མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།(བཅུ་གཉིས།)

ཡོང་ཁུངས།:  སྤེལ་དུས།:2019-12-11  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

གསུམཞིང་ཆེན་གྱི་གནས་ཚུལ་དང་རང་ཁུལ་གྱི་གནས་ཚུལ་སྐོར་གྱི་ཤེས་བྱ།

105.མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་འཕེལ་རྒྱས་གཏོང་བའི་སྤྱིའི་དམིགས་འབེན་ཅི་ཞིག་ཡིན།

སྤྱིའི་དམིགས་འབེན་ནིདུས་མཉམ་གཅིགམངོན་འགྱུར་དང་།  ཧུར་ཐག་གིསས་ཁུལ་གསུམདངམཐོ་ས་གཅིགའཛུགས་སྐྲུན་བྱེད་པ་བཅས་ཡིན།དུས་མཉམ་གཅིགཅེས་པ་ནི2020ལོར་སླེབ་སྐབས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་འགན་ལེན་བྱེད་པ་དེ་ཡིན།   ས་ཁུལ་གསུམཞེས་པ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་སྲུང་བསྐྲུན་ནས་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པ་དང་།མགྱོགས་མྱུར་ངང་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་ནས་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པ།དམངས་འཚོ་བཅོས་སྐྱོང་འབུར་དུ་ཐོན་པ་དང་དམངས་སེམས་གཅིག་ཏུ་བསྒྲིལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཁུལ་འཛུགས་སྐྲུན་བྱེད་པ་བཅས་ཡིན།མཐོ་ས་གཅིགཅེས་པ་ནི་ཏང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་སྟེ་མཚོ་སྔོན་སྙིང་སྟོབས་ཀྱི་མཐོ་ས་བཞེངས་པ་དེ་ཡིན།

106. “སྔོན་ཐོབ་གཅིག་དང་སྤུས་མཐོ་གཉིསཞེས་པ་དེ་གང་ཡིན།
   
  ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོགཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོང་སྔོན་ཐོབ་ཡིན་པར་རྒྱུན་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་པའི་སྐོར་གྱི་བསམ་འཆར་འགའགྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་།སྐྱེ་ཁམས་སྲུང་སྐྱོང་སྔོན་ཐོབ་ཡིན་པར་རྒྱུན་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་པའིསྔོན་ཐོབ་གཅིག་དང་སྤུས་མཐོ་གཉིསཀྱི་འཐབ་ཇུས་བཀོད་སྒྲིག་བྱས་པ་དེ་ཡིན།

107.ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཏོན་པའི་འཐབ་ཇུས་བདུན་ཞེས་པ་གང་དག་ཡོད།
     ལྗང་མདོག་ཐོན་ལས་དང་གྲོང་ཁྱེར་དང་གྲོང་རྡལ་ལ་སྐུལ་ཁྲིད་བྱེད་པ།གྲོང་གསེབ་དར་སྤེལ་གཏོང་བ། སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བ། འཇོན་མི་ལ་མ་དངུལ་འཇོག་པ།དམངས་འཚོ་བདེ་སྐྱིད་ལྡན་པ། གསར་གཏོད་ཀྱིས་འདེགས་སྐྱོར་བྱེད་པ་བཅས་ཡིན།  

108.མཚོ་སྔོན་གྱི་འདུ་ཤེས་ནི་གང་ཡིན།

མཚོ་སྔོན་གྱི་འདུ་ཤེས་ནི་ཡིད་ཆེས་དང་སྒོ་འབྱེད། གསར་སྐྲུན་བཅས་ཀྱི་འདུ་ཤེས་ཡོད་དགོས་པ་དེ་ཡིན།

109.“ཏན་ཏན་ཏིག་ཏིག་བཞིཞེས་པའི་ནང་དོན་གཙོ་བོ་གང་ཡིན།

2016ལོའི་ཟླ8པའི་ཚེས22ཉིན་ནས་ཚེས24ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབསཏན་ཏན་ཏིག་ཏིག་གིས་དཔལ་འབྱོར་བསྟུད་མར་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་།ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ།ཏན་ཏན་ཏིག་ཏིག་གིས་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ།ཏན་ཏན་ཏིག་ཏིག་གིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏང་དགོསཞེས་པའི་བླང་བྱ་གལ་ཆེན་བཏོན་པ་དེ་ཡིན།  

གོང་མ།:དྲིལ་སྒྲོག་རླངས་འཁོར་གཞི་རིམ་དུ་བསྐྱོད་དེ་ཏང་གི་སྲིད་ཇུས་ལེགས་པོ་དམངས་ལ་བསྒྲགས་པ།

ཞོལ་མ།:ཀྲང་ཀོང་རུང་གིས་བསྟན་དོན་དམངས་འཐུས་ཚོགས་ཆེན་ལམ་ལུགས་ལ་ཡིད་ཆེས་བརྟན་པོ་བྱས་ཏེ་དམངས་འཐུས་ཚོགས་ཆེན་གྱི་ལས་དོན་གསར་གཏོད་ལ་སྐུལ་འདེད་གཏང་དགོས་ཟེར།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235