མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།(བཅུ་པ)

ཡོང་ཁུངས།:  སྤེལ་དུས།:2019-12-03  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

86.ཏང་གི་འཛུགས་སྐྱོང་ལ་གཞི་རྩའི་བླང་བྱ་གང་དག་མཐའ་གཅིག་ཏུ་མངོན་འགྱུར་བྱ་དགོས།

དང་པོ།ཏང་གི་གཞི་རྩའི་ལམ་ཕྱོགས་ལ་རྒྱུན་འཁྱོངས་བྱ་དགོས་པ།  གཉིས་པ།བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་བསྐྱོད།བདེན་འཚོལ་དོན་གཉེར་བཅས་ལ་རྒྱུན་འཁྱོངས་བྱ་དགོས་པ།  གསུམ་པ།བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་ཞུ་སྒྲུབ་པ་རྒྱུན་འཁྱོངས་བྱ་དགོས་པ།  བཞི་པ།དམངས་གཙོའི་གཅིག་སྡུད་ལམ་ལུགས་ལ་རྒྱུན་འཁྱོངས་བྱ་དགོས་པ། ལྔ་པ།གཟབ་ནན་གྱིས་ཏང་དོ་དམ་དང་བདག་སྐྱོང་བྱ་དགོས་པ་བཅས་ཡིན།

87.ཏང་གི་མང་ཚོགས་ལམ་ཕྱོགས་ནི་ཅི་ཞིག་ཡིན།

ཡོད་ཚད་མང་ཚོགས་ཀྱི་ཆེད་དུ་དང་ཡོད་ཚད་མང་ཚོགས་ལ་བརྟེན་དགོས་ཤིང་།མང་ཚོགས་ཁྲོད་དུ་ཡོང་བ་དང་མང་ཚོགས་ཁྲོད་དུ་སོང་ནས། ཏང་གི་འདོད་ཚུལ་ཡང་དག་རྣམས་མང་ཚོགས་ཀྱི་རང་རྟོགས་འགུལ་སྤྱོད་དུ་འགྱུར་དགོས་པ་དེ་ཡིན།

88.ཏང་གི་བསམ་བློའི་ལམ་ཕྱོགས་ནི་ཅི་ཞིག་ཡིན།

བྱ་བ་གང་ཞིག་བྱེད་ན་དོན་དངོས་གཞིར་འཛིན་པ་དང་གཞུང་ལུགས་དོན་དངོས་དང་ཟུང་དུ་སྦྲེལ་བ།  དངོས་ཐོག་བདེན་འཚོལ་བྱས་ནས། ལག་ལེན་ཁྲོད་དུ་བདེན་དོན་ལ་ཞིབ་དཔྱད་དང་བདེན་དོན་འཕེལ་རྒྱས་གཏོང་བ་དེ་ཡིན།

89. ཏང་གི་གཞི་རྩའི་རྩ་དོན་བཞི་ནི་གང་དག་ཡིན།

སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་དང་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་རྒྱུན་འཁྱོངས།ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས། མར་ཁེ་སི་དང་ལེ་ཉིན་རིང་ལུགས་དང་།མའོ་ཙེ་ཏུང་གི་དགོངས་པར་རྒྱུན་འཁྱོངས་བཅས་བྱེད་པའི་གཞི་རྩའི་རྩ་དོན་བཞི་ནི་ང་ཚོས་རྒྱལ་ཁབ་འཛུགས་སྐྱོང་གི་རྩ་བ་ཡིན།

90.ཏང་གི་ལོ་རྒྱུས་ཀྱི་ལས་འགན་གཙོ་བོ་གསུམ་ནི་གང་ཡིན།

དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་དང་མེས་རྒྱལ་གཅིག་གྱུར་ལེགས་འགྲུབ་བྱེད་པ།འཛམ་གླིང་ཞི་བདེ་ལ་སྲུང་སྐྱོང་དང་ཐུན་མོང་དུ་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བྱ་དགོས་པ་བཅས་ཡིན།

91.ཏང་གི་འཛུགས་སྐྱོང་ཆེན་པོ་དྲུག་ནི་གང་ཡིན།

ཁྱོན་ཡོངས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་བསམ་བློ་འཛུགས་སྐྱོང་།རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་།སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་སྐུལ་འདེད་གཏོང་བ་དང་།ལམ་ལུགས་འཛུགས་སྐྱོང་དེའི་ནང་དུ་ཡོངས་སུ་ཁྱབ་པར་བྱེད་རྒྱུ་དེ་ཡིན།

92.བརྩི་སྲུང་བཞི་ནི་གང་དག་ཡིན།

ཏང་ཡོན་སྒེར་གྱིས་ཏང་གི་རྩ་འཛུགས་ལ་བརྩི་སྲུང་དང་།འགའ་ཤས་ཀྱིས་མང་ཤོས་ལ་བརྩི་སྲུང་། འོག་རིམ་རྩ་འཛུགས་ཀྱིས་གོང་རིམ་རྩ་འཛུགས་ལ་བརྩི་སྲུང་།ཏང་ཡོངས་ཀྱི་རྩ་འཛུགས་སོ་སོ་དང་ཏང་ཡོན་ཡོངས་ཀྱིས་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་བརྩི་སྲུང་བྱ་དགོས་པ་བཅས་ཡིན།

93.དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ནི་ཅི་ཞིག་ཡིན།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་དང་།རྩ་འཛུགས་ཀྱི་མ་ལག་འཛུགས་སྐྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ་ལྷག་བསམ་རྣམ་དག་དང་སྤྱོད་པ་གཙང་བ།འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པ་གསོ་སྐྱོང་བྱེད་པ་དང་།རྒྱལ་གཅེས་ལེགས་འབུལ་གྱི་ཕྱོགས་གང་ཅིའི་ཐད་ཀྱི་ཕུལ་བྱུང་མི་སྣ་བསྡུ་རུབ་བྱེད་པ་བཅས་ལ་ཤུགས་བརྒྱག་དགོས་ཤིང་། སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་དང་པོ་ཡིན་པ།  སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་གཞག་བྱེད་པ་བཅས་ལ་རྒྱུན་འཁྱོངས་བྱ་དགོས།  ཏང་གིས་ཁྱོན་ཡོངས་ནས་མགོ་ཁྲིད་ལ་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་པ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཆེད་དུ་འགྱུར་མེད་སྟོབས་ལྡན་གྱི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱ་དགོས་པ་དེ་ཡིན།

94.ཅི་ཞིག་ལཚོགས་གསུམ་སློབ་ཁྲིད་གཅིགགི་ལམ་ལུགས་ཟེར།

ཚོགས་གསུམཞེས་པ་ནི་དུས་བཀག་ནང་དུ་ཀྲི་པུའུ་ཏང་ཡོན་ཚོགས་ཆེན་དང་ཏང་ཀྲི་པུའུ་ཨུ་ཡོན་ཚོགས་འདུ།ཏང་གི་ཚན་ཆུང་ཚོགས་འདུ་འཚོགས་པ་བཅས་ཡིན།  སློབ་ཁྲིད་གཅིགཅེས་པ་ནི་དུས་ལྟར་ཏང་གི་སློབ་ཁྲིད་ལེགས་པོ་ཞིག་བྱེད་པ་དེ་ཡིན།

95. ཏང་ནང་གི་ཆབ་སྲིད་འཚོ་བའིརང་བཞིན་བཞིནི་ཅི་ཞིག་ཡིན།

ཆབ་སྲིད་རང་བཞིན་དང་དུས་རབས་རང་བཞིན།  རྩ་དོན་རང་བཞིན།  འཐབ་འཛིང་རང་བཞིན་བཅས་ཡིན།    མུ་འགོད།

གོང་མ།:​མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།(བཅུ་གཅིག)

ཞོལ་མ།:མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཤེས་བྱ།(དགུ་པ)

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235