མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཤེས་བྱ།(དགུ་པ)

ཡོང་ཁུངས།:  སྤེལ་དུས།:2019-11-29  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

81. ཏང་གི་ཆེས་མཐོ་བའི་མགོ་ཁྲིད་ལས་ཁུངས་ནི་གང་ཡིན།

ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་དེ་ལས་བདམས་ཐོན་བྱུང་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཡིན།

82.ཏང་ནང་དུ་ཞུགས་པའི་དམ་ཚིག་ཅི་ཞིག་ཡིན།

ང་རང་མོས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་ནང་དུ་ཞུགས་ཏེ་ཏང་གི་རྩ་འཛིན་ལ་བརྩི་བཀུར་དང་།ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་། ཏང་ཡོན་གྱི་འོས་འགན་སྒྲུབ་པ།ཏང་གི་ཆོད་དོན་ལག་བསྟར། ཏང་གི་སྒྲིག་ཁྲིམས་ནན་སྲུང་། ཏང་གི་གསང་་དམ་སྲུང་། ཏང་ལ་བློ་དཀར་བ།ཧུར་ཐག་གིས་ལས་དོན་སྒྲུབ་པ་བཅས་བྱས་ནས་གུང་ཁྲན་རིང་ལུགས་ཀྱི་དོན་དུ་ཚེ་གང་ལ་འབད་འཐབ་བྱེད་པ་དང་།དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་དོན་དུ་རང་ཉིད་ཀྱི་ཡོད་དགུ་བློས་གཏོང་རྒྱུའི་གྲ་སྒྲིག་བྱེད་ཅིང་།དུས་ནམ་ཡང་ཏང་ལ་ངོ་ལོག་མི་བྱེད་པ་དེ་ཡིན།

83.ཏང་ཡོན་གྱིས་འོས་འགན་གང་དག་ལག་ཏུ་བསྟར་དགོས་སམ།

(གཅིག)ནན་ཏན་གྱིས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས།མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ལ་སློབ་སྦྱོང་དང་།ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས། གྲོས་ཆོད་བཅས་ལ་སློབ་སྦྱོང་། ཏང་གི་གཞི་རྩའི་ཤེས་བྱར་སློབ་སྦྱོང་།ཚན་རིག་དང་རིག་གནས། བཅའ་ཁྲིམས། ལས་སྒོའི་ཤེས་བྱ་བཅས་ལ་སློབ་སྦྱོང་བཅས་བྱས་ཏེ། མི་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེར་བསྐྱེད་དགོས།(གཉིས)ཏང་གི་གཞི་རྩའི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དག་ལག་ལེན་མཐར་ཕྱིན་དང་།བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་དུ་ཞུགས་དགོས་ཤིང་།མང་ཚོགས་ལ་སྐུལ་ཁྲིད་བྱས་ནས་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཡར་ཐོན་ཡོང་ཕྱིར་དཀའ་སྤྱད་འབད་བརྩོན་བྱས་ནས་ཐོན་སྐྱེད་དང་སློབ་སྦྱོང་།སྤྱི་ཚོགས་ཀྱི་འཚོ་བ་བཅས་ཀྱི་ནང་དུ་གདོང་ལེན་དང་དཔེ་བཟང་གི་ནུས་པ་འདོན་དགོས། (གསུམ)ཏང་དང་མི་དམངས་ཀྱི་ཁེ་ཕན་ལྷག་པར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་དཀའ་བ་སྔོན་ལ་སྤྱད་ནས་བདེ་བ་རྗེས་སུ་མྱོང་དགོས་ཤིང་།སྒེར་དོན་སྤངས་ནས་གཞུང་དོན་སྒྲུབ་པའི་བྱས་རྗེས་གང་མང་འཇོག་དགོས།(བཞི)ཏང་གི་སྒྲིག་ཁྲིམས་རང་རྟོགས་ཀྱིས་བརྩི་སྲུང་བྱ་དགོས་པ་དང་། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་སྲུང་བ།རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མིག་དཔེ་ལྡན་པར་སྲུང་བ། ཏང་དང་རྒྱལ་ཁབ་ཀྱི་གསང་བ་དམ་སྲུང་།ཏང་གི་ཆོད་དོན་ལག་བསྟར་དང་།རྩ་འཛུགས་ཀྱི་བསྐོ་མངག་དང་ལེན། ཧུར་བརྩོན་ཆེན་པོས་ཏང་གི་ལས་འགན་ལེགས་འགྲུབ་བཅས་བྱ་དགོས།(ལྔ)ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་སྲུང་སྐྱོང་དང་། ཏང་ལ་བློ་དཀར་དྲང་བདེན་དང་ཁ་ཞེ་གཉིས་མེད་ཀྱིས་ཕྱོགས་ཁག་གི་རྩ་འཛུགས་དང་ཚོགས་པ་ཆུང་ངུའི་བྱེད་སྒོ་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ།མངོན་བརྩི་ལྐོག་འགལ་གྱི་གཡོ་སྒྱུའི་སྤྱོད་ཚུལ་དང་ལྐོག་གཡོ་ངན་ཇུས་མཐའ་དག་ལ་ངོ་རྒོལ་བྱ་དགོས།(དྲུག)སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཏན་ཏིག་བྱས་ནས་ཏང་གི་རྩ་དོན་དང་འགལ་བའི་གཏམ་སྤྱོད་དང་བྱ་བའི་ནང་གི་སྐྱོན་དང་ནོར་འཁྲུལ་ཐེར་འདོན་དང་ཡོ་བསྲང་བྱེད་ཕོད་པ་དང་།  སྒྱིད་ལུག་དང་རུལ་སུངས་སུ་འགྱུར་བའི་སྣང་ཚུལ་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱ་དགོས།(བདུན)མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱས་ནས་མང་ཚོགས་ལ་ཏང་གི་འདོད་ཚུལ་དྲིལ་སྒྲོག་དང་།  དོན་དག་བྱུང་ཚེ་མང་ཚོགས་དང་གོ་བསྡུར་བྱས་ཐོག  མང་ཚོགས་ཀྱི་བསམ་འཆར་དང་རེ་འདུན་དུས་ཐོག་ཏུ་ཏང་ལ་སྙན་སེང་ཞུ་བ།མང་ཚོགས་ཀྱི་ལུགས་མཐུན་ཁེ་ཕན་ལ་སྲུང་སྐྱོང་བཅས་བྱ་དགོས། (བརྒྱད)སྤྱི་ཚོགས་རིང་ལུགས་ཀྱི་གོམས་སྲོལ་གསར་པ་དར་སྤེལ་དང་།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་གཟི་ཁྲེལ་ལྟ་བ་སྣེ་ཁྲིད་སྒོས་ལག་བསྟར།གུང་ཁྲན་རིང་ལུགས་ཀྱི་ཀུན་སྤྱོད་དར་སྤེལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་བཅས་བྱེད་པ་དང་།རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱ་ཆེད།དཀའ་ངལ་དང་ཉེན་ཁ་ཡོད་ཚད་ཀྱི་སྐབས་སུ་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་བསྐྱོད་དེ། དཔའ་མཛངས་རྟུལ་ཕོད་ཀྱིས་འཐབ་རྩོད་དང་རང་སྲོག་བློས་གཏོང་བར་མི་སྐྲག་པ་བཅས་བྱ་དགོས་པ་དེ་ཡིན།

84.ཏང་ཡོན་ལ་ཁེ་དབང་གང་དག་ཡོད་དམ།

  (གཅིག)ཏང་གི་འབྲེལ་ཡོད་གྲོས་ཚོགས་སུ་ཞུགས་པ་དང་། ཏང་གི་འབྲེལ་ཡོད་ཡིག་ཆ་ཀློག་པ། ཏང་གི་སློབ་གསོ་དང་གསོ་སྦྱོང་དང་ལེན་བཅས་བྱེད་པ།(གཉིས)ཏང་གི་གྲོས་ཚོགས་ཐོག་དང་ཏང་གི་དུས་དེབ་ཐོག་ཏང་གི་སྲིད་ཇུས་ཀྱི་གནད་དོན་སྐོར་གྲོས་བསྡུར་བྱེད་པར་ཞུགས་པ།(གསུམ)ཏང་གི་བྱ་བར་གྲོས་གཞི་དང་གྲོས་འགོ་འདོན་པ། (བཞི)ཏང་གི་གྲོས་ཚོགས་ཐོག་ཏང་གི་རྩ་འཛུགས་དང་ཏང་ཡོན་ལ་གཞི་འཛིན་ས་ཡོད་པའི་སྒོ་ནས་སྐྱོན་བརྗོད་བྱས་ཆོག་པ་དང་།ཏང་ལ་འགན་ཁུར་བའི་སྒོ་ནས་ཏང་གི་རྩ་འཛུགས་དང་ཏང་ཡོན་གྱི་ཁྲིམས་འགལ་ལུགས་དཀྲུག་གི་དོན་དངོས་ཐེར་འདོན་བྱས་ཆོག་པ་དང་འབྲེལ།ཁྲིམས་འགལ་ལུགས་དཀྲུག་བྱེད་མཁན་ཏང་ཡོན་ལ་ཆད་པ་གཅོད་རྒྱུའི་བླང་བྱ་བཏོན་ཆོག་པ་དང་།  ལས་བྱེད་པའི་གོ་གནས་ལེན་པའམ་བརྗེ་འཐེན་བྱ་རྒྱུའི་བླང་བྱའང་བཏོན་ཆོག  (ལྔ)བརྡས་ཐག་གཅོད་པའི་དབང་ཆ་དང་འདེམ་བྱེད་ཀྱི་དབང་ཆ་སྤྱད་ཆོག་ལ་གདམ་བྱའི་དབང་ཆའང་ཡོད།(དྲུག)ཏང་གི་རྩ་འཛུགས་ཀྱིས་ཏང་ཡོན་ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུའི་གྲོས་ཐག་གཅོད་པའམ་སྐྱོན་ཡོན་གསལ་འབྱེད་བྱེད་སྐབས།  ཏང་ཡོན་གཞན་དག་གིས་དེར་བདེན་དཔང་བྱས་ཆོག་པ་དང་དག་སེལ་བྱས་ཆོག  (བདུན)ཏང་གི་གྲོས་ཆོད་དང་སྲིད་ཇུས་ལ་བསམ་འཆར་མི་མཐུན་པ་ཡོད་ན། སྔོན་འགྲོའི་ཆ་རྐྱེན་འོག་རང་སོར་འཇོག་རྒྱུའི་གསལ་བསྒྲགས་བྱས་ཆོག་པར་མ་ཟད།ཏང་གི་གོང་རིམ་རྩ་འཛུགས་ནས་ཀྲུང་དབྱང་བར་ལ་རང་ཉིད་ཀྱི་བསམ་འཆར་བཏོན་ཆོག (བརྒྱད)ཏང་གི་གོང་རིམ་རྩ་འཛུགས་ནས་ཀྲུང་དབྱང་བར་ལ་རེ་ཞུ་དང་། ཞུ་གཏུག་གྱོད་གཏུག་བཅས་བྱས་ཆོག་པར་མ་ཟད།འབྲེལ་ཡོད་རྩ་འཛུགས་ལ་འགན་ཁུར་བའི་སྒོ་ནས་དྲིས་ལན་འདེབས་དགོས་པའི་བླང་བྱའང་བཏོན་ཆོག

85.ད་ལྟའི་གནས་བབས་སུ། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་གང་ཡིན།

མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་པ་དང་འཕེལ་རྒྱས་དོ་མི་མཉམ་པ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བ་ཡིན།

གོང་མ།:མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།(བཅུ་པ)

ཞོལ་མ།:མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་(བརྒྱད་པ)

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235