མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།(གསུམ་པ)

ཡོང་ཁུངས།:  སྤེལ་དུས།:2019-11-06  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

21. ཏང་གི་སྒྲིག་ཡིག་དང་ཚད་གཞི།སྲོལ་ཡིག་བཅས་ལ་བསྡུར་ནས།གཙོ་གནད་བཙལ་བཤེར་བྱེད་པའི་ཡིན་མིན18ཀྱི་ནང་དོན་ཅི་ཞིག་ཡིན།

       ཏང་གི་སྒྲིག་ཡིག་ལ་ཞིབ་བསྡུར་བྱས་ཏེ།གཙོ་གནད་བཙལ་བཤེར་བྱེད་པ་སྟེ། (1)ཏང་གི་ངོ་བོའི་དམིགས་ཡུལ་ལ་རྒྱུན་འཁྱོངས་བྱེད་མིན་དང་།ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་ལག་ལེན་མཐར་ཕྱིན་བྱེད་མིན།གཞི་རྩའི་རྩ་དོན་བཞི་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་རྒྱུན་འཁྱོངས་བྱེད་མིན།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གིཕྱོགས་ལྔ་གཞི་གཅིགགི་སྤྱིའི་བཀོད་པ་དངཁྱོན་ཡོངས་བཞིའིའཐབ་ཇུས་བཀོད་པ་རྒྱུན་འཁྱོངས་བྱེད་མིན་བཅས་ཡིན།2ཏང་ཡོན་གྱི་འོས་འགན་ཁག་བརྒྱད་ལག་བསྟར་ནན་ཏན་བྱས་ཏེ་ཏང་ནང་ཞུགས་པའི་དམ་བཅའ་ལག་ལེན་དང་།ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་གང་ལེགས་ངང་འདོན་སྤེལ་བྱེད་མིན་དེ་ཡིན།3ཏང་ཡོན་ལས་བྱེད་པའི་གཞི་རྩའི་ཆ་རྐྱེན་དྲུག་པོ་གཞིར་བཟུང་ནས་དད་སེམས་བརྟན་པོ་དང་མི་དམངས་ལ་ཞབས་འདེགས་ཞུ་བ།སྲིད་བརྩོན་དངོས་སྒྲུབ། འགན་འཁྲི་འཁུར་ཕོད་པ། སྤྱོད་གཙང་གཞུང་དྲང་བཅས་ངོ་མ་བྱེད་ཐུབ་མིན་དེ་ཡིན།4ཏང་གི་རྩ་འཛུགས་ལམ་ལུགས་བརྩི་སྲུང་ནན་པོ་དང་།ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱས་ཏེ་གང་གསུང་དེ་སྒྲུབ་དང་།ཀྲུང་དབྱང་གི་སྲིད་འཛིན་བཀའ་རྒྱ་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་མིན་དེ་ཡིན།5ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་དམིགས་འབེན་གྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་།མང་ཚོགས་ཀྱི་ཁྲོད་ནས་ཡོང་སྟེ་མང་ཚོགས་ཀྱི་ཁྲོད་དུ་འགྲོ་བ་རྒྱུན་འཁྱོངས་བྱས་ནས། རྣམ་པ་གསར་པའི་འོག་གི་མང་ཚོགས་ཀྱི་ལས་དོན་ལེགས་པོར་སྒྲུབ་ཤེས་མིན་བཅས་ཡིན།ཚད་གཞིལ་ཞིབ་བསྡུར་བྱས་ཏེ།གཙོ་གནད་བཙལ་བཤེར་བྱེད་པ་སྟེ།6ཕུགས་བསམ་དང་ཡིད་ཆེས་བརྟན་པོ་ཡིན་མིན་དང་།མར་ཁེ་སིའི་རིང་ལུགས་ལ་དད་མོས་དང་སྤྱི་ཚོགས་རིང་ལུགས་ལ་ཡིད་ཆེས་པའི་བསམ་པ་བརྟན་པོ་བཙུགས་ཏེ།བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཡོན་དང་མང་ཚོགས་ལ་ཕུགས་བསམ་དང་དད་སེམས་ཀྱི་སྟོབས་ཤུགས་ཆེན་པོ་མྱོང་དུ་བཞག་ཡོད་མེད་དེ་ཡིན།7བློ་བརྟན་འགྱུར་མེད་ངང་ཏང་གི་རྩ་བའི་ལམ་ཕྱོགས་ལ་ལག་ལེན་མཐར་ཕྱིན་དང་།ཡིན་མིན་ཆེན་པོའི་མདུན་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་བཟུང་སྟེ། ནོར་འཁྲུལ་གྱི་གཏམ་སྤྱོད་མདུན་དུ་བཀག་འགོག་དང་འཐབ་རྩོད་བྱེད་ཕོད་མིན་དེ་ཡིན།8བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཏེ།འདུ་ཤེས་བཞིཟབ་ཏུ་གཏོང་བ་དང་། ཏང་ལ་ལྷག་བསམ་རྣམ་དག ཁ་གསལ་གཏིང་གསལ་བཅས་བྱས་ནས།གནད་དོན་གལ་ཆེན་སྐོར་གྱི་དགོངས་སྐོར་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་མིན་དེ་ཡིན།9ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱེད་མིན་དངསྤྱོད་ངན་བཞིལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་མིན་དེ་ཡིན།10དམངས་གཙོའི་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལ་རྒྱུན་འཁྱོངས་བྱས་ཏེ།ཏང་ནང་གི་དམངས་གཙོ་དར་སྤེལ་གཏོང་བ་དང་། ཏང་ཡོན་གྱི་ཁེ་དབང་ལ་འགན་སྲུང་བྱེད་པ། བསམ་འཆར་མི་འདྲ་བར་ཉན་འཇོག་བྱ་རྒྱུར་དོ་སྣང་བྱེད་པ།རང་རྟོགས་ཀྱི་སྒོ་ནས་རྩ་འཛུགས་ཀྱི་ལས་བགོས་བཀོད་སྒྲིག་དང་ལེན་བྱེད་པ། བརྒྱ་ཁ་གཅིག་གཅོད་དམ་རང་སོ་སོས་སྲིད་དོན་སྐྱོང་བར་མི་བྱེད་པ་བཅས་བྱེད་མིན་དེ་ཡིན།11མི་སྣ་འདེམ་སྤྱོད་བྱེད་ཕྱོགས་ཡང་དག་པར་རྒྱུན་འཁྱོངས་དང་།   ལས་བྱེད་པ་བཟང་པོའི་ཚད་གཞིར་རྒྱུན་འཁྱོངས་བྱས་ནས།རང་རྟོགས་ཀྱིས་མི་བཀོལ་སྤྱོད་བྱེད་པའི་ཐད་ཀྱི་ཚུལ་མིན་སྤྱོད་ངན་དང་ཕྱོགས་ལྷུང་སྣ་ཚོགས་སྔོན་འགོག་དང་ཡོ་བསྲང་བྱེད་མིན་དེ་ཡིན།12སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་ཕོད་པ་དང་།རང་རྟོགས་ཀྱིས་དབང་ཆ་བཀོལ་སྤྱོད་ཐད་ཀྱི་ཚོད་འཛིན་དང་ལྟ་སྐུལ་དང་ལེན་བྱས་ཏེ། རང་གཅུན་དང་ཁེར་འདུག་དོན་ཆུང་སྟེང་གཟབ་གཟབ་བྱེད་པར་ཤུགས་སྣོན་བརྒྱབ་ནས།སྒྲིག་སྲོལ་ལྟར་དབང་ཆ་ཡང་དག་པར་སྤྱོད་མིན་དེ་ཡིན།13གཞུང་དྲང་སྤྱོད་གཙང་གི་ཆབ་སྲིད་རང་བཞིན་སྲུང་འཛིན་བྱས་ཏེ། ནན་གསུམ་རྣལ་གསུམལ་རྒྱུན་འཁྱོངས་བྱེད་པ་དང་། སྒྱིད་ལུག་དང་རུལ་སུངས་སུ་འགྱུར་བར་མཐའ་གཅིག་ཏུ་འཐབ་རྩོད་བྱེད་ཐུབ་མིན་དེ་ཡིན།སྲོལ་ཡིགདང་བསྡུར་ཞིབ་བྱས་ཏེ།གཙོ་གནད་བཙལ་བཤེར་བྱེད་པ་སྟེ། 14གལ་ཆེའི་རྩ་དོན་གྱི་གནད་དོན་ཐོག་ཏང་ཀྲུང་དབྱང་དང་གཅིག་གྱུར་ཡོང་བར་བྱས་ནས།རང་རྟོགས་ངང་ཏང་རྩ་འཛུགས་ཀྱི་ཐག་གཅོད་ལག་བསྟར་བྱེད་མིན་དེ་ཡིན། 15འགན་དབང་གང་བྱུང་དུ་སྤྱོད་པ་དང་སྒེར་ཕན་དོན་གཉེར་བྱེད་པ།  སྒྲིག་སྲོལ་དང་འགལ་ཏེ་འབུལ་རྟེན་གྱི་དངུལ་ལེན་པ་དང་ཚོང་གཉེར་ཁེ་ལས་སྒྲུབ་པ།  གཞུང་དོན་གྱི་སྣེ་ལེན་དོ་དམ་དང་། ཚོགས་འདུ་འཚོག་པའི་བྱེད་སྒོའི་དོ་དམ།གཞུང་སྤྱོད་ཁང་པའི་དོ་དམ་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་བའི་གནད་དོན་སོགས་གནས་མིན་དེ་ཡིན།16གཉེན་ཉེ་དང་གྲོགས་པོར་ལྷག་པར་གཅེས་ཤིང་།ནག་ཚོགས་སྟོབས་ཤུགས་ཀྱིསྲུང་གདུགསབྱེད་པ་དང་། མི་བདེན་རྫུན་སྒྲིག་དང་སྟབས་བདེ་རྩུབ་སྤྱོད་སོགས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནད་དོན་གནས་མིན་དེ་ཡིན།17བྱ་བར་འགན་མི་འཁུར་བ་དང་།ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤེལ་བ། ཚོང་རའི་དཔལ་འབྱོར་གྱི་བྱེད་སྒོ་དང་ཁྲིམས་འཛིན་བྱེད་སྒོ།སྒྲིག་ཁྲིམས་ལག་བསྟར་བྱེད་པའི་བྱེད་སྒོ་བཅས་ལ་ཇུས་གཏོགས་དང་ཐེ་གཏོགས་བྱེད་པ་སོགས་ཀྱི་གནད་དོན་གནས་མིན་དེ་ཡིན།18འཚོ་བའི་བག་མེད་ལོངས་སྤྱོད་དང་སྐྱིད་འདོད་ལ་ཞེན་ཆགས་པ།མ་རབས་ཞེན་ཆགས་དོན་གཉེར་བྱེད་པ་བཅས་དང་། སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་ཁྱིམ་ཚང་གི་སྤྱོད་བཟང་དང་འགལ་བའི་གནད་དོན་སོགས་གནས་མིན་བཅས་ཡིན་ནོ།།

22.ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གཞི་རྩིའི་ནང་དོན་ཅི་ཡིན།

    ཁ་གསལ་བཟོ་བ་བརྒྱད་སྟེ།1ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་སྤྱིའི་ལས་འགན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་དང་།འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་ཐུབ་པར་བྱེད་པའི་རྨང་གཞིའི་ཐོག གོམ་སྟབས་གཉིས་སུ་ཕྱེ་ནས་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་འབྱོར་བ་ཕྱུག་ཅིང་དམངས་གཙོ་ལྡན་ལ་དཔལ་ཡོན་དར་བ་དང་འཆམ་མཐུན་ཡིད་སྨོན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་དུ་འཛུགས་སྐྲུན་ཐུབ་པར་བྱ་རྒྱུ་འདི་ཡིན་པ་ཁ་གསལ་བཟོ་བ།2དུས་རབས་གསར་པར་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་པ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བ་ཡིན་པས།མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་དོན་ངེས་པར་དུ་རྒྱུན་འཁྱོངས་བྱས་ནས་མིའི་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བ་དང་མི་དམངས་ཡོངས་རྫོགས་ཐུན་མོང་དུ་ཕྱུག་འགྱུར་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་དགོས་པ་ཁ་གསལ་བཟོ་བ།3ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྤྱིའི་བཀོད་པ་ནིཕྱོགས་ལྔ་གཞི་གཅིགཡིན་པ་དང་།  འཐབ་ཇུས་ཀྱི་བཀོད་པ་ནིཁྱོན་ཡོངས་བཞིཡིན་ཞིང་། བགྲོད་ལམ་དང་རིགས་པའི་གཞུང་ལུགས།ལམ་ལུགས། རིག་གནས་བཅས་ལ་ཡིད་ཆེས་བརྟན་པོ་དགོས་ལུགས་ནན་བཤད་བྱས་པ་ཁ་གསལ་བཟོ་བ། 4ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་གྱི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་གོང་འཕེལ་གཏོང་རྒྱུ་དང་།རྒྱལ་ཁབ་སྐྱོང་བའི་མ་ལག་དང་སྐྱོང་ནུས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་འདི་ཡིན་པ་ཁ་གསལ་བཟོ་བ།5ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་བསྐྲུན་རྒྱུ་འདི་ཡིན་པ་ཁ་གསལ་བཟོ་པ།6དུས་རབས་གསར་པའི་འོག་དམག་དཔུང་སྟོབས་ལྡན་དུ་སྒྱུར་བའི་ཏང་གི་དམིགས་འབེན་ནི་ཏང་གི་བཀོད་འདོམས་ལ་ཉན་པ་དང་།གཡུལ་ལས་རྒྱལ་ཐུབ་པ།ཀུན་སྤྱོད་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྱོང་བྱས་ནས་མི་དམངས་ཀྱི་དམག་དཔུང་འཛམ་གླིང་ཐོག་གི་དམག་དཔུང་བཟང་ཤོས་ཤིག་ཏུ་བསྐྲུན་རྒྱུ་ཡིན་པ་ཁ་གསལ་བཟོ་བ།7ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱིས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་སྤྱི་འཛུགས་པར་སྐུལ་འདེད་གཏོང་དགོས་པ་ཁ་གསལ་བཟོ་བ།8 ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བར་གྱུར་པའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ཡིན་པ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ཡིན་པ།ཏང་ནི་ཆེས་མཐོའི་ཆབ་སྲིད་ཀྱི་མགོ་ཁྲིད་སྟོབས་ཤུགས་ཡིན་པ།དུས་རབས་གསར་པར་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་བཏོན་པ།ཏང་ལེགས་སྐྱོང་ཁྲོད་ཀྱི་ཆབ་སྲིད་འཛུགས་སྐྱོང་གི་གོ་གནས་གལ་ཆེན་འབུར་དུ་ཐོན་པ་བཅས་ཁ་གསལ་བཟོ་བ་དེ་ཡིན་ནོ།།

23.ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གཞི་རྩའི་ཇུས་གཞི་ཅི་ཡིན།

     རྒྱུན་འཁྱོངས་བྱ་དགོས་པ་བཅུ་བཞི་སྟེ།ཏང་གིས་ལས་དོན་མཐའ་དག་ལ་མགོ་ཁྲིད་བྱེད་པར་རྒྱུན་འཁྱོངས་དང་མི་དམངས་ལྟེ་བར་འཛིན་པར་རྒྱུན་འཁྱོངས་བྱེད་པ།ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས་བྱེད་པ།གོང་སྤེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་རྒྱུན་འཁྱོངས་བྱེད་པ།ཁྲིམས་ལྟར་རྒྱལ་ཁབ་ལེགས་པར་སྐྱོང་བ་རྒྱུན་འཁྱོངས་བྱེད་པ།  སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་རྒྱུན་འཁྱོངས་བྱེད་པ།འཕེལ་རྒྱས་ཁྲོད་དམངས་འཚོར་འགན་སྲུང་དང་ལེགས་བསྒྱུར་རྒྱུན་འཁྱོངས་བྱེད་པ།མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་རྒྱུན་འཁྱོངས་བྱེད་པ།  རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པ།ཏང་གིས་མི་དམངས་དམག་དཔུང་ལ་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ།  “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས” དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བར་རྒྱུན་འཁྱོངས་བྱེད་པ།འགྲོ་བ་མིའི་རིགས་ཀྱི་ཐུན་མོང་གི་ལས་དབང་བསྐྲུན་པར་སྐུལ་བར་རྒྱུན་འཁྱོངས་བྱེད་པ།  ཁྱོན་ཡོངས་ནས་ཏང་གཟབ་ནན་བཅོས་སྐྱོང་བྱེད་པར་རྒྱུན་འཁྱོངས་བྱ་དགོས་པ་བཅས་སོ།།  

24.བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོའི་ཁྲོད་ཀྱི་སློབ་སྦྱོང་སློབ་གསོའིསློབ་སྦྱོང་བཞིནི་ཅི་ཞིག་ཡིན།

    གཙོ་འཛིན་གྱི་བསམ་བློ་དང་ཏང་གི་སྒྲིག་ཡིག་གཏན་འབེབས། ཏང་གི་རིགས་པའི་གཞུང་ལུགས།ཏང་གི་ལོ་རྒྱུས་སྲོལ་རྒྱུན་བཅས་ལ་སློབ་སྦྱོང་བྱ་དགོས་པ་དེ་ཡིན།

25.བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོའི་ཁྲོད་བརྟག་དཔྱད་ཞིབ་འཇུག་བྱེད་པའིདམིགས་དགོས་པ་བཞིནི་ཅི་ཞིག་ཡིན།

    གནད་དོན་ལ་དམིགས་པ་དང་དཀའ་ཁག་ལ་དམིགས་པ།  བྱ་བ་དོན་ཐོག་ཏུ་འཁྱོལ་བར་དམིགས་པ། ཞབས་ཞུ་བསྒྲུབ་པར་དམིགས་པ་བཅས་ཡིན།

26.བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོའི་ཁྲོད་ཀྱི་གནད་དོན་ལ་ཞིབ་བཤེར་ལྟ་ཞིབ་བྱེད་པའིབསྡུར་བ་བཞིཞེས་པ་གང་དག་ཡིན།

    གཙོ་འཛིན་གྱི་བསམ་བློ་དང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལ་ཞིབ་བསྡུར་བྱེད་པ་དང་།ཏང་གི་སྒྲིག་ཡིག་དང་གཏན་འབེབས་དང་བསྡུར་བ།ཐོག་མའི་འགན་འཁྲི་དང་བསྡུར་བ།  སྔོན་ཐོན་དཔེ་མཚོན་ལ་བསྡུར་བ་བཅས་ཡིན།

27.བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོའི་ཁྲོད་དག་ཐེར་དོན་འཁྱོལ་བྱེད་པའིགནད་དུ་འཛིན་པ་བཞིཞེས་པ་དེ་གང་ཡིན།

    ཆེད་དོན་བཅོས་སྒྲིག་གནད་དུ་འཛིན་པ་དང་ཁྱོན་ཡོངས་ནས་དག་ཐེར་བཅོས་སྒྲིག་བྱེད་པ་གནད་དུ་འཛིན་པ།སྒྲིག་སྲོལ་དང་ལམ་ལུགས་བཟོ་བ་གནད་དུ་འཛིན་པ།  མིག་སྔའི་ལས་དོན་གནད་དུ་འཛིན་པ་བཅས་ཡིན།

28.ཐེངས་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་མཁན་ལས་ཁུངས་གཙོ་བོ་གང་དག་ཡོད་དམ།

    དེའི་ནང་གཙོ་བོ་འབྲིང་རིམ་སློབ་གྲྭ་དང་མཐོ་རིམ་སློབ་གྲྭ་གཞན་དགགྲོང་ཁྱེར་དང་རྫོང་གི་ལས་ཁུངས་དང་དེའི་ཐད་གཏོགས་སྡེ་ཚན་དང་ཁེ་ལས་དང་དོན་ལས་སྡེ་ཚན་བཅས་དང་།གྲོང་རྡལ་དང་། ཁྲོམ་ལམ། སྡེ་བ། སྡེ་ཁུལ་བཅས་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་།སྤྱི་ཚོགས་ཀྱི་རྩ་འཛུགས།གཞི་རིམ་གྱི་རྩ་འཛུགས་གཞན་དག   ཐེངས་དང་པོའི་བརྗོད་དོན་གཙོ་བོའི་སློབ་གསོར་མ་ཞུགས་པའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས།ཀྲུང་དབྱང་དངུལ་རྩའི་ཁེ་ལས་བཅས་ཀྱིས་དོ་དམ་བྱེད་པའི་ཁེ་ལས་ཀྱི་མངག་གཏོང་དང་ཡན་ལག་ལས་ཁུངས་བཅས་ཡོད།

29.ཐེངས་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བར་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་སློབ་སྦྱོང་བྱེད་པའི་གཙོ་གནད་དེ་གང་ཞིག་ཡིན།

    གྲོང་ཁྱེར་དང་རྫོང་། སྲིད་ཨུ་བཅས་ཀྱིས་བརྟན་བརླིང་གི་འཕེལ་རྒྱས་དང་བཅོས་བསྒྱུར་ལ་སྐུལ་འདེད།  གྲུབ་ཚུལ་ལེགས་སྒྲིག ཉེན་ཁ་སྔོན་འགོགབདེ་འཇགས་བརྟན་སྲུང་སོགས་ཀྱི་ལས་ཀ་ལེགས་པོར་བསྒྲུབ་པར་དམིགས་ཏེ།ས་ཁུལ་དེ་གའི་བཅོས་བསྒྱུར་གོང་སྤེལ་དང་བདེ་འཇགས་ཐད་ཀྱི་གནད་དོན་མངོན་གསལ་ཅན་དང་ཏང་འཛུགས་སྐྱོང་ཐད་འཕྲད་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན།མང་ཚོགས་དང་ཁེ་ལས་ཀྱི་འབུར་ཐོན་གནད་དོན་བཅས་ཐག་གཅོད་པར་བརྗོད་དོན་སློབ་གསོ་སྤེལ་དགོས།ཐད་གཏོགས་ལས་ཁུངས་ཁག་གིས་སྙིང་སྟོབས་ཆེར་མི་འཕར་བ་དང་། ནུས་པ་མི་འདང་བ། སྤྱོད་ཚུལ་ཏན་ཏིག་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་ཞིབ་བཤེར་དང་དག་ཐེར་བྱེད་དགོས་པར་ལྟ་ཞིབ་བྱས།ཤང་དང་གྲོང་རྡལ་གྱི་ཁྲོམ་གཞུང་བཅས་ཀྱིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའིམཐའ་མའི་འགག་སྒྲོལགྱི་གནད་དོན་གཙིགས་སུ་བཟུང་སྟེ་ཐག་གཅོད་དགོས།ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་དང་དབྱིབས་སྒྱུར་རིམ་སྤོར་ལ་སྐུལ་འདེད།ཏང་ལེགས་སྐྱོང་ལ་ཤུགས་སྣོན་བཅས་བྱ་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོར་ཤུགས་སྣོན་རྒྱག་པའི་དམིགས་སར་འཛིན་དགོས།སྡེ་བ་དང་སྡེ་ཁུལ་གྱིས་གྲོང་གསེབ་དར་སྤེལ་གཏོང་བ་དང་དབུལ་ཐར་འགག་སྒྲོལ། གཞི་རིམ་བཅོས་སྐྱོང་།  མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་སོགས་ཀྱི་ཧེ་བག་འཚོལ་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ་གནད་དུ་འཛིན་དགོས།སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱིས་སྟོབས་ཤུགས་གང་ཡོད་བཏོན་ཏེ་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་ཏང་གི་ལས་དོན་སྤེལ་བ་དང་།ལས་བྱེད་མང་ཚོགས་གོང་བུར་གཅིག་ཏུ་འགྲིལ་བ་བཅས་བྱེད་པར་འབད་དགོས་པ་དེ་ཡིན།

གོང་མ།:མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།(ལྔ་པ)

ཞོལ་མ།:མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།(གཉིས་པ)

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235