མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

དྲིལ་སྒྲོག་རླངས་འཁོར་གཞི་རིམ་དུ་བསྐྱོད་དེ་ཏང་གི་སྲིད་ཇུས་ལེགས་པོ་དམངས་ལ་བསྒྲགས་པ།

ཡོང་ཁུངས།:  སྤེལ་དུས།:2019-12-25  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

    ཉེ་ཆར། དྲིལ་སྒྲོག་རླངས་འཁོར་དགུན་ཟླའི་རྟགས་ཚྭ་འདམ་ཆེ་བ་སྲིད་ཨུ་རུ་བསྐྱོད་དེ། གཞུང་ལུགས་དང་རིག་རྩལ་མཉམ་འདུས་སོགས་མང་ཚོགས་གསན་གཟིགས་ཀྱི་དགའ་མོས་དང་སྦྲགས་ནས།ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཏིང་ཟབ་པའི་སྒོ་ནས་དྲིལ་བསྒྲགས་བྱས་ཏེ།ཏང་གི་སྲིད་ཇུས་ལེགས་པོ་དམངས་ལ་བསྒྲགས།

   བྱ་འགུལ་ཁྲོད་དུ།མཚོ་སྔོན་གྱི་རྒྱའི་ལ་གཞས་ཁེར་ལེནརྩ་ཁྲིམས་ཀྱི་དགོངས་པ་དར་སྤེལ་གཏོངཞེས་པ་དང་མཚོ་སྔོན་རྒྱའི་ཡུལ་སྐད་ཀྱི་གར་ཆུངརྒྱན་གྱིས་མི་གསོད་པར་བྱེདསོགས་ཡིད་དབང་འགུགས་པའི་ལྟད་མོ་སྣ་ཚོགས་བསྟན་ཞིང་།  དྲིལ་སྒྲོག་གི་ཐབས་ལམ་སྣ་མང་ལ་བརྟེན་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཏིང་ཟབ་པའི་སྒོ་ནས་དྲིལ་བསྒྲགས་བྱས་ཤིང་།མང་ཚོགས་ཀྱིས་ཏང་གི་གཞུང་ལུགས་དང་སྲིད་ཇུས་བྱེད་ཐབས་ལ་ཉན་ན་འདོད་པ་དང་གོ་བ་ལོན་ཐུབ་པ།ཡིད་ལ་འཛིན་ཐུབ་པར་བཅུག་ནས། དོན་དམ་པའི་ཏང་གི་སྲིད་ཇུས་ཡག་པོ་འབངས་མི་སེར་ཀུན་གྱི་སེམས་སུ་འཇགས་ཐུབ་པ་བྱུང་།

མཚོ་ནུབ་ཁུལ་ཨུའི་འཆད་འཁྲིད་ཚོགས་པའི་ཐང་ཧྲིན་ལུའོ་ཡིས་བཤད་པ་ལྟར་ན།  ཐེངས་འདིའི་དྲིལ་སྒྲོག་ཁྲོད་དུ་བཤད་པ་དང་ལེན་པ།  འཁྲབ་པ་བཅས་ཟུང་དུ་སྦྲེལ་ཞིང་།  ལེ་ཚན་རེ་རེའི་བར་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་དྲི་བ་བཏོན་ནས་མང་ཚོགས་རྣམས་སྤྲོ་བའི་ཁྲོད་ནས་དགོངས་དོན་སློབ་ཏུ་བཅུག་པས།དྲིལ་སྒྲོག་གི་སྐུལ་སློང་དང་ཡིད་འགུགས་ནུས་པ་ཇེ་དྲག་ཏུ་བཏང་བ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་རྣམས་སྔར་བས་ཏང་དང་མེས་རྒྱལ་ལ་དགའ་ཞིང་དུངས་པའི་ཆོད་སེམས་ཇེ་བརྟན་དུ་བཏང་།    

གོང་མ།:རང་ཁུལ་གྱིས་ཐོན་རྫས་གཉིས་དང་འཕྲུལ་ཆས་གཅིག་གི་བདེ་འཇགས་ལ་འགན་ལེན་བྱས།

ཞོལ་མ།:མཚོ་ནུབ་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ།(བཅུ་གཉིས།)

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235