མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཀྲང་ཀོང་རུང་གིས་བསྟན་དོན་དམངས་འཐུས་ཚོགས་ཆེན་ལམ་ལུགས་ལ་ཡིད་ཆེས་བརྟན་པོ་བྱས་ཏེ་དམངས་འཐུས་ཚོགས་ཆེན་གྱི་ལས་དོན་གསར་གཏོད་ལ་སྐུལ་འདེད་གཏང་དགོས་ཟེར།

ཡོང་ཁུངས།:མཚོ་ནུབ་གསར་འགྱུར་དྲ་བ།  སྤེལ་དུས།:2019-12-11  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

       ཟླ12པའི་ཚེས4ཉིན་ནས་ཚེས5ཉིན།  ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་རུ་ཕྱིན་ཏེ།ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པར་རྟོག་ཞིབ་གནང་བ་དང་།དེ་མིན་གཞི་རིམ་དམངས་འཐུས་ཚོགས་ཆེན་གྱི་ལས་དོན་དང་འཛུགས་སྐྱོང་གི་གནས་ཚུལ་ལ་ཡང་རྟོག་ཞིབ་གནང་བར་མ་ཟད།དམངས་འཐུས་ཚོགས་ཆེན་ཀྱི་འཐུས་མི་དང་དམངས་འཐུས་ཚོགས་ཆེན་སྡེ་ཁག་གི་ལས་བྱེད་པ་རྣམས་ལ་འཚམས་འདྲི་བྱས།

     ཀྲང་ཀོང་རུང་གིས་བསྟན་དོན། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ནི་ཏང་གིས་མགོ་ཁྲིད་དང་།མི་དམངས་ཀྱིས་རང་ཁྱིམ་རང་བདག  ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཕན་ཚུན་མཐུན་སྦྱོར་ངང་གཅིག་གྱུར་གྱི་གཞི་རྩའི་ལམ་ལུགས་བཀོད་སྒྲིག་ཅིག་ཡིན་པ་དང་།རྒྱལ་ཁབ་ཀྱི་བདག་སྐྱོང་མ་ལག་དང་བདག་སྐྱོང་གི་ནུས་པ་འདེགས་པའི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཀྱང་རེད།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་ནི།དམངས་འཐུས་ཚོགས་ཆེན་གྱི་རིམ་པ་སོ་སོའི་ལས་བྱེད་པས་དངོས་གནསའདུ་ཤེས་བཞིལ་ཤུགས་སྣོན་རྒྱག་པ་དང་།ཡིད་ཆེས་བཞིབརྟན་པོ་ཡིན་པ།སྲུང་སྐྱོང་གཉིསབྱེད་པ། ལྷག་པར་དུ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ལ་ཡིད་ཆེས་བརྟན་པོ་ཡོད་ཅིང་།དུས་རབས་གསར་པའི་དམངས་འཐུས་ཚོགས་ཆེན་ལས་དོན་གྱི་གནས་བབ་གསར་བ་དང་ལས་འགན་གསར་བ།བླང་བྱ་གསར་བ་བཅས་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་། གནས་བབ་ཡང་དག་འཚོལ་བ་དང་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ།ཧུར་ཐག་གིས་དམངས་འཐུས་ཚོགས་ཆེན་ལམ་ལུགས་སྔར་ལས་ཕན་ནུས་ལྡན་པའི་མངོན་འགྱུར་བྱེད་སྟངས་འཚོལ་ཞིབ་བྱས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ལ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་དོན་གལ་ཆེན་དེ་ཞིབ་ཕྲ་ཅན་དང་ལག་ལེན་ཅན།མཚོ་སྔོན་ཅན་དུ་གཏོང་བར་སྐུལ་འདེད་གཏང་དགོས།  ལྟེ་གནས་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པར་རྒྱུན་འཁྱོངས་བྱས་ཏེ།ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དམ་པོར་འབྲངས་བ་དང་། ལྔ་བཞི་ཐབས་ཇུསདངསྔོན་ཐོབ་གཅིག་དང་སྤུས་ལེགས་གཉིསལག་ལེན་བྱེད་པའི་ཁྲོད་དུ་སྔར་ལས་ལྷག་པའི་སྒོ་ནས་དམངས་འཐུས་ཚོགས་ཆེན་གྱི་ནུས་བ་འདོན་སྤེལ་བྱ་དགོས།འཐུས་མིའི་བྱ་བ་དམ་འཛིན་ལེགས་པོ་བྱེད་པ་འབུར་དུ་ཐོན་དགོས་ལ།   འཐུས་མིའི་བྱེད་སྒོའི་གཞི་རྟེན་དང་བྱེད་སྟངས་གསར་གཏོད་བྱས་ནས།འཐུས་མིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ལས་འགན་སྒྲུབ་པའི་སེམས་ཤུགས་སློང་བར་འབད་བརྩོན་བྱས་ཏེ།རིམ་པ་སོ་སོའི་དམངས་ཆེན་འཐུས་མི་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ནསམི་དམངས་ཀྱིས་ང་འདེམས་ནས་འཐུས་མི་བྱེད་དུ་བཅུག་པ་དང་།  ང་འཐུས་མིར་བསྡད་ནས་མི་དམངས་ལ་ཞབས་ཞུ་བསྒྲུབཅེས་པ་ཞིག་དངོས་ནས་བྱེད་ཐུབ་དགོས།

     རྟོག་ཞིབ་སྐབས་སུ།ཀྲང་ཀོང་རུང་ད་དུང་མཚོ་སྔོན་འཕེལ་རྒྱས་དངུལ་གཏོང་བུལ་ཏོག་ལས་རིགས་ཚད་ཡོད་ཀུང་སི་དང་མཚོ་ནུབ་ཧྭ་ཧུའེ་རྫས་འགྱུར་བཟོ་ལས་འཕྲུལ་ཆས་ཚད་ཡོད་ཀུང་སི་རུ་སོང་ནས་ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་བྱས།

གོང་མ།:མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།(བཅུ་གཉིས།)

ཞོལ་མ།:​མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།(བཅུ་གཅིག)

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235