མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

བཟའ་བཏུང་འཕྲོ་བརླག་གཏོང་བའི་སྣང་ཚུལ་གཏན་འགོག་བྱེད་དགོས།

ཡོང་ཁུངས།:  སྤེལ་དུས།:2020-08-21  རྩོམ་པ་པོ།:  རྩོམ་སྒྲིག་པ།:完么仁增    ཀློགས་གྲངས།:

      “བཟའ་བཏུང་འཕྲོ་བརླག་གི་སྣང་ཚུལ་མཐོང་བ་ཙམ་གྱིས་ཧང་སངས་ཤིང་བློ་མུག་པའི་སྣང་བ་སྟེར་ཡོང་།ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་བཀག་འགོག་བྱ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་སྐབས། ཁོང་གིས་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། བྱེད་ཐབས་ནུས་ལྡན་སྤྱོད་པ་བཅས་ཀྱི་ལམ་ནས་ཕུགས་ཕན་ལམ་སྲོལ་བཙུགས་ཏེ་བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་ཤིང་།དྲིལ་སྒྲོག་དང་སློབ་གསོར་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་པ་དང་། གྲོན་ཆུང་གི་གོམས་གཤིས་གསོ་སྐྱོང་ཏན་ཏིག་བྱས་ནས་སྤྱི་ཚོགས་ཡོངས་སུ་འཕྲོ་བརླག་གཏོང་བ་སྤྱོད་ལམ་ཐ་ཤལ་ཡིན་པ་དང་།གྲོན་ཆུང་བྱས་ན་གཟི་བརྗིད་ཡིན་པའི་ཁོར་ཡུག་བསྐྲུན་དགོས་ཞེས་བསྟན།  

      “གྲོན་ཆུང་ནི་གཟི་བརྗིད་དང་ཆུད་ཟོས་ནི་ངོ་ཚ་ཡིན།” 2013ལོའི་ལོ་འགོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་མཛུབ་སྟོན་གལ་ཆེན་གནང་།འཕྲོ་བརླག་གི་སྲོལ་ངན་དེ་ངེས་པར་དུ་བཀག་འགོག་ནན་པོ་བྱ་དགོསཞེས་ནན་བཤད་བྱས་པ་དང་།གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱ་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་དར་སྲོལ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱ་དགོསཞེས་འབོད་སྐུལ་བྱས་ཡོད།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྕེ་ཐོག་གི་ཆུད་ཟོསདང་གསོལ་ཅོག་ཐོག་གི་སྣེ་ལེནསོགས་ལས་བྱེད་པ་དང་མང་ཚོགས་རྣམས་ཞེ་འཁོན་ཆེ་བའི་གནད་དོན་མངོན་གསལ་ཅན་གཙང་བཤེར་དང་དག་ཐེར་མཐའ་གཅིག་ཏུ་བྱས་ནས་ཏང་སྲིད་ལས་ཁུངས་ཀྱིས་བསྲི་ཚགས་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིགགཏན་འབེབས་དང་།གཞུང་དོན་གཏོང་སྒོ་དང་གཞུང་དངུལ་འཛད་སྤྱོད་ཁྲོད་ཀྱི་ཁྲིམས་འགལ་ལུགས་འགལ་གྱི་སྣང་ཚུལ་སྣ་ཚོགས་བཀག་འགོག་ཏན་ཏིག་བྱས་ཏེ།གྲོན་ཆུང་སྤྱོད་སྐྱོང་དམངས་ཡོངས་ཀྱིས་གྲོན་ཆུང་གི་བྱེད་སྒོ་སྤེལ་བ། སྐྱོན་བྲལ་དང་ཡ་རབས་ཚུལ་ལྡན་གྱི་འཚོ་བ་སྐྱེལ་སྟངས་ཆགས་པར་བྱ་རྒྱུ།སྡེར་ཟས་ཡོད་ཚད་ཟ་བའིགཙང་སྡེར་བྱ་སྤྱོདསྤེལ་བ།གྲོན་ཆུང་གཟི་བརྗིད་དུ་བརྩི་བའི་གསོལ་ལྕོག་གི་དར་སྲོལ་གསར་པ་ཆགས་པའི་བྱས་ནས།བཅོས་སྒྲིག་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་བཟའ་བཏུང་འཕྲོ་བརླག་གཏོང་བའི་སྣང་ཚུལ་ཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད།ལྷག་པར་དུ་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གཞུང་དངུལ་སྤྱད་དེ་བཟའ་བཏུང་འཕྲོ་བརླག་གཏོང་བའི་རིགས་ལ་བཀག་འགོག་ནུས་ལྡན་ཐུབ་པ་དང་།ཏང་ཡོངས་དང་སྤྱི་ཚོགས་ཡོངས་ནས་གྲོན་ཆུང་བསྲི་ཚགས་བྱེད་པའི་དར་སྲོལ་བཟང་པོ་ཆགས་བཞིན་ཡོད།དུས་མཚུངས་སུ་མཐོང་དགོས་པ་ཞིག་ལ།ས་གནས་ཁ་ཤས་སུ་བཟའ་བཏུང་འཕྲོ་བརླག་གཏོང་བའི་སྣང་ཚུལ་སྔར་བཞིན་གནས་ཡོད།ལ་ལས་ཐ་ན་མཐོང་བ་ཙམ་གྱིས་ཧང་སངས་དགོས་པ་དང་ཡིད་སྐྱོ་བ་ཞིག་ཡིན་པས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ངེས་པར་དུ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས།དེ་བས་ནུས་ལྡན་གྱི་བྱ་ཐབས་བཟོས་ནས་སྤྱི་ཚོགས་ཡོངས་ཀྱིས་བཟའ་བཏུང་འཕྲོ་བརླག་གཏོང་བའི་རིགས་བཀག་འགོག་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས།

དཀའ་སྤྱད་འབད་བརྩོན་དང་ཧུར་བརྩོན་གྲོན་ཆུང་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཡིན་ལ།ང་ཚོའི་ཏང་གི་སྤྱོད་ཚུལ་བཟང་པོ་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན།སྔོན་ཆད་ང་ཚོའི་ཏང་གིས་དཀའ་སྤྱད་འབད་བརྩོན་དང་ཧུར་བརྩོན་གྲོན་ཆུང་ལ་བརྟེན་ནས་ལས་དོན་རླབས་ཆེན་རྒྱུན་ཆད་མེད་པར་སྒྲུབ་པ།ད་ལྟ་ང་ཚོས་སྔར་བཞིན་བསམ་བློ་དེ་འདྲར་བརྟེན་ནས་ལས་ཀར་སློབ་སྟོན་བྱ་དགོས།ཏང་དང་སྲིད་གཞུང་གིས་ཕྱོགས་གཅིག་ནས་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་ཕྱོགས་གཅིག་ནས་གྲོན་ཆུང་ལ་སྣང་ཆེན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་ཀྱི་ཡོད།འཚོ་བ་གྲོན་ཆུང་ངང་རོལ་བརསྣེ་ཁྲིད་བྱེད་པའི་དམིགས་ཡུལ་ནི་མི་དམངས་ལ་འཚོ་བ་ཡག་པོ་སྐྱེལ་དུ་འཇུག་ཆེད་ཡིན།ང་ཚོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཆུ་ཚད་གང་འདྲ་ཞིག་ཏུ་སླེབས་ནའང་།མི་དམངས་ཀྱི་འཚོ་བ་ལེགས་བཅོས་ཅི་འདྲ་བྱུང་རུང་དཀའ་སྤྱད་འབད་བརྩོན་དང་ཧུར་བརྩོན་གྲོན་ཆུང་གི་བསམ་བློ་དང་སྙིང་སྟོབས་ནམ་ཡང་འདོར་མི་རུང་།ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་དཀའ་སྤྱད་འབད་བརྩོན། ཧུར་བརྩོན་གྲོན་ཆུང་།ང་ཚོ་ལམ་བུའི་ཐོག་བསྐྱོད་པ་དང་འཕེལ་རྒྱས་སྟོབས་ཆེར་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཡིན་པ་མ་ཟད།ང་ཚོས་སྔ་འཛིན་ཕྱི་གཏོད་དང་སླར་ཡང་འོད་སྟོང་འཕྲོ་བའི་འགན་ལེན་གལ་ཆེན་ཞིག་ཀྱང་རེད་ཅེས་གསུངས་པ་རེད།ལོ་བརྒྱ་གཉིསཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་བསྣོལ་མཚམས་འདིར།གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་ལས་འགན་དང་བརྗིད་རླབས་ཆེ་བའི་འབད་འཐབ་ཀྱི་དམིགས་འབེན།རྙོག་འཛིང་ཆེ་བའི་ཕྱི་ནང་གི་ཁོར་ཡུག་བཅས་ཚང་མས་ང་ཚོར་དཀའ་སྤྱད་འབད་བརྩོན་གྱི་སྤྱོད་ཚུལ་དར་སྤེལ་ཆེན་པོ་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད།ཧུར་བརྩོན་གྲོན་ཆུང་ལག་ལེན་ནན་ཏན་དང་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱས་ཏེ།སྟོབས་ཤུགས་གཅིག་བསྡུས་ཀྱིས་རང་ཉིད་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས།
     
བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་བཀག་འགོག་བྱ་རྒྱུ་དེ་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་ཤེས་དགོས།རང་རྒྱལ་ནི་མི་གྲངས་མང་བ་དང་ས་ཞིང་ཐོན་ཁུངས་བལྟོས་བཅས་ཀྱིས་མི་འདང་བའི་རྒྱལ་ཁབ་ཅིག་ཡིན།དུས་ཡུན་འབྲིང་རིང་ནས་བལྟས་ན་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་དང་དགོས་མཁོ་སྔར་བཞིན་དོ་སྙོམས་ཀྱི་རྣམ་པ་རྒྱུན་འཁྱོངས་ཐུབ་རྒྱུ་དང་།འབྲུ་རིགས་འཕྲོ་བརླག་བཏང་བ་ལས་བྱུང་བའི་ཐོན་ཁུངས་འཕྲོ་བརླག་དང་ཁོར་ཡུག་སྦགས་བཙོག་གི་གནད་དོན་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་།རང་རྒྱལ་ལ་མི་གྲངས་དུང་ཕྱུར14ཡོད།མི་ཚང་མས་འབྲུ་རིགས་གྲོན་ཆུང་བྱེད་པའམ་ཡང་ན་འབྲུ་རིགས་ཆུད་ཟོས་སུ་གཏོང་བ་གང་ཡིན་རུང་ཚང་མ་གྲངས་ཀ་ཆུང་ཆུང་ཞིག་མ་རེད།དེ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་བསྟན་པ་ལྟར། རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ལ་ལོ་བསྟུད་མར་ལོ་ལེགས་བྱུང་ཡང་།འབྲུ་རིགས་བདེ་འཇགས་ཐད་ལ་ཐོག་མཐའ་བར་གསུམ་དུ་ཉེན་ཁའི་འདུ་ཤེས་ཡོད་དགོས་པ་དང་འདི་ལོ་གོ་ལ་ཧྲིལ་པོའི་གློ་ཚད་ཀྱི་རིམས་ནད་ཀྱིས་བཟོས་པའི་ཤུགས་རྐྱེན་གྱིས་ང་ཚོར་ཉེན་བརྡ་བཏང་ཡོད།ཉེན་ཁ་དང་འགྲན་སློང་ལ་ཇི་ཙམ་འཕྲད་པ་དེ་ཙམ་གྱིས་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས།འབྲུ་རིགས་ཐོན་སྐྱེད་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ཡག་པོ་བྱས་ནས་ཀྲུང་གོ་བའི་ལྟོ་ཕོར་ག་དུས་ཡིན་ཡང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་པའི་འགན་ལེན་ཏན་ཏིག་བྱ་དགོས།འབྲུ་རིགས་གྲོན་ཆུང་བྱེད་པའི་གནད་འདི་དམ་པོར་བཟུང་།བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱ་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་གྲོན་ཆུང་དམངས་ཕྱུག་དང་གྲོན་ཆུང་རྒྱལ་དར་ཡོང་བར་སྐུལ་འདེད་གཏོང་དགོས།

ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་ཞིག་དང་ཕྱོགས་ཡོངས་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལས་རྒྱལ་ཁ་ལེན་པའི་མཇུག་བསྡུའི་ལོ་ཞིག་ཀྱང་རེད།སང་ལོ་ནས་བཟུང་རང་རྒྱལ་ཀྱིསལྔ་ཚན་བཅུ་བཞི་པའིདུས་སྐབས་སུ་བསྐྱོད་རྒྱུ་ཡིན་པ་དང་། འདི་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་རྨང་གཞིའི་ཐོག་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་འགོ་ཚུགས་པའི་ལོ་ལྔ་ཡིན།ང་ཚོས་མཉམ་དུ་དཀའ་སྤྱད་འབད་འཐབ་དང་ཧུར་བརྩོན་གྲོན་ཆུང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་སྟེ།ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་འབད་འཐབ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འགོ་ཡག་པོ་ཚུགས་པ་དང་གོམ་སྟབས་ཡག་པོ་སྤོ་དགོས།

གོང་མ།:མཚོ་སྔོན་སྐྱེ་ཁམས་ཐོན་ལས་འགྲེམས་ཚོགས་དང་བོད་ལུགས་ས་གདན་འགྲེམས་སྟོན་གྱི་བྱ་འགུལ་འགོ་རྩོམ་མཛད་སྒོ་དེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་ནས་བསྡུས།

ཞོལ་མ།:ཀྲེ་ཅང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་དགུ་པས་ཆེད་དོན་སྐོར་ཞིབ་བྱ་བའི་སྐུལ་སློང་གྲོས་ཚོགས་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235