མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཀྱིས་བཅོས་བསྒྱུར་གྱི་གྲུབ་འབྲས་གསར་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་སྩལ།

ཡོང་ཁུངས།:  སྤེལ་དུས།:2019-11-12  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

 ཁྱོན་ཡོངས་ནས་བཅོས་བསྒྱུར་བསྟུད་མར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱས་ཏེ་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བར་དམིགས།  ད་ལོར། མཚོ་ནུབ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་རྣམ་བཤད་གལ་ཆེན་ཁྲིད་སྟོན་དུ་བཟུང་སྟེ།  གནད་དོན་གྱི་ཁྲིད་སྟོན་ལ་རྒྱུན་འཁྱོངས་དང་བཅོས་བསྒྱུར་གྱི་ནུས་ཤུགས་ཇེ་དྲག་ཏུ་བཏང་ནས་བཅོས་བསྒྱུར་གྱི་གྲུབ་འབྲས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་སུ་བསྒྱུར།  

དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་དེ་བཟོ་ལས་དཔལ་འབྱོར་བརྟན་པོའི་ཁྲོད་མངོན་ཞིང་།མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་བྱ་རྒྱུར་དམ་འཛིན་བྱེད་པ་གཞིར་བཟུང་ནས།བཟོ་ལས་གླིང་ཁུལ་དང་ཁེ་ལས་ཁག་གི་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་སྲ་བརྟན་དང་ཕན་འབྲས་ཆེ་རུ་གཏོང་བ།རིམ་སྤོར་མཐོ་རུ་གཏོང་བ།ཤར་བགྲོད་ཐུབ་པ་བཅས་ཀྱི་ཐོག་ནུས་ཤུགས་གཙོ་གནད་དུ་རྒྱུན་མཐུད་ངང་བྱེད་པ་དང་།ཆུ་གློག་དང་རླངས་འཁོར་སོགས་བཟོ་ལས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།ཁེ་ལས་ཀྱི་མ་གནས་དམའ་རུ་བཏང་ནས། མཉམ་སྡེབ་སྒྲིག་འཛུགསཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། ད་ལོར།  ཁྱོན་བསྡོམས་ཁེ་ལས7ཐད་ཀར་གློག་ཤུགས་ཉོ་ཚོང་ནང་ཞུགས་པ་དང་གློག་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར4.67ལ་བསླེབས།  གློག་རིན་གཟིགས་སྐྱོང་དངུལ་གྲངས་སྒོར་ཁྲི937.7ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཀྲུང་གོ་རྡོ་སྣུམ་དང་མཚོ་བོད་ལྕགས་ལམ་ཀུང་སི་དང་འབྲེལ་མཐུད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ།ལྕགས་ལམ་གྱི་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་ཁྲི1081.95ལོན་ཞིང་།རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་སྟོང3ལྷག་ཙམ་བརྩོན་ལེན་བྱས་ཏེ།ཁེ་ལས་འཕེལ་རྒྱས་གཏོང་རྒྱུར་ཆ་རྐྱེན་བཟང་པོ་བཏོད་པ་དང་།གསར་གཏོད་ཁེ་ལས་དབར་མཉམ་འདྲེས་ཟུང་ཕན་མཉམ་གཉེར་རྣམ་པ་གྲུབ་ཅིང་།ཐོན་ལས་གོང་འོག་སྦྲེལ་བའི་དངུལ་འབོར་སྒོར་དུང་ཕྱུར70ལེགས་གྲུབ་བྱས་ནས་འཁོར་རྒྱུག་དཔལ་འབྱོར་ཐོན་ལས་སྦྲེལ་རྡང་ལ་རྒྱ་སྐྱེད་གཏོང་རྒྱུར་མ་དངུལ་གྱི་འགན་ལེན་མཁོ་འདོན་བྱས་ཡོད།

གཤམ་སྤྲོད་དོ་དམ་ཞབས་ཞུདང་ནོར་ཁྲལ་དངུལ་རྩའི་སྒྲིག་སྲོལ་བཅོས་བསྒྱུརཟབ་མོ་བྱས་ཏེ།གསོན་ཤུགསདེ་བཟོ་ལས་གླིང་ཁུལ་དུ་དྲངས།སྲིད་འཛིན་ཞིབ་བཤེར་མཆན་འགོད་ལམ་ལུགས་བཅོས་བསྒྱུརབྱ་ཐབས་དོན་འཁྱོལ་དང་། ཁྱབ་ཁོངས་ཆེན་པོའི་ནངསྐབས་བསྟུན་གཉིསཀྱི་སྡེ་ཚན་མཉམ་འབྲེལ་ཐོག་ནས་འཐེན་བཤེར་བྱས་པ་དང་།དཔང་ཡིག་ཞེ་གཅིག་ཆིག་སྒྲིལ་ལག་བསྟར་བྱས་ཏེ།སྲིད་དོན་སྒོ་རྩིས་ཚོང་ཁངབསྟུད་མར་བསྐྲུན་ནས།དོན་དམ་གྱིས་ཞབས་ཞུའི་ཁེ་ལས་དང་མང་ཚོགས་ཀྱིམཐའ་མའི་སྤྱི་ལེ་གཅིགཤར་གཏོང་བྱུང།མིག་སྔར།  ཁུལ་སྲིད་འཛིན་ཞབས་ཞུའི་ལྟེ་གནས་ཀྱིས་ཁྱོན་བསྡོམས་ཞབས་ཞུའི་སྒེའུ་ཁུང209བཙུགས་ཤིང་།གཅིག་སྡུད་ཐོག་སྲིད་འཛིན་ཞིབ་བཤེར་མཆན་འགོད་ཀྱི་དོན་ཚན་159བསྒྲུབ་ཆོག་པ་དང་སྤྱི་པའི་ཞབས་ཞུའི་ལས་དོན་ཁག269ཡོད།གཅིག་འཐུས་རྣམ་པའིཞབས་ཞུས་ཁེ་ལས་དང་མང་ཚོགས་ཚོརཡར་མར་ལ་རྒྱུགས་མི་དགོས་པདང་ཞབས་ཞུ་སྒྲུབ་མཁན་སྡེ་ཁག་གི་མང་ཚོགས་ལསེམས་འཁུརམང་ཙམ་བྱས་ཤིང་།མཚོ་ནུབ་ཁུལ་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་བཅོས་བསྒྱུར་ལས་ཀའི་ལག་བསྟར་ཇུས་གཞིབཏོན་པ་དང་།ཇུས་གཞི་འདི་དོན་ཐོག་ཏུ་འཁྱོལ་བར་བྱས་པས། ནོར་སྲིད་ཀྱི་ཁེ་ལས་དང་དམངས་ལ་ཕན་པའི་རང་བྱུང་སོལ་རླངས་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི1633དོན་ཐོག་ཏུ་འཁྱོལ་བར་བྱས་པ་དང་།གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་གི་མ་དངུལ་སྒོར་ཁྲི555.11དོན་ཐོག་ཏུ་འཁྱོལ་བར་བྱས།ཁུལ་རིམ་པའི་སྲིད་གཞུང་གིས་ཡུན་འཕྲིན་སྟེགས་དྲ་སྟེང་སྒོ་རྩིས་ཚོང་ཁང་བཙུགས་ཏེ་ཚོང་འདོན་དུད་ཁྱིམ97ནང་དུ་ཞུགས།ཞབས་ཞུའི་ལས་ཆོད་ཐོན་པ་དང་ཞབས་ཞུའི་གསོན་ཤུགས་མངོན་འགྱུར་བྱུང་བ་རེད།

གོང་མ།:​རང་ཁུལ་གྱི་ས་གནས་གཙོ་བོའི་གཞུང་ལམ་གཉིས་འཛུགས་སྐྲུན་ལེགས་འགྲུབ་བྱུང་།

ཞོལ་མ།:མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།(ལྔ་པ)

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235