མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཝང་ཅན་ཅུན་གྱིས་འབྲི་ཆུའི་མགོ་ཁུངས་སྡེ་བའི་སྡེ་དམངས་ཡོངས་ལ་མཚམས་འདྲི་བྱས།

ཡོང་ཁུངས།:  སྤེལ་དུས།:2020-01-14  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

     2016ལོའི་ཟླ8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས།སྔོན་ཆེད་དུ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་གྱི་འབྲི་ཆུའི་མགོ་ཁུངས་སྡེ་བར་ཕེབས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་གནས་སྤོས་ཡུལ་མི་མང་ཚོགས་ལ་མཚམས་འདྲི་བྱས་ཤིང་།ཁྱེད་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་ད་དུང་ཡུན་རིང་བོར་ཡོདཅེས་སྨོན་ཚིག་ཕུལ། ལོ་ངོ་གསུམ་གྱི་རིང་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་ཐེངས་མང་པོར་འབྲི་ཆུའི་མགོ་ཁུངས་སྡེ་བར་ཕེབས་ཏེ།སྡེ་མི་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ནན་མོ་རྗེས་སུ་དྲན་པར་བྱས་ཤིང་།ཡུལ་བབ་དང་བསྟུན་ནསམི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་སྲུང་སྐྱོང་།གཞི་རྒྱུ་གསར་བརྗེའི་རྒྱུན་འཛིན།གྲོང་གསེབ་དར་སྤེལ་གཏོང་བབཅས་ཀྱི་སྤུས་རྟགས་བཏོད་ཡོད།

ལུགས་རྙིང་ལོ་སར་གྱི་སྔོན་ལ།ཝང་ཅན་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་སེམས་ཟབ་མོ་བཅངས་ནས་སླར་ཡང་འབྲི་ཆུའི་མགོ་ཁུངས་སྡེ་བར་ཕེབས་པ་རེད།ཡངས་ཤིང་ཁོད་སྙོམས་པའི་གཞུང་ལམ་དང་། གྲལ་སྟར་སྒྲིག་པའི་ཉི་ནུས་ལམ་སྒྲོན་དང་། གཙང་ཞིང་གྲལ་འགྲིག་པའི་གྲོང་མིའི་བྱེད་སྒོའི་ཐང་ཆེན།མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་མིའི་སྡོད་ཁང་བསྟར་སྒྲིག་བཅས་གང་སར་མཐོང་རྒྱུ་ཡོད་པའིགུང་ཁྲན་ཏང་བཟང་། སྤྱི་ཁྱབ་ཧྲུའུ་ཅི་བཟང་།ཏང་གི་བཀའ་ལ་ཉན། ཏང་གི་རྗེས་སུ་འབྲངབཅས་ཀྱི་དྲིན་ཚོར་སྦྱར་ཡིག་རེད།ཁྱིམ་ཚང་ཚང་མའི་སྒོའི་སྟེང་དུ་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་གྱིས་མི་རྣམས་ལ་འབྲི་ཆུའི་མགོ་ཁུངས་སྡེ་བ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པའི་བདེ་སྐྱིད་ལྡན་པའི་འཚོ་བ་མངོན་པ་དང་།འབྲི་ཆུའི་མགོ་ཁུངས་སྡེ་བའི་སྡེ་མི་ཡོངས་ཀྱིས་གུང་ཁྲན་ཏང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་མཚོན་པར་བྱས་ཡོད།

ཝང་ཅན་ཅུན་གྱིས་འབྲི་ཆུའི་མགོ་ཁུངས་སྡེ་བར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་གྲོང་ཚོ་དང་།རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་སྡེ་བ། ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་སྡེ་བ་བཅས་བསྐྲུན་ཟིན་པ་དང་།ཞིང་ཆེན་རིམ་པའི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ས་ཚིགས་སུ་བདམས་པསགཞི་རྩ་གསུམའཛུགས་སྐྲུན་གྱི་སྔོན་ཐོན་མཉམ་སྡེབ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པར་རྒྱུས་ལོན་བྱུང་རྗེས།ཁོང་གིས་དགའ་ཚོར་ཆེན་པོའི་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཁྱེད་ཚོར་ཐུགས་ཁྲལ་གནང་བ་དང་ཚང་མའི་ཐོན་སྐྱེད་དང་།འཚོ་བ། བྱ་བ། སློབ་སྦྱོང་བཅས་ལ་ཐུགས་ཁུར་གནང་གི་ཡོད།ང་ད་ཐེངས་ཡོང་དོན་ནི་གྲོང་མི་ཡོངས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་སེམས་ཟབ་མོའི་འཚམས་འདྲི་བརྒྱུད་ཞུ་བྱ་རྒྱུ་དེ་ཡིན།ད་ལོ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའིཏན་ཏིག་བཞིའིབླང་བྱ་གལ་ཆེན་གཞིར་བཟུང་སྟེ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ། མཐུན་སྒྲིལ་གཅིག་སྒྲིལ།ཐུན་མོང་འབད་འཐབ་བཅས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འབྲི་ཆུའི་མགོ་ཁུངས་སྡེ་བ་འཛུགས་སྐྲུན་བྱ་དགོས་ཞེས་བསྟན་པ་རེད།

ནོར་བུ་ཚེ་རིང་གི་ཁྱིམ་དུ་ཝང་ཅན་ཅུན་གྱིས་སྡེ་མི་ཚོ་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་མགོ་ཁུངས་སྡེ་བར་གཟིགས་ཞིབ་གནང་བའི་བདེ་སྐྱིད་ལྡན་པའི་དུས་སྐབས་བསྐྱར་དྲན་བྱས་པས་ཚང་མར་སེམས་འགུལ་ཚད་མེད་ཐེབས།ནོར་བུ་ཚེ་རིང་གི་ཨ་མ་གཡུ་སྒྲོན་ནི་ཏང་ལོ35ཡོད་པའི་ལོ78ལ་སླེབས་པའི་རྒན་མོ་ཞིག་རེད།ཁོང་མོས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་ཉིན་དེར་ང་ཡུལ་དངོས་ནས་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཛུམ་མདངས་དང་མི་སེམས་འགུལ་བའི་སྐད་ཆ་དེ་ད་ལྟའང་ངའི་སེམས་སུ་བཅངས་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ང་ཚོའི་གཉེན་ཉེ་ལྟ་བུ་ཡིན་པས་ང་ཚོས་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ནས་འཚོ་བ་ཡག་པོ་སྐྱེལ་དགོས་ཟེར།ཚང་མའི་སེམས་འགུལ་ཐེབས་བཞིན་དུ་ཝང་ཅན་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འབྲི་ཆུའི་མགོ་ཁུངས་སྡེ་བར་རྟོག་ཞིབ་གནང་བར་ཕེབས་པ།དེ་ནི་འབྲི་ཆུའི་མགོ་ཁུངས་སྡེ་བའི་སྡེ་མི་ཡོངས་ཚུད་པའི་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དམིགས་བསལ་གྱི་ཐུགས་ཁུར་གནང་བ་ཞིག་རེད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་གནང་རྗེས་ཐོག་མཐའ་བར་གསུམ་དུ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད།ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཆང་ནས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་དྲིན་དང་།ནམ་ཡང་གུང་ཁྲན་ཏང་གི་དྲིན་ཚོར་བ། ནམ་ཡང་གུང་ཁྲན་ཏང་གི་བཀའ་ལ་ཉན་པ། ནམ་ཡང་གུང་ཁྲན་ཏང་གི་རྗེས་སུ་འབྲང་བ།རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་དགོས་ཟེར།

གོང་མ།: ཁུལ་ཡོངས་ཀྱི་ཐོག་མའི་འདུན་མ་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སྤྱི་བསྡོམས་ཚོགས་ཆེན་བསྡུས།

ཞོལ་མ།:རང་ཁུལ་གྱིས་ཐོན་རྫས་གཉིས་དང་འཕྲུལ་ཆས་གཅིག་གི་བདེ་འཇགས་ལ་འགན་ལེན་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235