སློབ་སྦྱོང་སློབ་གསོ་དང་བརྟག་དཔྱད་ཞིབ་འཇུག གནད་དོན་ལ་ཞིབ་བཤེར།དག་ཐེར་དང་དོན་འཁྱོལ་བྱ་རྒྱུ་བཅས་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་དགོས་པ་དེ་ཡིན།

13.ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའིཟུང་འབྲེལ་གསུམནི་གང་དག་ཡིན།

བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དེ་བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་ཡོང་བའི་ལས་འགན་ཁག་ལེགས་འགྲུབ་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་།བརྟན་ཐོག་གོང་འཕེལ་དང་བཅོས་སྒྱུར་ལ་སྐུལ་འདེད། གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ།ཉེན་ཁ་སྔོན་འགོག བརྟན་ལྷིང་འགན་སྲུང་བཅས་ཀྱི་ལས་དོན་ཁག་དང་ཟུང་འབྲེལ་བྱེད་པ།ཏང་ཀྲུང་དབྱང་གི་བཀོད་སྒྲིག་བྱས་ནས་སྒྲུབ་བཞིན་པའི་བྱ་བ་དང་ཟུང་འབྲེལ་བྱས་ཏེ། ཏང་ཡོན་ལས་བྱེད་པ་རྣམས་ལས་ཐོན་པའི་སྤྲོ་སེམས་དེ་འགག་སྒྲོལ་དཀའ་སེལ་དང་ལས་སྒྲུབ་ལས་སྐྲུན་གྱི་གྲུབ་འབྲས་དངོས་ལ་འགྱུར་དུ་འཇུག་དགོས་པ་དེ་ཡིན།

14.ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའིའཚོལ་བ་ལྔནི་ཅི་ཞིག་ཡིན།

གཙོ་གནད་ནིའདུ་ཤེས་བཞིཤུགས་ཆེ་རུ་གཏོང་བ་དང་། ཡིད་ཆེས་བཞིསྲ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིསབྱེད་ཐུབ་པ་བཅས་ཀྱི་ཕྱོགས་ནས་ཧེ་བག་འཚོལ་བ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིནཐུབ་པའི་ཕྱོགས་ནས་ཧེ་བག་འཚོལ་བ། མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་ཀྱི་ལངས་ཕྱོགས།མང་ཚོགས་ཀྱི་བརྩེ་སེམས། མང་ཚོགས་ལ་ཞབས་ཞུ་བཅས་ཀྱི་ཕྱོགས་ནས་ཧེ་བག་འཚོལ་བ།གུས་ཤིང་སྐྲག་པ་ཤེས་པ་དང་དོགས་ཟོན་དང་དངངས་སྐྲག་གནས་པ། མཐའ་ཚད་སྲུང་བ་བཅས་ཀྱི་ཕྱོགས་ནས་ཧེ་བག་འཚོལ་བ།  བསམ་བློའི་གོ་རྟོགས་དང་ནུས་པའི་བྱང་ཚད།  ཁག་ཁུར་འཁུར་ནུས། ཀུན་སྤྱོད་བློ་སྦྱོང་།  སྤྱོད་པའི་རྣམ་འགྱུར་བཅས་ཀྱི་ཕྱོགས་ནས་ཧེ་བག་འཚོལ་བ་བཅས་ཡིན།

15. “ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའིཞིབ་བསྡུར་དྲུགནི་ཅི་ཞིག་ཡིན།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བཅས་ལ་ཞིབ་བསྡུར་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིསཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་བཏོན་པའི་གནད་དོན་མངོན་གསལ་ལ་ཞིབ་བསྡུར་བྱེད་པ།ཀྲུང་གོ་གུང་ཁྲན་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གལ་ཆེན་ཕྱོགས་བསྒྲིགསཞེས་པར་ཞིབ་བསྡུར།ཐོག་མའི་བསམ་འདུན་དང་འགན་འཁྲི་ལ་ཞིབ་བསྡུར།སྔོན་ཐོན་གྱི་དཔེ་མཚོན་དང་ཉེ་འགྲམ་གྱི་མིག་དཔེ་ལ་ཞིབ་བསྡུར་བྱེད་པ་བཅས་བྱས་ཏེ།བསྡུ་ལེན་བྱས་པའི་བསམ་འཆར་གྲོས་གཞི་དང་ཟུང་འབྲེལ་བྱས་ནས་རང་ཉིད་དང་འགན་འཁྲི། ལས་དོན་བཅས་དེའི་ནང་དུ་འཇོག་དགོས་པ་དེ་ཡིན།

16.བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་ཞིབ་འཇུག་བྱ་གཞི་གཉིས་ནི་ཅི་ཞིག་ཡིན།

ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ་དེ་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་པའི་ཡུན་གཏན་གྱི་ཞིབ་འཇུག་བྱ་གཞིར་བཟུང་བ་དང་།ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱི་ཚེ་གང་གི་ཞིབ་འཇུག་བྱ་གཞི་ཞིག་ཏུ་བརྩི་དགོས་པ་དེ་ཡིན།
17.
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའིའགག་རྩ་གཉིསནི་ཅི་ཞིག་ཡིན།

གནད་དོན་ལ་དོ་སྣང་བྱེད་པའི་རང་རྟོགས་དང་གྲི་ཁ་ནང་དུ་སྐོར་ཐུབ་པའི་བློ་སྟོབས་དེ་ཡིན།

18.བརྗོད་དོན་གཙོ་བོའི་སློབ་སྦྱོང་སློབ་གསོ་ཇི་ལྟར་དམ་འཛིན་བྱ་དགོས།

སློབ་སྦྱོང་སློབ་གསོ་རུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་གོ་བ་ལེན་པ་དང་རྒྱུས་ལོན་ཐུབ་པ།ཏན་ཏིག་བྱེད་པ་བཅས་གལ་ཆེན་ནང་གི་འགངས་ཆེན་དུ་བཟུང་སྟེ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་།ཟབ་ཅིང་ཞིབ་པར་བསླབ་ནས་གོ་བ་ལེན་པ་དང་ལག་བསྟར་ཏན་ཏིག་བྱས་ནས། འགན་འཁྲིའི་གནད་དོན་ཁྱེར་ཏེ།བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པར་སྐུལ་འདེད་བྱས་ནས་དམ་འཛིན་བྱ་དགོས།

19.བརྗོད་དོན་གཙོ་བོའི་སློབ་གསོ་རུ་དཔེར་མཚོན་ནུས་པ་ཇི་ལྟར་འདོན་སྤེལ་བྱ་དགོས།

དྲང་ཕྱོགས་ཀྱི་དཔེ་མཚོན་དྲིལ་སྒྲོག་བྱེད་པ་དང་།ཏང་ཡོན་ལས་བྱེད་པའི་ཉེ་འགྲམ་གྱི་ཡིད་རྟོན་རུང་བ་དང་སློབ་སྦྱོང་བྱས་ཆོག་པའི་སྔོན་ཐོན་མི་སྣ་དྲིལ་བསྒྲགས་བྱས་ནས།འདྲ་བཟོ་དང་ཡོངས་ཁྱབ་ཏུ་བཏང་ཆོག་པའི་ཉམས་མྱོང་བཟང་པོ་ཁག་ཅིག་ཁྱབ་གདལ་དུ་གཏོང་བ་དང་།ལྡོག་ཕྱོགས་ཀྱི་དཔེ་མཚོན་དབྱེ་ཞིབ་གཏིང་ཟབ་བྱས་ཏེ།དཔེ་མཚོན་གྱོད་དོན་ལས་སྒྲིག་ཁྲིམས་གསལ་པོ་དང་དག་ཐེར་ལེགས་བཅོས་ལ་སྐུལ་འདེད་བཏང་ནས།ཉེན་བརྡའི་ནུས་པ་འདོན་དགོས་པ་དེ་ཡིན།

20.བརྗོད་དོན་གཙོ་བོའི་སློབ་གསོ་རུ་དག་ཐེར་དོན་འཁྱོལ་ཇི་ལྟར་ལེགས་པོར་བསྒྲུབ་དགོས།

དག་ཐེར་དོན་འཁྱོལ་བྱེད་ན་སྟག་མགོ་སྦྲུལ་མཇུག་དང་ཡུན་འགྱངས་ཐག་གཅོད་མི་བྱེད་པ་དང་།  ཤོག་བུའི་སྟེང་དག་ཐེར་དང་དག་ཐེར་རྫུན་སྒྲིག་བྱེད་པ།  གཞི་རིམ་གྱི་ལས་བྱེད་པར་སྟབས་བདེའི་ངང་འགན་འཁྲི་རྩད་གཅོད་བྱེད་པ་དེའི་དག་ཐེར་གྱི་འགན་འཁྲི་དོན་འཁྱོལ་བྱས་ཟིན་པའི་ཚབ་བྱེད་པ།དག་ཐེར་གྱི་མིང་བཟུང་ནས་རིམ་པ་བཞིན་རེའུ་མིག་སྐོང་བ་དང་ཁ་གྲངས་སྤྲད་དེ།གཞི་རིམ་གྱི་འགན་ཁུར་ཆེ་རུ་གཏོང་བ་བཅས་ལ་སྔོན་འགོག་བྱ་དགོས། ཏང་ཡོན་དང་ལས་བྱེད་པའི་རང་ངོས་ལ་གནས་པའི་གནད་དོན་མངོན་གསལ་ཐག་གཅོད་བྱེད་པར་དོ་སྣང་ཆེན་པོ་བྱ་དགོས་པ་དང་།ལྷག་པར་དུ་ཐོག་མའི་བསམ་འདུན་འགྱུར་ཡོད་མེད་དང་འགན་འཁྲི་ཡིད་ལ་བརྟན་པོར་བཟུང་ཡོད་མེད་ཀྱི་གནད་དོན་ཐག་གཅོད་པར་དོ་སྣང་བྱ་དགོས་ལ།མགོ་ཁྲིད་ཚན་ཁག་ལ་གནས་པའི་གནད་དོན་ཐག་གཅོད་བྱེད་པར་ཡང་དོ་སྣང་བྱ་དགོས་ཤིང་། ལྷག་པར་དུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཕྱོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་དོ་སྣང་བྱས་ནས་བསྒྲུབ་དགོས།

མུ་འགོད

གོང་མ།:མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།(གསུམ་པ)

ཞོལ་མ།:སྟོབས་ཤུགས་གཅིག་སྡུད་ཀྱིས་རོང་འབྲོག་ཁུལ་གྱི་མིའི་འཚོ་གནས་ཁོར་ཡུག་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235