མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་གྱིས་དྲ་ཐོག་གི་གདན་འགུགས་བྱེད་ཐབས་གསར་གཏོད་བྱས་ནས་ལས་ཞུགས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ།

ཡོང་ཁུངས།:  སྤེལ་དུས།:2020-04-10  རྩོམ་པ་པོ།:  རྩོམ་སྒྲིག་པ།:lijiadongzhi    ཀློགས་གྲངས།:

 རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་སུ་ལས་ཞུགས་ཞབས་ཞུའི་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་གནད་ལ་འཁེལ་བའི་སྒོ་ནས་ཁེ་ལས་ཀྱི་སེམས་ཁྲལ་ལ་བརྟག་སྟེ། ཐོན་ལས་སླར་གསོ་ལ་རོགས་སྐྱོར་བྱེད་པ་དང་།དྲ་ཐོག་གི་གདན་འགུགས་བྱེད་ཐབས་གསར་གཏོད་བྱས་པ་བརྒྱུད་ནས་ལས་ཞུགས་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་བཏང་བ་རེད།
 
  ཁེ་ལས་ལ་ཞབས་འདེགས་ཞུ་བའི་ཆེད་དོན་བྱ་སྤྱོདགོ་ཁྲིད་ཚན་ཆུང་བཙུགས་ནས་ཁུལ་ཡོངས་ཀྱི་ཁེ་ལས568ཀྱི་ལས་མི་བཀོལ་སྤྱོད་བྱས་ཚུལ་ལ་བརྟག་དཔྱད་ཞིབ་ཚགས་བྱས་ཏེ  ལས་མི་བཀོལ་སྤྱོད་བྱེད་མཁན་ཁེ་ལས66གི་ལས་གནས་མི་འདང་བའི་ལས་རྐང་ཆ་འཕྲིན་ཁྱོན1353བསྡུ་རུབ་བྱས་པ་རེད།སྐད་འཕྲིན་སྤྱི་རྟགས་དང་། སྐད་འཕྲིན་ཚོགས་པ།QQ ཚོགས་པ་སོགས་ཀྱི་དྲིལ་བསྒྲགས་བྱ་ཐབས་སྣ་ཚོགས་སྤྱད་དེལས་ཀ་འཚོལ་མཁན་སྣ་ཚོགས་ལ་གདན་འགུགས་ལས་གནས་ཀྱི་ཆ་འཕྲིན་འོས་སྦྱོར་བྱས་ཤིང་།  དྲ་ཐོག་གདན་འགུགས་བྱེད་སྒོའི་ཁྱབ་རྒྱ་དང་མཁར་གྲོང་གི་ངལ་རྩོལ་པས་ཤེས་རྟོགས་ཐུབ་ཚད་སྔར་བས་ཆེ་རུ་བཏང་ལ། གདན་འགུགས་ལས་འཚོལ་ཆ་འཕྲིན་གྱི་ནུས་ལྡན་རང་བཞིན་དང་དུས་ཐོག་གནད་འཁེལ་རང་བཞིན་འཚོལ་བསྡུ་དང་ཡོངས་བསྒྲགས་ཐུབ་པ་འགན་ལེན་བྱས།

   དྲ་ཐོག་གི་ཆེད་དོན་གདན་འགུགས་བྱ་སྤྱོད་སྤེལ་ནས་ཁེ་ལས་ཀྱི་ལས་མི་དཀོན་པའི་ཞན་ཆ་ཁ་གསབ་བྱས ཁེ་ལས་དང་ཁུལ་ཕྱི་ནང་གི་ངལ་རྩོལ་ནུས་ཤུགས་དྲ་ཐོག་ཏུ་ལས་མི་བཀོལ་སྤྱོད་དང་ལས་ཀ་འཚོལ་བའི་ཆ་འཕྲིན་བསྒྲགས་ཐུབ་པ་བྱས་ནསཁེ་ལས་ལ་ལས་མི་མི་འདང་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱས། མིག་སྔའི་བར་ཁུལ་ཡོངས་སུ་རིམ་རྩིས་བྱས་ན་དྲ་ཐོག་གི་གདན་འགུགས་བྱེད་སྒོ་ཐེངས15སྤེལ་བ་དང་མི་སྤྱོད་སྡེ་ཚན206གིས་གདན་འགུགས་ལས་གནས3214 མཁོ་འདོན་བྱས་ལ།  མི1227ལས་ཞུགས་ཐུབ་ཡོད།དྲ་ཐོག་ཞབས་ཞུའི་རྒྱུན་གཏན་ལམ་སྲོལ་བཙུགས་ནས་མཁོ་སྤྲོད་ཀྱི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས།མཚོ་ནུབ་ཁུལ་གྱི་ཁ་པར་ལས་ཞུགས་ཞབས་ཞུའི་ཚོམས་ཆེནགྱི་གདན་འགུགས་ལས་འཚོལ་མ་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ལས་གནས་ཆ་འཕྲིན་འཚོལ་བསྡུ་བྱེད་པའི་བླང་བྱ་ཚད་ལྡན་དུ་བཏང་ལ། ཆ་འཕྲིན་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས། མི་སྤྱོད་སྡེ་ཚན་གྱི་ཆ་འཕྲིན་དང་། གདན་འགུགས་ལས་གནས་ཀྱི་གཞི་རྩའི་གནས་ཚུལ།གླ་ཕོགས་ཐོབ་ཐང་སོགས་གནད་འགག་གི་ཆ་འཕྲིན་གྱི་དོན་དངོས་དང་ཆ་ཚང་ཡོང་བ་འགན་ལེན་བྱས། རྒྱུན་རྣམ་ཅན་གྱི་སྐུལ་འདེད་ལམ་སྲོལ་བཙུགས་ནས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཁེ་ལས་ལ་རང་འགུལ་ངང་ཞབས་ཞུ་བྱེད་པ་དེ་རང་རྟོགས་དང་རྒྱུན་རྣམ་དུ་འགྱུར་བར་བྱས་ཏེ། གདན་འགུགས་ལས་འཚོལ་དྲ་ཐོག་ནས་གཉེར་བ་དང་ལག་ཐོག་ནས་གཉེར་ཐུབ་པ་མངོན་འགྱུར་བྱས།

ཡོང་ཁུངས།མཚོ་སྔོན་ཉིན་རེའི་ཚགས་པར།

གོང་མ།:ཉེན་མེད་ཐོན་སྐྱེད་སྐོར་གྱི་དྲིལ་བསྒྲགས།

ཞོལ་མ།:མཚོ་ནུབ་ཀྱི་མངའ་ཁོངས་ཕྱིའི་ཁེ་ལས་སྒྲིག་གཞི་ཐོག་མ་དེ་ནེ་པ་ལར་གཞིས་ཆགས་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235