མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

​རང་ཁུལ་གྱི་ས་གནས་གཙོ་བོའི་གཞུང་ལམ་གཉིས་འཛུགས་སྐྲུན་ལེགས་འགྲུབ་བྱུང་།

ཡོང་ཁུངས།:  སྤེལ་དུས།:2019-11-14  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཉེ་ལམ།ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡིས་སྒྲིག་འཛུགས་བྱས་ཏེ་ལག་བསྟར་བྱས་པའི་ཚྭ་འདམ་ཆེ་བ་སྲིད་ཨུའི་ཚྭ་འདམ་མཚེའུ་ཆུང་བ་བརྒྱུད་ཅིང་ལུའེ་ལིང་ཧྲན་ནས་ཡུས་ཆ་བར་གྱི་གཞུང་ལམ་དང་།དབུས་ལམ་རྫོང་པི་ལང་ཀི་སྡེ་བ་ནས་སུའུ་ཧན་པའོ་མའོ་ས་ཁུལ་གྱི་ཐའོ་ཧའེ་སྡེ་བའི་བར་གྱི་ས་གནས་གཙོ་བོའི་གཞུང་ལམ2ཀྱི་ལས་གཞི་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཞིང་།ལས་སྐྲུན་འགྲུབ་པའི་སྔོན་གྱི་སྤུས་ཚད་ལ་དཔྱད་ལེན་བྱེད་བཞིན་པའི་སྒང་ཡིན་ལ།  འཆར་གཞི་ལྟར་ན་ཟླ11ཚེས20ཉིན་ལས་སྐྲུན་འགྲུབ་ཅིང་ཞིབ་བཤེར་རྩིས་ལེན་ཐོབ་པ་ཡིན།

དབུས་ལམ་རྫོང་པི་ལང་ཀི་སྡེ་བ་ནས་སུའུ་ཧན་པའོ་མའོ་ས་ཁུལ་གྱི་ཐའོ་ཧའེ་སྡེ་བའི་བར་གྱི་གཞུང་ལམ་འཛུགས་སྐྲུན་གཞི་ཁྱོན་ལ་སྤྱི་ལེ134.97ཟིན་ཞིང་། ཇུས་འགོད་ཚད་གཞི་ནི་རིམ་པ་གསུམ་པའི་གཞུང་ལམ་ཡིན་ལ། ལམ་གྱི་གཞིའི་ཁོད་ལ་སྨི7.5དང་ལམ་ངོས་ཀྱི་ཞེང་ལ་སྨི6.5ཡོད་པ་དང་།ལི་ཆཱང་གི་སྣུམ་ལམ་ཡིན་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར2.74བཏང་བ་ཡིན་ཞིང།2018ལོའི་ཟླ7པར་འཛུགས་སྐྲུན་བྱེད་མགོ་ཚུགས་པ་དང་འཛུགས་སྐྲུན་དུས་ཡུན་ནི་ལོ་ངོ་གཉིས་ཀྱི་རིང་ཡིན།ཚྭ་འདམ་ཆེ་བ་སྲིད་ཨུའི་ཚྭ་འདམ་མཚེའུ་ཆུང་བ་བརྒྱུད་ཅིང་ལུའེ་ལིང་ཧྲན་ནས་ཡུས་ཆ་བར་གྱི་གཞུང་ལམ་འཛུགས་སྐྲུན་གཞི་ཁྱོན་ལ་སྤྱི་ལེ80.77ཟིན་པ་དང་། ཇུས་འགོད་ཚད་གཞི་ནི་རིམ་པ་གསུམ་པའི་གཞུང་ལམ་ཡིན་ལ། ལམ་གྱི་གཞིའི་ཁོད་ལ་སྨི7.5དང་ལམ་ངོས་ཀྱི་ཞེང་ལ་སྨི6.5ཡོད་པ་དང་།ལི་ཆཱང་གི་སྣུམ་ལམ་ཡིན་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར1.47བཏང་བ་ཡིན་ཞིང།2018ལོའི་ཟླ8པར་ལས་འགོ་ཚུགས་པ་དང་འཛུགས་སྐྲུན་དུས་ཡུན་ནི་ལོ་ངོ་གཉིས་ཀྱི་རིང་ཡིན།

གོང་གསལ་གྱི་ས་གནས་གཙོ་བོ་གཉིས་ཀྱི་གཞུང་ལམ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བས།མཚོ་ནུབ་ཁུལ་གྱི་གྲོང་གསེབ་དང་འབྲོག་ཁུལ་གྱི་གཞུང་ལམ་དྲ་བའི་གྲུབ་ཚུལ་སྔར་ལས་ལྷག་པར་ཇེ་ལེགས་སུ་བཏང་ཞིང་།གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལ་ཞབས་ཞུ་དང་དབུལ་ཐར་འགག་སྒྲོལ་བྱེད་པར་འདེགས་སྐྱོར་བྱེད་པ།ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་དང་ཞིང་སྡེའི་ལྗོངས་རྒྱུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན།

གོང་མ།:མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།(དྲུག་པ)

ཞོལ་མ།:མཚོ་ནུབ་ཀྱིས་བཅོས་བསྒྱུར་གྱི་གྲུབ་འབྲས་གསར་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་སྩལ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235