མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

​མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།(བཅུ་གཅིག)

ཡོང་ཁུངས།:  སྤེལ་དུས།:2019-12-05  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

96.ཀྲུང་གོ་གུང་ཁྲན་ཏང་གི་ཆེས་མངོན་བསལ་གྱི་གཤིས་རྒྱུད་ནི་གང་ཡིན།

རང་ཉིད་ལ་གསར་རྗེས་བྱེད་ཕོད་པ།གཟབ་ནན་གྱིས་ཏང་ལ་དོ་དམ་དང་བཅོས་སྐྱོང་བྱེད་པ་དེ་ཡིན།

97.ཏང་གིརང་བདག་བཞིཡི་ནུས་པ་ནི་གང་དག་ཡིན།

རང་ངོས་དྭངས་གཙང་དང་རང་ངོས་འཐུས་ཚང་།རང་ངོས་གསར་བཅོས། རང་ངོས་མཐོ་རུ་གཏོང་བ་བཅས་ཡིན།

98.ཏང་གིསྒྲིག་ཁྲིམས་ཆེན་པོ་དྲུགནི་གང་དག་ཡིན།

ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས།སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། བྱ་བའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ཡིན།

99.སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་ནི་གང་ཡིན།

འབྱོར་ཕྱུག་དང་དམངས་གཙོ།དཔལ་ཡོན། འཆམ་མཐུན། རང་དབང་། འདྲ་མཉམ། དྲང་གཞག ཁྲིམས་སྐྱོང་། རྒྱལ་གཅེས་དང་།ལས་བརྩོན། ཡིད་རྟོན། མཛའ་མཐུན་བཅས་ཡིན།

100.ཚད་མཐུན་ཏང་ཡོན་གྱི་ཚད་གཞི་སྟེདོ་སྣང་བཞི་དང་ལྡན་པ་བཞིཞེས་པ་ནི་གང་དག་ཡིན།

ཆབ་སྲིད་ལ་དོ་སྣང་དང་ཡིད་ཆེས་ལྡན་པ།སྒྲིག་སྲོལ་ལ་དོ་སྣང་དང་སྒྲིག་ཁྲིམས་ལྡན་པ། ཀུན་སྤྱོད་ལ་དོ་སྣང་དང་སྤྱོད་ལམ་ལྡན་པ། བློས་གཏོང་ལ་དོ་སྣང་དང་བྱས་རྗེས་ལྡན་པ་བཅས་ཡིན།

101. ཏང་ཡོན་གྱིཚད་མཐུན་བཞིཞེས་པ་གང་དག་ཡིན།

ཆབ་སྲིད་ཚད་མཐུན་དང་སྒྲིག་ཁྲིམས་ལག་བསྟར་ཚད་མཐུན།ཀུན་སྤྱོད་ཚད་མཐུན། ནུས་པ་འདོན་སྤེལ་བྱེད་པའི་ཚད་མཐུན་བཅས་ཡིན།

102. ཅི་ཞིག་ནི་དམངས་གཙོ་གཅིག་སྡུད་ཀྱི་ལམ་ལུགས་ཡིན།

དམངས་གཙོ་གཅིག་སྡུད་ལམ་ལུགས་ནི་དམངས་གཙོའི་རྨང་གཞིའི་ཐོག་གི་གཅིག་སྡུད་དང་གཅིག་སྡུད་ཀྱིས་སློབ་སྟོན་བྱེད་པའི་འོག་གི་དམངས་གཙོ་ཟུང་དུ་སྦྲེལ་བ་ཞིག་ཡིན་ཞིང་།ཏང་གི་རྩ་བར་གྱུར་པའི་རྩ་འཛུགས་ཀྱི་རྩ་དོན་ཡིན་ལ། ཏང་གི་འཚོ་བའི་ཁྲོད་དུ་མང་ཚོགས་ཀྱི་ལམ་ཕྱོགས་དངོས་སུ་བེད་སྤྱོད་པ་དེའང་ཡིན།

103. ཏང་ཡོན་ལས་བྱེད་པསསྲུང་སྐྱོང་གཉིསཇི་ལྟར་བྱེད་ཐུབ་བམ།

ཏང་ཡོན་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ།ལོ་རྒྱུས་དང་དོན་དངོས། གཞུང་ལུགས་དང་ལག་བསྟར།རྒྱལ་ནང་དང་རྒྱལ་སྤྱི་བཅས་ཀྱི་ཟུང་འབྲེལ་ཐོག་ནས་ངོས་འཛིན་གཏིང་ཟབ་དང་མོས་མཐུན་ཤུགས་ཆེར་གཏང་དགོས་ཤིང་། སྲོག་ཤིང་ལ་བརྩི་བཀུར་དང་སྲོག་ཤིང་གི་རྗེས་སུ་འབྲང་བ།སྲོག་ཤིང་སྲུང་བ་བཅས་ཀྱི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་བཅས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས།ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོ་གཅིག་གྱུར་བྱེད་པར་རྒྱུན་འཁྱོངས་བྱས་ཏེ།ཏང་ཀྲུང་དབྱང་གིས་དར་སྤེལ་གཏོང་བ་མཐའ་གཅིག་ཏུ་དང་དུ་ལེན་པ་དང་།ཏང་ཀྲུང་དབྱང་གིས་ཐག་བཅད་པ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གིས་གཏན་འགོག་བགྱིས་པ་མཐའ་གཅིག་ཏུ་མི་བྱེད་པ་བཅས་བྱ་དགོས་པ་དེ་ཡིན།

104. ཏང་ཡོན་ལ་སྒྲིག་ཁྲིམས་ཐོག་གི་ཆད་པ་གཅོད་པའི་རིགས་གང་དག་ཡོད།

(གཅིག) ཐ་ཚིག་སྒྲོག་པ།(གཉིས) གཟབ་ནན་གྱིས་ཐ་ཚིག་སྒྲོག་པ།(གསུམ) ཏང་ནང་གི་གོ་གནས་ཕྱིར་འཐེན་བྱེད་པ།(བཞི) ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པ། (ལྔ) ཏང་གི་ནང་ནས་ཕྱིར་འཕུད་པ།

གོང་མ།:ཀྲང་ཀོང་རུང་གིས་བསྟན་དོན་དམངས་འཐུས་ཚོགས་ཆེན་ལམ་ལུགས་ལ་ཡིད་ཆེས་བརྟན་པོ་བྱས་ཏེ་དམངས་འཐུས་ཚོགས་ཆེན་གྱི་ལས་དོན་གསར་གཏོད་ལ་སྐུལ་འདེད་གཏང་དགོས་ཟེར།

ཞོལ་མ།:མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།(བཅུ་པ)

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235