མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།(དྲུག་པ)

ཡོང་ཁུངས།:  སྤེལ་དུས།:2019-11-20  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

50.“སྔར་ལས་ལྷག་པའི་རང་འགུལབྱ་དགོས་པ་ལྔ་ནི་གང་དག་ཡིན།

ཏང་ཡོངས་ཀྱིས་སྔར་ལས་ལྷག་པའི་རང་འགུལ་ངང་ཏང་གི་མགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱ་དགོས་པ་དང་།ཏང་གི་མགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་དག་ཉམས་དམས་སུ་གཏོང་བ་དང་འཁྱོག་བཤད།ཁས་མི་ལེན་པ་བཅས་ཀྱི་བྱ་སྤྱོད་ཐམས་ཅད་ལ་སྔར་ལས་ལྷག་པའི་རང་འགུལ་ངང་ངོ་རྒོལ་མཐའ་གཅིག་ཏུ་བྱ་དགོས་པ།མི་དམངས་ཀྱི་ཁེ་ཕན་ལ་སྔར་ལས་ལྷག་པའི་རང་འགུལ་ངང་ནས་སྲུང་སྐྱོང་བྱ་དགོས་པ། མི་དམངས་ཀྱི་ཁེ་ཕན་ལ་གནོད་པ་དང་མང་ཚོགས་དང་ཁ་བྲལ་བའི་བྱ་སྤྱོད་ཐམས་ཅད་ལ་སྔར་ལས་ལྷག་པའི་རང་འགུལ་ངང་ངོ་རྒོལ་བྱ་དགོས་པ།སྔར་ལས་ལྷག་པའི་རང་འགུལ་ངང་བཅོས་སྒྱུར་དང་གསར་གཏོད་ཀྱི་དུས་རབས་ཀྱི་རླབས་རྒྱུན་ནང་ཞུགས་ཏེ་གཤིན་པོའི་གནོད་པ་རྐྱེན་ངན་ཐམས་ཅད་རྩ་གཏོར་གཏང་དགོས་པ།སྔར་ལས་ལྷག་པའི་རང་འགུལ་ངང་རང་རྒྱལ་གྱི་བདག་དབང་དང་བདེ་འཇགས།འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པ་དང་། མེས་རྒྱལ་ཁ་བྲལ་གཏོང་བ་དང་།མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བརླག་གཏོང་བར་མཐའ་གཅིག་ཏུ་ངོ་རྒོལ་བྱ་དགོས།སྔར་ལས་ལྷག་པའི་རང་འགུལ་ངང་ཉེན་ཁ་གང་རུང་ལ་འགོག་སྲུང་བྱས་ཏེ།  ཆབ་སྲིད་དང་དཔལ་འབྱོར། རིག་གནས།སྤྱི་ཚོགས་སོགས་མངའ་ཁོངས་དང་རང་བྱུང་ཁམས་སུ་བྱུང་བའི་དཀའ་གནད་དང་འགྲན་སློང་ཡོད་ཚད་ལས་ངེས་པར་དུ་རྒྱལ་ཁ་ལོན་དགོས་པ་བཅས་ཡིན།

51.ལོ་གང་ཞིག་ལ་རང་རྒྱལ་གྱི་ད་སྤྱོད་ཚད་གཞི་འོག་གི་གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་དབུལ་ཕོངས་ལས་ཐར་བར་ཁག་ཐེག་ཏན་ཏིག་བྱ་རྒྱུ་དང་།དབུལ་ཕོངས་རྫོང་ཡོངས་ཀྱི་ཞྭ་མོ་ཕུད་ནས་ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་ཀྱི་དབུལ་ཕོངས་ཐག་གཅོད་བྱས་ཏེ་དོན་དམ་གྱིས་དབུལ་ཕོངས་ལས་ཐར་བར་བྱ་རྒྱུ་ཡིན་ནམ།

2020ལོར།

52.འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཡུལ་ནི་ཅི་ཞིག་ཡིན།

དམངས་འཚོའི་འཚོ་བ་ཇེ་ལེགས་སུ་གཏང་དགོས་པ་དེ་ཡིན།

53.ཀྲུང་ཧྭ་མི་རིགས་རྒྱུན་མཐུད་གོང་འཕེལ་གཏོང་བའི་ལོ་སྟོང་གི་ཇུས་ཆེན་ནི་གང་ཞིག་ཡིན།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་དགོས་པ་དེ་ཡིན།

54.གང་ཞིག་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཡིན།

ཞིང་ལས་དང་ཞིང་གྲོང་།ཞིང་པ་བཅས་ཀྱི་གནད་དོན་ཡིན།

55.གྲོང་གསེབ་འཐབ་ཇུས་ལག་བསྟར་གྱི་སྤྱིའི་བླང་བྱ་ནི་ཅི་ཞིག་ཡིན།

ཐོན་ལས་དར་རྒྱས་དང་སྐྱེ་ཁམས་བདེ་སྡོད།ཡུལ་སྲོལ་དཔལ་ཡོན། བཅོས་སྐྱོང་ནུས་ལྡན། འཚོ་བ་ཇེ་ཕྱུག་ཏུ་གཏོང་བ་བཅས་ཡིན།

56.ཁྱོན་ཡོངས་ནས་སྒོ་འབྱེད་ཀྱི་རྣམ་པ་གསར་པའི་ཁྱད་ཆོས་གཙོ་བོ་གང་དག་ཡིན།

སྐམ་ས་དང་མཚོ་མོའི་ཕྱི་ནང་གཉིས་ཕན་ཚུན་མཉམ་འགུལ་དང་ཤར་ནུབ་ཕྱོགས་གཉིས་ཀ་ཕན་ཚུན་རོགས་སྐྱོར་བྱེད་པ་དེ་ཡིན།

57.ལྗང་མདོག་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་བཅའ་ཁྲིམས་ལམ་ལུགས་དང་སྲིད་ཇུས་ཀྱི་ཕྱོགས་སྟོན་གང་མགྱོགས་ངང་བཙུགས་ནས་དཔལ་འབྱོར་མ་ལག་གང་འདྲ་ཞིག་འཐུས་ཚང་དུ་གཟུག་དགོས་སམ།

ལྗང་མདོག་ཐཱན་ཉུང་གི་འཁོར་སྐྱོད་འཕེལ་རྒྱས་འཛུགས་རྒྱུ་དེ་ཡིན།

58.སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས་པའི་བྱེད་ཐབས་ཅི་ཞིག་ཡོད།

དམིགས་བསལ་གྱིས་གྲོན་ཆུང་དང་དམིགས་བསལ་གྱིས་སྲུང་སྐྱོང་།རང་བྱུང་སླར་གསོ་བཅས་གཙོ་ཡིན་པའི་བྱེད་ཐབས་དེ་ཡིན།

59.ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ཁྲོད་དུ་ཐོན་ཁུངས་གྲོན་ཆུང་དང་སྐྱེ་ཁམས་སྲུང་སྐྱོང་ལ་རྒྱུན་འཁྱོངས་བྱེད་པའི་རྒྱབ་ཁབ་ཀྱི་གཞི་རྩའི་སྲིད་ཇུས་བཏོན་ཡོད་པ་དང་།དེ་ལས་བསྟན་དོན།ཚེ་སྲོག་ལ་གཅེས་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་འཛིན་བྱེད་པར་ངེས་པར་དུ་མདུན་མ་ཅི་ལྟ་བུ་ཞིག་ཆགས་པར་འཇུག་པ་དང་ལག་ལེན་བྱ་དགོས་སམ།  

ཆུ་བོ་གཙང་ཞིང་རི་བོར་ལྗང་མདོག་ལྡན་པ་ནི་གསེར་རི་དངུལ་རི་ཡིན་པར་བཤད་པ་དེ་ཡིན།

གོང་མ།:མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་(བརྒྱད་པ)

ཞོལ་མ།:​རང་ཁུལ་གྱི་ས་གནས་གཙོ་བོའི་གཞུང་ལམ་གཉིས་འཛུགས་སྐྲུན་ལེགས་འགྲུབ་བྱུང་།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235