མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་(བརྒྱད་པ)

ཡོང་ཁུངས།:  སྤེལ་དུས།:2019-11-29  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

མཚོ་ནུབ་ཁུལ་གྱིཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་

ཤེས་དགོས་པའི་ཤེས་བྱ།(བརྒྱད་པ)

70. མདེལ་གཉིས་སྐར་གཅིགགི་སྙིང་སྟོབས་ཀྱི་གོ་དོན་ཅི་ཞིག་ཡིན།

མེས་རྒྱལ་ལ་དགའ་ཞིང་ཞེན་པ་དང་སྒེར་སེམས་མེད་པར་བྱས་རྗེས་འཇོག་པ། རང་སྟོབས་རང་བསྐྱེད།དཀའ་སྤྱད་འབད་བརྩོན་བཅས་བྱས་ཏེ་མཐུན་སྦྱོར་ལེགས་པོ་དང་མདུན་སྐྱོད་ཕོད་པ་བཅས་ཡིན།

71.མཚོ་སྔོན་གསར་པའི་སྙིང་སྟོབསནི་ཅི་ཞིག་ཡིན།

མཐོ་འགྲིམ་རྒྱང་ལྟ་དང་ཡིད་རྟོན་སྒོ་འབྱེད། མཐུན་སྒྲིལ་སྐྱེས་འབུལ། འབད་བརྩོན་ལྷོད་མེད་བཅས་ཡིན།  

72.མཚོ་བོད་མཐོ་སྒང་གི་དམིགས་བསལ་གྱི་སྙིང་སྟོབས་ལྔ་ནི་གང་དག་ཡིན།

དམིགས་བསལ་དུ་དཀའ་སྡུག་མྱང་ཐུབ་པ་དང་དམིགས་བསལ་དུ་འཐབ་འཛིང་བྱེད་ཐུབ་པ། དམིགས་བསལ་དུ་བཟོད་བསྲན་བྱེད་ཐུབ་པ།དམིགས་བསལ་དུ་མཐུན་སྒྲིལ་བྱེད་པ། དམིགས་བསལ་དུ་བྱས་རྗེས་འཇོག་ཐུབ་པ་བཅས་ཡིན།

73. དུས་རབས་གསར་པའི་ཚྭ་འདམ་གཞོང་གི་སྙིང་སྟོབས་ནི་ཅི་ཞིག་ཡིན།

དཀའ་སྤྱད་ལས་གཏོད་དང་མཐུན་སྒྲིལ་སྐྱེས་འབུལ། ཡིད་རྟོན་རང་བསྐྱེད། སྒོ་དབྱེ་ཁོངས་འཇུགགཞན་གྱི་སྔོན་ལ་བྱེད་ཕོད་པ་བཅས་ཡིན།

74.དུས་རབས་གསར་པའི་མཚོ་ནུབ་ཀྱི་སྙིང་སྟོབས་ནི་ཅི་ཞིག་ཡིན།

གསར་གཏོད་ཕུལ་དུ་བྱུང་བ་དང་ཁོངས་འཇུག་དཀྱེལ་ཡངས།དངོས་དོན་གཉེར་བ། འགན་འཁྲི་འཁུར་ཕོད་པ།དྲིན་ལན་འཇལ་པ་བཅས་ཡིན།

75. “ལམ་གཉིསཀྱི་སྙིང་སྟོབས་ཞེས་པ་དེ་གང་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་བྱས་ཏེ་ལོ་འཁོར60ལོན་པའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དུ་བསྟན་དོན།ལོ་ངོ60རིང་ལ།གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་གཅིག་ནས་དཀའ་ངལ་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པ།སྙིང་རུས་ཆེན་པོའི་འབད་བརྩོན་སྒོས་ལག་རྡོ་ལྟ་བུ་བྱེད་ཕོད་པ། དམག་དམངས་ཁྱིམ་གཅིག་དང་མི་རིགས་མཐུན་སྒྲིལ་གྱིལམ་གཉིསཀྱི་སྙིང་སྟོབས་གྲུབ་སྟེ་དར་སྤེལ་བྱས་ཡོད་པ་དེ་ཡིན།

གཉིསཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་ཁྲིམས་སྐོར་གྱི་ཤེས་བྱ།

76.ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(དག་བཅོས་འཆར་ཟིན)ནམ་ཞིག་ལ་གྲོས་འཆམ་བྱུང་བ་རེད།

2017ལོའི་ཟླ10པའི་ཚེས24ཉིན་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེངཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(དག་བཅོས་འཆར་ཟིན)གྲོས་ཆོད་ལ་མོས་མཐུན་བྱུང་།

77.  ཀྲུང་གོ་གུང་ཁྲན་ཏང་གི་དམིགས་ཡུལ་ནི་ཅི་ཞིག་ཡིན།

བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དེ་ཡིན།

78. ཀྲུང་གོ་གུང་ཁྲན་ཏང་གི་ངོ་བོ་ནི་ཅི་ཞིག་ཡིན།

ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོ་བཟོ་པའི་གྲལ་རིམ་གྱི་གདོང་ལེན་རུ་ཁག་ཡིན་པའི་དུས་མཚུངས་སུ།ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་ཀྱང་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་མགོ་ཁྲིད་ཀྱི་སྲོག་ཤིང་ཡང་ཡིན།ཀྲུང་གོའི་སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བའི་བླང་བྱའི་མཚོན་བྱེད་ཡིན་པ་དང་ཀྲུང་གོའི་སྔོན་ཐོན་རིག་གནས་གོང་དུ་སྤེལ་བའི་ཁ་ཕྱོགས་མཚོན་བྱེད།རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་བྱེད་བཅས་ཡིན།

79. ཀྲུང་གོ་གུང་ཁྲན་ཏང་གི་སློབ་སྟོན་བསམ་བློ་ནི་ཅི་ཞིག་ཡིན།

མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས།མཚོན་བྱེད་གསུམགྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་རང་ཉིད་ཀྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་འཛིན་པ་དེ་ཡིན།

80.  ཏང་གི་ཆེས་མཐོ་བའི་ཕུགས་བསམ་དང་མཐར་ཐུག་གི་དམིགས་ཡུལ་ནི་ཅི་ཞིག་ཡིན།    

གུང་ཁྲན་རིང་ལུགས་མངོན་འགྱུར་བྱེད་པ་དེ་ཡིན།

གོང་མ།:མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཤེས་བྱ།(དགུ་པ)

ཞོལ་མ།:མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།(དྲུག་པ)

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235