མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

རང་ཁུལ་གྱིས་ཐོན་རྫས་གཉིས་དང་འཕྲུལ་ཆས་གཅིག་གི་བདེ་འཇགས་ལ་འགན་ལེན་བྱས།

ཡོང་ཁུངས།:  སྤེལ་དུས།:2019-12-27  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

       ཉེ་ཆར།ཁུལ་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་གཏེར་ལེན་ཁ་ས་ཁུལ་གྱིཐོན་རྫས་གཉིས་དང་འཕྲུལ་ཆས་གཅིགགི་ཁྱབ་ཁོངས་ཀྱི་ནག་འཇོམས་ངན་སེལ་ཁ་ཆད་གྲོས་མོལ་ཚོགས་འདུ་བསྡུས་ཤིང།རང་ཁུལ་གྱི་སྨན་རྫས་འཕྲུལ་ཆས80ལྷག་ཙམ་གྱི་གཉེར་སྐྱོང་བཀོལ་སྤྱོད་སྡེ་ཚན་དང་མཛེས་འཆོས་བྱུག་རྫས་གཉེར་སྐྱོང་སྡེ་ཚན་གྱི་འགན་འཁུར་བའི་བར་དུ་སྤུས་ཚད་བདེ་འཇགས་འགན་འཁྲིའི་ཡི་གེ་བཀོད་པར་མ་ཟད།ནག་འཇོམས་ངན་སེལ་གྱི་ཤེས་བྱའི་དྲི་བར་ལན་འདེབས་སུ་ཆུག

ཁ་ཆད་གྲོས་མོལ་ཚོགས་འདུའི་ཐོག་མིག་སྔའི་མཚོ་ནུབ་ས་ཁུལ་གྱི་སྨན་རྫས་དང་སྨན་བཅོས་འཕྲུལ་ཆས།མཛེས་འཆོས་བྱུག་རྫས་བཅས་ཀྱི་ཁྲོམ་རའི་གནས་བབ་ཁྱབ་བསྒྲགས་བྱས་ཤིང།གནད་དོན་ལ་དམིགས་ནས་དག་ཐེར་བྱ་དགོས་པའི་བླང་བྱ་བཏོན་ཞིང་དག་ཐེར་དུས་བཅད་བཞག་པའི་དུས་མཚུངས་སུ།བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེན་པོ་དང་བཅོས་སྐྱོང་ཆེན་པོ་བྱེད་པའི་ལས་ཀ་བཀོད་སྒྲིག་མཛད།ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་།ཐོན་རྫས་གཉིས་དང་འཕྲུལ་ཆས་གཅིགགི་གཙོ་ཕུང་འགན་འཁྲི་ལག་བསྟར་ཡག་པོ་བྱས་ཏེ།ཏན་ཏིག་གིས་ལས་རིགས་དོ་དམ་གྱི་ཆུ་ཚད་མཐོ་རུ་བཏང་སྟེ།སྨན་རྫས་བདེ་འཇགས་བརྟན་སྲུང་དང་སྨན་རྫས་ཀྱི་སྤུས་ཚད་ཡར་འདེགས་ལ་བརྩོན་དགོས།

ཚོགས་ཞུགས་ལས་ཁུངས་ཀྱི་འཐུས་མིས་གཏམ་བཤད་སྤེལ་སྐབས།རང་འགུལ་ངང་རང་བཤེར་རང་བཅོས་བྱེད་པ་དང་གནད་དོན་མཐོང་ཚེ་དུས་ཐོག་ཏུ་ཁྱོན་ཡོངས་ནས་དག་ཐེར་བཅོས་སྒྲིག་བྱེད་པ།གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ།ཁྲིམས་འགལ་ལུགས་འགལ་གྱི་གཉེར་སྐྱོང་བྱེད་པའི་རིགས་གཏན་འགོག་བཅས་བྱས་ཏེ།ཁུལ་ཡོངས་ཀྱི་མི་དམངས་ཀྱིས་སྨན་རྫས་དང་སྨན་བཅོས་འཕྲུལ་ཆས།མཛེས་འཆོས་བྱུག་རྫས་བདེ་འཇགས་ངང་བེད་སྤྱོད་ཐུབ་པར་ཁག་ཐེག་བྱ་དགོས་པའི་འདུན་པ་བསྟན།

གོང་མ།:ཝང་ཅན་ཅུན་གྱིས་འབྲི་ཆུའི་མགོ་ཁུངས་སྡེ་བའི་སྡེ་དམངས་ཡོངས་ལ་མཚམས་འདྲི་བྱས།

ཞོལ་མ།:དྲིལ་སྒྲོག་རླངས་འཁོར་གཞི་རིམ་དུ་བསྐྱོད་དེ་ཏང་གི་སྲིད་ཇུས་ལེགས་པོ་དམངས་ལ་བསྒྲགས་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235