མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཁུལ་ཡོངས་ཀྱི་ཐོག་མའི་འདུན་མ་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སྤྱི་བསྡོམས་ཚོགས་ཆེན་བསྡུས།

ཡོང་ཁུངས།:  སྤེལ་དུས།:2020-01-14  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

      ཉེ་ཆར། རང་ཁུལ་གྱིས་ཐོག་མའི་འདུན་མ་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཞེས་པའི་བརྗོད་དོན་སློབ་གསོའི་སྤྱི་བསྡོམས་ཚོགས་ཆེན་བསྡུས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོག་མའི་འདུན་མ་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཞེས་པའི་བརྗོད་དོན་སློབ་གསོའི་མཆན་འགོད་མཛུབ་སྟོན་གལ་ཆེན་ལག་ལེན་དོན་འཁྱོལ་བྱས་ཏེ། ནན་ཏན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོའི་སྤྱིའི་སྤྱི་སྡོམ་ཚོགས་ཆེན་གྱི་དགོངས་དོན་དངོས་འབེབ་བྱས་ཏེ།ཁུལ་ཡོངས་ཀྱི་ཐོག་མའི་འདུན་མ་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ཕན་འབྲས་ལ་སྤྱི་སྡོམ་དབྱེ་ཞིབ་དང་།ཡུན་རིང་གི་རྐྱེན་སྲོལ་འཛུགས་སྐྲུན་བྱེད་པའི་བྱ་བར་བཀོད་སྒྲིག་བྱས།

      ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་བུན་གོ་ཏུང་དང་། ཞིང་ཆེན་ཏང་ཨུའི་སྐོར་ཐེངས་གསུམ་པའི་མཛུབ་སྟོན་ཚན་ཆུང་གི་ཚན་གཙོ་ཀི་ཕེ་ཅུན་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད་གནང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་མིན་ཧེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

    བུན་གོ་ཏུང་གིས་བསྟན་དོན། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ཐོག་མའི་འདུན་མ་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་ལྟར།ཞི་ཅིན་ཕིང་གི་དུས་རབས་གསརབ་བའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་ལག་ལེན་དང་།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱར་དངོས་འབེབ་དོན་འཁྱོལ།ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཛུབ་སྟོན་དང་།རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་དུས་ཐོག་ཏུ་སློབ་སྦྱོང་ལག་ལེན་བྱས་ཤིང་། ཐེངས་འདིའི་བརྗོད་དོན་སློབ་གསོ་འདིའི་རིམ་པ་གཅིག་མཇུག་རྫོགས་ནའང་།སྤྱི་བསྡོམས་བྱེད་པའི་དུས་རིམ་ལྷོད་གཡེང་བྱེད་མི་རུང་ལ།  ནམ་ཡང་མགོ་རྩོམ་ས་གསར་བ་ཞིག་ཏུ་བརྩི་དགོས།ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར།སྔར་ལས་ནུས་ཤུགས་ཡོད་པའི་སྒོ་ནས་བརྗོད་དོན་སློབ་གསོའི་ཕན་འབྲས་སྲ་བརྟན་དུ་གཏོང་དགོས་ཤིང་།ཐོག་མའི་འདུན་མ་དང་འགན་འཁྲི་དེ་དུས་དང་མཉམ་བསྐྱོད།  གསར་སྐྲུན་གསར་སྤེལ་གྱི་སྙིང་སྟོབས་དང་།ཡར་རྒྱས་བརྩོན་ལེན་བྱེད་པའི་སྒུལ་ཤུགས་སུ་བརྩིས་ནས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་ལ་མཚོ་ནུབ་ཀྱི་ཐོག་མའི་འདུན་མ་མི་བརྗེད་པའི་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་གྲུབ་འབྲས་བཟང་བོ་ཞིག་སྤྲོད་དགོས།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་སྟེང་ཐོག་མའི་འདུན་མ་ལག་བསྟར་བྱས་ཏེ།བྱ་བའི་དམིགས་ཚད་ཇེ་མཐོར་བཏང་སྟེ། གནད་སའི་འགན་འཁུར་གྱི་དམིགས་འབེན་ཅན་དང་།ཞིབ་ཕྲ་ཅན། འགན་འཁྲི་ཅན་དུ་བྱས་ཏེ།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་མཚོ་ནུབ་ནས་དངོས་འབེབས་དོན་འཁྱོལ་ཐུབ་པར་ཁག་ཐེག་བྱེད་དགོས།  མཚོ་ནུབ་ཀྱི་མ་འོངས་པའི་འཕེལ་རྒྱས་ཁྲོད་ཀྱི་ཐོག་མའི་འདུན་མ་ལག་བསྟར་བྱེད་པར་ཇུས་འགོད་བཟང་བོ་བྱེད་ཆེད།ཐབས་ཇུས་ཀྱི་འགན་ནུས་གཙོ་བོ་དང་ཆབ་སྲིད་ཀྱི་གོ་སྐབས་གཙོ་བོ་དམ་འཛིན་བྱས་ནས།རང་རྟོགས་སྒོས་ལས་གཞི་ཆེན་པོ་བཀོད་སྒྲིག་དང་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བ་ཇུས་འགོད་ལེགས་པོ་བྱས་ཏེ།ཚྭ་འདམ་གཞོང་གི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས། མི་དམངས་ནི་བྱ་བའི་དཀྱིལ་སྙིང་དུ་བཟུང་ནས་འཕེལ་རྒྱས་ཀྱི་འདུ་ཤེས་སྟེང་ཐོག་མའི་འདུན་མ་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཟུང་སྟེ།ཚད་མཐོ་བའི་ཇུས་འགོད་དང་ཚད་མཐོ་བའི་སྐུལ་འདེད། ཚད་མཐོ་བའི་དངོས་འབེབ་བྱས་ཏེ།མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་བཟོ་སྐྲུན་དང་དོན་བཟང་བསྒྲུབ་དགོས་པ་བསྟན།

ཀི་ཕེ་ཅུན་གྱིས་ནན་གྱིས་བསྟན།བརྗོད་དོན་བྱ་འགུལ་སྤེལ་བ་ནས་བཟུང་། མཚོ་ནུབ་ཁུལ་ཨུའི་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་ཞིང་།བསམ་བློ་གོ་རྟོགས་མཐོ་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལྟར།ཞིང་ཆེན་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་འོག བརྗོད་དོན་སློབ་གསོ་དེ་ཆབ་སྲིད་ཀྱི་འགན་ནུས་ཤིག་ཏུ་བརྩིས་ནས། མགོ་ཁྲིད་ལ་ཤུགས་སྣོན་དང་།སེམས་ཞིབ་མོས་བཀོད་སྒྲིག ནན་ཏན་སྒོས་སྐུལ་འདེད་བྱས་པས་ཕན་འབྲས་མངོན་གསལ་བླངས་ཡོད་པ་བསྟན་ལ།  ཁོས་མཚོ་ནུབ་ཀྱིས་ཡང་འབད་བསྐྱར་འབད་བྱས་ཏེ།བརྗོད་དོན་སློབ་གསོ་ཕན་འབྲས་སྲ་བརྟན་བྱེད་དགོས་པ་མ་ཟད།ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་ཏེ།ཐོག་མའི་འདུན་མ་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས།རང་འགུལ་སྒོས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོན་པོ་ཞིག་གིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་འདུ་ཤེས་བཞི་ལ་ཤུགས་སྣོན་དང་།རང་རྟོགས་བཞི་བརྟན་བརླིང་། སྲུང་སྐྱོབ་གཉིས་ཕུ་ཐག་ཆོད་པ་བྱས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཞིང་ཆེན་ཏང་ཨུའི་ས་གནས་རང་དང་ཁྱབ་ཁོངས་ཀྱི་བྱ་བའི་གསུངས་བཤད་རབ་དང་རིམ་པ་དང་ཆོག་མཆན་གལ་ཆེན་གྱི་དགོངས་དོན་དངོས་འབེབ་དོན་འཁྱོལ་བྱས་ཏེ།ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལ་ཕན་འབྲས་འབྱུང་བར་ཁག་ཐེག་བྱེད་དགོས་པ་བསྟན།

      མིན་ཧེ་ཡིས་ནན་གྱིས་བསྟན་དོན།ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱི་སྤྱི་ཁྱབ་ཞི་ཅིན་ཕིང་གི་ཐོག་མའི་འདུན་མ་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་རྒྱས་བཤད་རབ་དང་རིམ་པའི་སྐོར་ལ་སློབ་སྦྱོང་དང་དོན་འཁྱོལ་དངོས་འབེབ་བྱས་ཏེ།ཆབ་སྲིད་ཀྱི་གོ་རྟོགས་དང་རང་རྟོགས་ཀྱི་གོ་རྟོགས་ཇེ་མཐོར་བཏང་སྟེ།  དམངས་འཚི་ཡི་དོན་དག་ཆེ་མ་ཆུང་གསུམ་དང་།ཁེ་ལས་ཀྱི་འཕེལ་རྒྱས་ཆེན་པོ། གཞི་རིམ་གྱི་བཅོས་སྐྱོང་ཁྲོད་ཀྱི་གནད་དོན་བཅས་ལེགས་པོར་བཟུང་ནས་ཀྲུང་དབྱང་དང་ཞིང་ཆེན།ཁུལ་ཨུའི་ཐབས་ཇུས་ལག་ལེན་དོན་འཁྱོལ་བྱེད་དགོས་པ་བསྟན།

གྲོས་ཚོགས་ཀྱི་སྔོན་ལ།མཚོ་ནུབ་ཏང་འཛུགས་ཀྱི་སྤྱི་སྟེགས་སྟེང༼མཚོ་ནུབ་ཁུལ་གྱི་བརྗོད་དོན་སློབ་གསོ་རྒྱུགས་ཤོག༽དང་༼མཚོ་ནུབ་ཁུལ་གྱི་བརྗོད་དོན་སློབ་གསོའི་བྱ་བའི་སྤྱི་བསྡོམས༽ཆེད་བཀོད་བྱས།གྲོས་ཚོགས་སྟེང་།ཏང་ཡོན་མང་ཚོགས་རྩ་འཛུགས་བྱས་ཏེ་ཐོག་མའི་འདུན་མ་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཞེས་པའི་བརྗོད་དོན་སློབ་གསོའི་བྱ་འགུལ་སྤེལ་བའི་གནས་ཚུལ་བློ་ཡིད་ཚིམ་མིན་གྱི་སྐོར་ནས་དཔྱད་འཇོག་བྱས།

གོང་མ།:རང་ཁུལ་གྱི་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ལ་ཞུགས་པའི་འཐུས་མི་དང་ཨུ་ཡོན་རྣམ་པས་སྲིད་གཞུང་གི་ལས་དོན་སྙན་ཞུར་གྲོས་བསྡུར་ནན་མོ་བྱས།

ཞོལ་མ།:ཝང་ཅན་ཅུན་གྱིས་འབྲི་ཆུའི་མགོ་ཁུངས་སྡེ་བའི་སྡེ་དམངས་ཡོངས་ལ་མཚམས་འདྲི་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235