མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཀྱི་མངའ་ཁོངས་ཕྱིའི་ཁེ་ལས་སྒྲིག་གཞི་ཐོག་མ་དེ་ནེ་པ་ལར་གཞིས་ཆགས་པ།

ཡོང་ཁུངས།:  སྤེལ་དུས།:2020-04-10  རྩོམ་པ་པོ།:  རྩོམ་སྒྲིག་པ།:lijiadongzhi    ཀློགས་གྲངས།:

 ཉེ་ཆར་ཞིང་ཆེན་ཚོང་དོན་ཐིང་གིས་གཏེར་ལེན་ཁ་ཏུ་ཡོན་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་ནེ་པ་ལའི་ཀ་ཏ་མན་རྡུར་ཁེ་ལས་ཀྱི་མངའ་ཁོངས་ཕྱིའི་སྒྲིག་གཞི་འཛུགས་པར་ཞིབ་མཆན་གནང་བ་རེད། དེསརང་ཁུལརྒྱུད་གཅིག་ལམ་གཅིགའཛུགས་སྐྲུན་ནང་གཏིང་ཟབ་ངང་ཞུགས་པར་དོན་དངོས་རང་བཞིན་གྱི་གོམ་སྟབས་སྤོས་པ་མཚོན་ལ།  མགྱོགས་མྱུར་ངང་སྒོ་འབྱེད་ཀྱི་ཚྭ་འདམ་བསྐྲུན་ནས། ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སྤེལ་རེས་མཉམ་ལས་མུ་མཐུད་རྒྱ་ཆེར་གཏོང་བ་བཅས་ཀྱི་ངོས་ནས་དོན་སྙིང་གལ་ཆེན་ལྡན་པ་རེད།
       
གཏེར་ལེན་ཁ་ཏུ་ཡོན་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི2016ལོའི་ཟླ12པར་བཙུགས་ཤིང་།དེ་ནི་རིག་གནས་གསར་གཏོད་དང་བརྡ་ཁྱབ་སྨྱན་སྦྱོར། མཁའ་འགྲུལ་དངོས་མང་བཤམས་སྟོན། འགྲིམ་འགྲུལ་སྐྱེལ་འདྲེན།འཛུགས་སྐྲུན་ཇུས་འགོད། དམངས་ཁྲོད་སྒྱུ་རྩལ་རྒྱུན་འཛིན་སྲུང་སྐྱོང་དང་གསར་གཏོད་ཞིབ་སྤེལ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཐོན་ལས་ཀུང་སི་ཞིག་ཡིནརྒྱུན་འཛིན་དང་།གསར་གཏོད། འཆམ་མཐུན།གཉིས་ཕནབཅས་ཁེ་ལས་འཕེལ་རྒྱས་ཀྱི་འདུ་ཤེས་སུ་བཟུང་སྟེ། ཧུར་ཐག་གིསརྒྱུད་གཅིག་ལམ་གཅིགའཛུགས་སྐྲུན་ནང་ཞུགས་པ་དང་  ནུབ་ནས་ལྷོ་བར་སྒོ་འབྱེད་པའི་ཟམ་སྣེའི་མཁར་རྫོང་སྐྲུན་བཞིན་ཡོད།

ཁུལ་ཚོང་དོན་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་རྗེས་ཕྱོགས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ཀྱིས་ཚོང་དོན་འགྲོ་འོང་དང་།རིག་གནས་སྤེལ་རེས། ཤེས་ལྡན་མི་སྣ་ནང་འདྲེན་སོགས་ཐད་ནེ་པ་ལ་དང་མཉམ་ལས་གཏིང་ཟབ་བྱ་རྒྱུར་སྐུལ་མ་བཏང་སྟེ་ཚོང་དོན་དང་།ཡུལ་སྐོར། རིག་གནས་སྤེལ་རེས། ཆ་འཕྲིན་ཞབས་ཞུ།ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་དང་ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ལས་སྟེགས་ཧུར་ཐག་གིས་སྐྲུན་པ་དང་། རང་ཁུལརྒྱུད་གཅིག་ལམ་གཅིགའཛུགས་སྐྲུན་དང་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ནང་ཧུར་ཐག་གིས་ཞུགས་ར་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཅེས་བཤད་པ་རེད།
 
ཡོང་ཁུངས  ཚྭ་འདམ་ཉིན་རེའི་ཚགས་པར།

གོང་མ།:མཚོ་ནུབ་ཁུལ་གྱིས་དྲ་ཐོག་གི་གདན་འགུགས་བྱེད་ཐབས་གསར་གཏོད་བྱས་ནས་ལས་ཞུགས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ།

ཞོལ་མ།:མཚོ་ནུབ་ཀྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད “གྲ་སྒྲིག་གི་ལས་དོན”སྒྲུབ་མགོ་ཚུགས་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235