མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།(ལྔ་པ)

ཡོང་ཁུངས།:  སྤེལ་དུས།:2019-11-12  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

40.ཅི་ཞིག་ལཕྱོགས་ལྔ་གཞི་གཅིགགི་སྤྱིའི་བཀོད་སྒྲིག་ཟེར་རམ།

དཔལ་འབྱོར་འཛུགས་སྐྱོང་དང་ཆབ་སྲིད་ལེགས་སྐྱོང་།རིག་གནས་དར་སྤེལ། སྤྱི་ཚོགས་འཛུགས་སྐྱོང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་ལ་ཟེར།

41.ཅི་ཞིག་ལ་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ཟེར།

གསར་གཏོད་དང་མཐུན་སྦྱོར།ལྗང་མདོག  སྒོ་འབྱེད།མཉམ་སྤྱོད་བཅས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ཡིན།

42. “ལོ་བརྒྱ་གཉིསཀྱི་འབད་འཐབ་དམིགས་འབེན་ཅི་ཡིན།

ཏང་དབུ་བརྙེས་ཏེ་ལོ་ངོ་བརྒྱ་འཁོར་བའི་སྐབས་སུ་འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་ཡོད་པ་དང་།ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་སུ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་པ་དེ་ཡིན།

43.ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་ཁྱད་ཆོས་དང་ཆེས་ལེགས་པའི་བཟང་ཆ་ནི་ཅི་ཡིན།

ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་ཁྱད་ཆོས་ཡིན་ལ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆེས་ལེགས་པའི་བཟང་ཆའང་ཡིན།

44.ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་འགན་ལེན་གལ་ཆེན་ནི་གང་ཡིན།

ཁྱོན་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་དེ་ཡིན།

45.ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ཁྲོད་དུ་ཏང་གིས་ལས་དོན་ཀུན་ལ་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དགོས་པ་དེ་གསོན་ཉམས་དོད་པའི་ངང་ཇི་ལྟར་ཞིབ་འབྲི་བྱས་ཡོད་དམ།

ཏང་སྲིད་དམག་དམངས་སློབ་གྲྭ་དང་ཤར་ལྷོ་ནུབ་བྱང་བཅས་ཀྱི་ཁྲོད་དུ་ཏང་ནི་ཀུན་ལ་མགོ་ཁྲིད་བྱ་མཁན་ཡིན་ཞེས་བྲིས་ཡོད།

46.ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའིངེས་པར་གསུམཞེས་པ་དེ་གང་དག་ཡིན།

ངེས་པར་དུ་ཀྲུང་གོའི་མི་དམངས་ཀྱི་མགོ་ཐོག་མར་གནོན་པའི་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས།དཔོན་ངན་མ་རྩ་རིང་ལུགས་བཅས་རི་བོ་ཆེན་པོ་གསུམ་མགོ་རྟིང་བསློག་དགོས་ཤིང་།མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ། རྒྱལ་ཁབ་གཅིག་གྱུར། སྤྱི་ཚོགས་བརྟན་ལྷིང་བཅས་ཡོང་བར་བྱ་དགོས་པ་དང་།ངེས་པར་དུ་རང་རྒྱལ་གྱི་དོན་དངོས་དང་མཐུན་པའི་སྔོན་ཐོན་སྤྱི་ཚོགས་ལམ་ལུགས་འཛུགས་དགོས་པ། ངེས་པར་དུ་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པ་དང་མི་དམངས་ཀྱི་འདོད་བློ་དང་མཐུན་ཞིང་།བཅོས་བསྒྱུར་སྒོ་འབྱེད་བྱེད་ཕོད་པ་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཐོག་མཐའ་བར་གསུམ་དུ་དཔའ་ངར་ཆེ་བའི་ངང་མདུན་སྐྱོད་ཀྱི་སྒུལ་ཤུགས་ཆེན་པོ་ལྡན་པར་བྱ་དགོས་པ་བཅས་ཡིན།

47.ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱེད་པའིའཐབ་ཇུས་ཆེན་པོ་བདུན ཞེས་པ་དེ་གང་དག་ཡིན།

ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏང་རྒྱུའི་འཐབ་ཇུས་དང་ཤེས་ལྡན་པར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས།   གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས།རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས། དམག་དམངས་མཉམ་འདྲེས་ཐོག་ནས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བཅས་ཡིན།

48.དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སྤྱིའི་ལས་འགན་གང་ཡིན།

སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཡིན།

49.དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལས་དུས་རབས་གསར་པའི་ནང་ཏང་གི་དམག་དཔུང་སྟོབས་ལྡན་ཡོང་བའི་དམིགས་ཡུལ་གསལ་བོ་བཏོན་པ་དེ་གང་ཡིན།

ཏང་གི་བཀའ་ལ་ཉན་པ་དང་རྒྱལ་ཁའི་དམག་འཁྲུག་བརྒྱག་ཐུབ་པ།སྤྱོད་ཚུལ་བཟང་བའི་མི་དམངས་དམག་དཔུང་ཞིག་འཛུགས་དགོས་པ་དེ་ཡིན།

གོང་མ།:མཚོ་ནུབ་ཀྱིས་བཅོས་བསྒྱུར་གྱི་གྲུབ་འབྲས་གསར་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་སྩལ།

ཞོལ་མ།:མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།(གསུམ་པ)

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235