མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཀྲེ་ཅང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་དགུ་པས་ཆེད་དོན་སྐོར་ཞིབ་བྱ་བའི་སྐུལ་སློང་གྲོས་ཚོགས་བསྡུས།

ཡོང་ཁུངས།:  སྤེལ་དུས།:2020-08-19  རྩོམ་པ་པོ།:  རྩོམ་སྒྲིག་པ།:完么仁增    ཀློགས་གྲངས།:


   ཉེ་ཆར།  ཀྲེ་ཅང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་དགུ་པས་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་བྱེད་པའི་མཚོ་ནུབ་ཁུལ་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་ཡི་ཏང་ཨུའི་བྱ་བར་ཆེད་དོན་སྐོར་ཞིབ་བྱེད་པའི་སྐུལ་སློང་གྲོས་ཚོགས་བསྡུས།  
      གྲོས་ཚོགས་སྟེང་།  ཀྲེ་ཅང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་དགུ་བའི་ཚན་གཙོ་ཧྲི་ལི་མིན་གྱིས་ཆེད་དོན་སྐོར་ཞིབ་བྱ་བའི་འགན་ཁུར་གཙོ་བོ་དང་སྐོར་ཞིབ་ཀྱི་བླང་བྱ་ཁྱབ་སྒྲོག་བྱས། ཁུལ་ཨུའི་རྒྱུན་ཨུའམ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་ཡི་ཏང་ཨུའི་ཧྲུའུ་ཅི་ཅང་ཝེ་ཧྥིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད་གནང་།
    གྲོས་ཚོགས་སྟེང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་ཏང་ཨུ་ཡིས་རང་འགུལ་སྒོས་བསམ་བློ་དང་སྦྱོར་བ་ཡོངས་ཞིང་ཆེན་ཏང་ཨུ་ཡི་འཐབ་ཇུས་སྟེང་གཅིག་གྱུར་བྱས་ཏེ།གཟབ་ནན་སྒོས་ཏང་གིས་ཏང་དོ་དམ་དང་ཏང་གིས་ཏང་སྐྱོང་བའི་ཆབ་སྲིད་འགན་ཁུར་དངོས་འབེབ་དང་།རང་འགུལ་དང་ཡང་ན་ངེས་པ་དོན་གྱིས་ཆབ་སྲིད་ཀྱི་ཉམས་ཞིབ་དང་ལེན་བྱེད་པ། ཐེངས་འདིའི་སྐོར་ཞིབ་བྱ་བ་གོ་སྐབས་ཤིག་ཏུ་བཟུང་ནས་ཏང་གཤིས་ཇེ་དྲག་དང་བྱ་བ་ལེགས་བཅོས་བྱས་ནས།ཆབ་སྲིད་ཀྱི་སྐོར་ཞིབ་བླང་བྱ་ནོར་བ་དང་ཆད་ལྷག་མེད་པར་དངོས་འབེབ་དོན་འཁྱོལ་བྱེད་དགོས་ཤིང་།རིམ་པ་སོ་སོའི་ཏང་གི་མགོ་ཁྲིད་ལས་བྱེད་པའི་འགན་འཁྲི་ཇེ་དྲག་ཏུ་བཏང་སྟེ།ངེས་པ་དོན་གྱིས་རང་རྟོགས་སྒོས་ལྟ་སྐུལ་དང་ལེན་བྱེད་པའི་ཆབ་སྲིད་ཀྱི་འདུ་ཤེས་མཐོར་འདེགས་དང་།ཡིད་ཆེས་བརྟན་པོ། བློ་ཐག་རྦད་ཆོད་ཀྱིས་རྒྱབ་སྐྱོར།ཧུར་བརྩོན་སྒོས་མཐུན་སྦྱོར་བྱས་ཏེ།ནན་ཏན་གྱིས་ཞིང་ཆེན་སྐོར་ཞིབ་ཚན་ཆུང་གི་བྱ་བར་ལྟ་སྐུལ་བྱས་ཏེ།ཐེངས་འདིའི་སྐོར་ཞིབ་བྱ་བའི་འགན་ཁུར་བདེ་བླག་ངང་བདེ་འགྲུབ་འབྱུང་བར་མཉམ་དུ་སྐུལ་འདེད་བྱེད་དགོས་པ་བསྟན།
   ཅང་ཝེ་ཧྥིན་གྱིས་བསྟན་དོན། ཀྲེ་ཅང་ཞིང་ཆེན་ཏང་ཨུ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་ལ་ཆེད་དོན་སྐོར་ཞིབ་བྱ་བ་སྤེལ་བ་ནི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བར་ཡང་བསྐྱར་ཁྱོན་ཡོངས་ནས་ཞིབ་བཤེར་ཐེངས་གཅིག་བྱེད་པ་དང་། བཀོད་འདོམས་པུའུ་ཏང་ཨུ་ཡི་མགོ་ཁྲིད་ཚན་ཆུང་ལ་ཡང་བསྐྱར་ཆབ་སྲིད་ཀྱི་ཉམས་ཞིབ་བྱས་པ་ཞིག་ཀྱང་ཡིན་ལ།ཀྲེ་ཅང་ཞིང་ཆེན་ཏང་ཨུ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བར་མཐོང་ཆེན་དང་ཁུར་ཐུགས་གནང་བའང་མཚོན་ཡོད། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་ཡིས་ཆབ་སྲིད་གླེང་བ་དང་།སྒྲིག་ལམ་རྩི་བ། ལུགས་སྲོལ་སྲུང་ནས་སྐོར་ཞིབ་བྱ་བའི་ནང་དོན་གལ་ཆེན་ལ་ངེས་ཤེས་ཡང་དག་ལེན་དགོས་ཤིང་།བློ་ཐག་རྦད་ཆོག་སྒོས་རྒྱབ་སྐྱོར་མཐུན་སྦྱོར་བྱས་ཏེ། སྐོར་ཞིབ་ཚན་ཆུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་དངོས་འབེབ་བྱེད་དགོས།སྐོར་ཞིབ་ཚན་ཆུང་གིས་བཏོན་པའི་གནད་དོན་དང་ལེགས་བཅོས་བསམ་འཆར་ལྟར་ཐག་གཅོད་བྱེད་དགོས་ཤིང་།སྐོར་ཞིབ་ཚན་ཆུང་གིས་བཏོན་པའི་བསམ་འཆར་ལ་ནན་ཏན་གྱིས་ཞིབ་མཇུག་དང་དངོས་འབེབ་བྱས་ནས་མྱུར་དུ་དོན་འཁྱོལ་བྱེད་དགོས་ལ།སྐོར་ཞིབ་ཚན་ཆུང་གི་སྒྲུབ་འགན་འཁུར་བར་དོན་འཁྱོལ་དང་།སྐོར་ཞིབ་ཚན་ཆུང་གི་ཁྲིམས་འགལ་ལུགས་འགལ་གྱི་གནད་དོན་ལ་སྐོར་ཞིབ་བྱས་ཏེ་མྱུར་ཏུ་རྟོག་ཞིབ་དང་ལེགས་བཅོས་ཞིབ་མོ་བྱེད་དགོས།བཀོད་འདོམས་པུའུ་ཏང་ཨུ་ཡིས་ས་གནས་གསུམ་གྱི་ཆབ་སྲིད་ཀྱི་འགན་ནུས་དང་སྒེའུ་ཁུང་གཙོ་བོའི་འགན་འཁྲི་དང་དུ་བླངས་ཏེ། ཐེངས་འདིའི་སྐོར་ཞིབ་བྱ་བ་གོ་སྐབས་སུ་བཟུང་སྟེ།སྔར་ལས་ལྷག་པའི་སྒོ་ནས་ཏང་གིས་ཏང་དོ་དམ་དང་ཏང་གིས་ཏང་སྐྱོང་བའི་ཆབ་སྲིད་ཀྱི་རང་རྟོགས་དང་།འདུ་ཤེས་བཞི་ཇེ་དྲག  ཡིད་ཆེས་བཞི་སྲ་བརྟན་དུ་བཏང་སྟེ་སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབ་ནས་ལྟ་སྐོར་གྱི་ཕན་འབྲས་ངེས་པ་དོན་གྱིས་ཀྲེ་ཅང་གི་ཁ་གཏད་རོགས་སྐྱོར་བྱ་བའི་སྒེའུ་ཁང་གཙོ་བོ་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་སུ་བསྒྱུར་དགོས་པ་བསྟན།

གོང་མ།:བཟའ་བཏུང་འཕྲོ་བརླག་གཏོང་བའི་སྣང་ཚུལ་གཏན་འགོག་བྱེད་དགོས།

ཞོལ་མ།:སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཁྲོད་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ནུས་ཤུགས་བཏོན།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235