མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཁྲོད་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ནུས་ཤུགས་བཏོན།

ཡོང་ཁུངས།:  སྤེལ་དུས།:2020-08-19  རྩོམ་པ་པོ།:  རྩོམ་སྒྲིག་པ།:完么仁增    ཀློགས་གྲངས།:

     
2016ལོ་ནས་ད་བར་དུ། ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་ཡིས་ཤུགས་ཆེན་པོའི་རོགས་སྐྱོར་འོག རང་ཁུལ་གྱིས་ཁྱིམ་ཚང་ལ་ཕྱུག་གྱུར་གྱི་ལས་གཞི་ཡོད་པ་དང་སྡེ་བར་ཁྱད་ལྡན་ཐོན་ལས་ཡོད་པ།ཞང་ལ་ཐོན་ལས་གཙོ་བོ་ཡོད་པ།གྲོང་ཁྱེར་དང་རྫོང་ལ་ཐོན་ལས་གཙོ་ཤུགས་ཡོད་པའི་དམིགས་འབེན་དཀྱིལ་སྙིང་དུ་བཟུང་སྟེ།བསྡོམས་པས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་གསུམ་བྱེ་བ་ལྔ་ས་ཡ་ལྔ་འབུམ་གཉིས་ཁྲི་གཉིས་དངོས་འབེབབ་བྱས་ཏེ། སྐྱེ་ཁམས་གསོ་སྤེལ་དང་འཕང་འབྲས་ལས་སྣོན་ཀྱི་ཐོན་ལས་སྐུད་ལམ་འཛུགས་སྐྲུན་བྱེད་པ།ལིས་གྲོ་འདེབས་འཛུགས།ཞང་སྡེའི་གནས་སྐོར་སོགས་ཀྱི་ཐོན་ལས་རོགས་སྐྱོར་གྱི་ལས་གཞི44ལག་བསྟར་བྱས་ནས། སྡེ་བ40ཡི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་དང་།དབུལ་ཐར་ཁྱིམ་ཚང་གི་ཡོང་སྒོ་འཕར་སྣོན།དེ་མིན་རོང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་སྟོང་ལྔ་ལྷག་ལ་ཕན་པ་ཐོགས་པས་ཕན་ནུས་ལྡན་པའི་སྒོ་ནས་ཁུལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་སྲ་བརྟན་དང་འཕར་སྣོན་བྱ་བར་སྐུལ་འདེད་ཐོབ།
 
དབུས་ལམ་རྫོང་མཐོན་པོ་གྲོང་རྡལ་གཏེར་ལམ་ཆུ་བོ་སྡེ་བར་འཛུགས་སྐྲུན་བྱེད་བཞིན་པའི་ཚྭ་བརྐོས་ལས་སྣོན་བཟོ་གྲྭ་ནི་མཚོ་སྔོན་རོགས་སྐྱོར་མ་དངུལ་བེད་སྤྱད་དེ་འཕེལ་རྒྱས་སུ་བཏང་བའི་སྡེ་བའི་ཐུན་མོང་དཔལ་འབྱོར་ཞིག་ཡིན་ལ།ཐོན་རྫས་སྤུས་ལེགས་ཅན་དང་མཁོ་མང་སྤྲོད་ཉུང་ཚོང་ར་ཡིས་ཁེ་ལས་བསྟུད་མར་འཕེལ་རྒྱས་ལ་གསོན་ཤུགས་བསྣན།བཟོ་གྲྭའི་ནང་། ཚྭ་བརྐོས་ཐོན་སྐྱེད་སྒྲིག་བཟོ་བྱས་པའི་གསོ་སྦྱོང་འཛིན་གྲྭ་ཐོག་མ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས་ཤིང་།སློབ་མ་རྣམས་ནི་ལས་བཟོ་བ་རྒན་པ་རྣམས་ཀྱིས་སྣེ་ཁྲིད་འོག་ནན་ཏན་གྱིས་ཚྭ་བརྐོས་དང་ལག་བཟོ་ཕྱོགས་ཀྱི་ཤེས་བྱར་སློབ་སྦྱོང་བྱེད་བཞིན་ཡོད་ལ།གཞན་པའི་བཟོ་གྲྭའི་འཁོར་ཁང་ནང་སྡེ་མི་རྣམས་ཀྱིས་ཚྭ་བརྐོས་ལག་བཟོ་ཡི་ལས་ལ་འབད་བཞིན་ཡོད་པ་དང་།མྱུར་དུ་དབུས་ཀྱི་ཚྭ་མཚོ་དཀར་མོའི་ནམ་མཁའི་མེ་ལོང་དང་པོ་དང་ནམ་མཁའི་མེ་ལོང་གི་མཛེས་ལྗོངས་ཁུལ་དུ་སྐྱེལ་འདྲེན་བྱེད་པར་བྲེལ་བཞིན་ཡོད།

རྒྱུས་ལོན་བྱས་པ་ལྟར་ན། ཚྭ་ཁ་ཚྭ་མཚོའི་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་སོང་བ་དང་བསྟུན།གནས་སྐོར་ཐོན་ལས་ཀྱི་དགོས་མཁོའི་་ཚད་ཀྱང་ལོ་རེར་ཇེ་མང་དུ་སོང་བ་དང་མཉམ་དུ།གཏེར་ལམ་ཆུ་བོ་སྡེ་བའི་ཚྭ་བརྐོས་ལས་སྣོན་ཐོན་སྐྱེད་ཀྱི་ཚྭ་བརྐོས་ལག་བཟོའི་ཐོན་རྫས་ཀྱིས་ཚོང་རའི་དགོས་མཁོ་སྐོང་མི་ཐུབ་པས་རྩ་བའི་གནད་དོན་སྟེང་ནས་འདིའི་ཕྱོགས་ཀྱི་དཀའ་གནད་སེལ་ནས་ཚྭ་བརྐོས་ལག་ཤེས་ཐོན་རྗས་ཀྱི་ཚོང་རའི་འགྲན་རྩོད་ནུས་ཤུགས་སྔར་ལས་ཆེ་རུ་གཏོང་ཆེད། 2019ལོར།གཏེར་ལམ་ཆུ་བོ་སྡེ་བའི་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་སྒོར་འབུམ་ལྔ་བཏང་བ་དང་ཀྲེ་ཅིང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་མ་དངུལ་སྒོར་ས་ཡ་གཅིག་བཏང་བ་བེད་སྤྱད་དེ་སྡེ་བའི་ནང་ཚྭ་བརྐོས་ལས་སྣོན་བཟོ་གྲྭ་འདི་འཛུགས་སྐྲུན་བྱས་པ་ཡིན།
 
 གཏེར་ལམ་ཆུ་བོ་སྡེ་བའི་སྡེ་མི་ཀུང་ཤིག་ཕིན་ལ་མཚོན་ན2018ལོར་བཟོ་གྲྭ་འདིའི་ནང་ལས་ཞུགས་བྱས་པ་ཡིན་ལ།མོས་ལག་ཤེས་ལ་བརྟེན་ནས་བཟོས་པའི་ཐོན་རྫས་རེ་རེ་ལ་གནས་སྐོར་བ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ།མོས་ཉིན་རེར་ཆ་སྒོར་200ལེན་ཐུབ་ལ།རང་ཡུལ་ནས་ཕྱིར་སྒོ་རུ་མ་སོང་ཡང་མོའི་འབྱོར་ཕྱུག་གི་རེ་འདུན་མངོན་འགྱུར་བྱུང་ཟེར།
     གཏེར་ལམ་ཆུ་བོ་སྡེ་བའི་སྡེ་མི་ཀུང་ཤིག་ཕིན་གྱིས་བཤད་རྒྱུར།  སྔོན་ང་ཚོ་ཕྱི་རུ་ལས་ཞོར་ལ་འགྲོ་དགོས།ད་ལྟར་ཚྭ་བརྐོས་བཟོ་གྲྭ་རུ་ལས་ཞུགས་བྱས་རྗེས་ཕྱི་རུ་ལས་ཞོར་ལ་འགྲོ་མི་དགོས་པར་རང་ཡུལ་དུ་བྱིས་པ་དང་ལོ་ལོན་གཉོར་སྐྱོང་བྱེད་ཞོར་ལས་ཀ་གཉེར་ཆོག་པའི་ངོ་མ་བཟང་གི་ཟེར།
 
   དེ་མིན་ད་དུང་གཏེར་ལམ་ཆུ་བོ་སྡེ་བས་སྔ་གཞུག་ཏུ་ཚྭ་ལུམས་ལས་སྣོན་འཁོར་ཁང་འཛུགས་སྐྲུན་བྱས་ཏེ།དུས་ཚོད་ཐུང་ཐུང་ནང་གི་ཕྱུག་གྱུར་གྱི་ལས་གཞི་འདིས་སྡེ་མི་དང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས།སྡེ་བའི་ཨུ་ཡོན་ལྷན་གསུམ་གྱི་མགོ་ཁྲིད་རྣམས་ཀྱི་སྡེ་བའི་ནང་ཡིག་ཚགས་སྒྲུབ་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཡོངས་ཁེ་ལས་ནང་བཞག་ཡོད་ལ་ཁོ་ཚོ་དང་འབྲེལ་ནས་ལས་ཞུགས་ཀྱི་ལས་རྐང་བཀོད་སྒྲིག་བྱས་ཡོད།ཝང་ཧའེ་ཧྥང་ལ་མཚོན་ན་ཡིག་ཚགས་སྒྲུབ་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཡིན་ལ།རྐང་ལག་མི་བདེ་བས་སྡེ་བའི་མོ་རང་ཚྭ་ལུམས་ལས་སྣོན་འཁོར་ཁང་ནང་ལས་ཞུགས་བྱེད་དུ་བཅུག་པ་ཡིན།
   གཏེར་ལམ་ཆུ་བོ་སྡེ་བའི་སྡེ་མི་ཝང་ཧའེ་ཧྥང་གིས་ད་ལྟ་ང་རང་འདིར་ལས་ཞུགས་བྱས་ཚེ་ཕྱི་རུ་ལས་ཞོར་ལ་འགྲོ་མི་དགོས་པས་རང་ཡུལ་གྱི་སྒོ་ཁ་ནས་སྒོར་མོ་བཙལ་ཐུབ་པས་ཧ་ཅང་དགའ་ཡོད་ཟེར།
   ཚྭ་བརྐོས་ལས་སྣོན་ཞིབ་ཕྲ་བྱེད་པའི་ལམ་བུ་རྒྱ་བསྐྱེད་དུ་གཏོང་ཆེད།གཏེར་ལམ་ཆུ་བོ་སྡེ་བའི་ཧུར་བརྩོན་སྒོས་འཚོལ་ཞིབ་བྱས་ཏེ།ཁེ་ལས་ནང་འདྲེན་དང་ཆེད་མཁས་པ་གདན་ཞུ་བྱས་ཏེ་སྡེ་མི་ལ་ཚྭ་བརྐོས་རི་མོའི་ནུས་རྩལ་གསོ་སྦྱོང་བྱས་ཏེ།ཚྭ་བརྐོས་ལག་ཤེས་གསོ་སྦྱོང་བྱས་ནས་སྤུས་ཚད་མཐོ་བའི་ཚྭ་བརྐོས་ལག་རྩལ་གསར་སྐྲུན་ལ་རྨང་གཞི་བཏིངས།སྔོན་གནམ་ལ་བརྟེན་ནས་འཚོ་བ་རོལ་བའི་གཏེར་ལམ་ཆུ་བོ་སྡེ་བ་ལ་མཚོན་ན་ད་ལྟ་སྒྲིག་གཞི་སྣ་གཅིག་ཅན་གྱི་འདེབས་འཛུགས་ལས་བརྒལ་ཏེ་རང་ལ་འཚམ་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཡོད།

གཏེར་ལམ་ཆུ་བོ་སྡེ་བའི་ཧྲུའུ་ཅི་དང་པོ་ཀུའོ་ཝེ་གོ་ཡིས་བཤད་རྒྱུར། ད་ལྟ་ང་ཚོའི་སྡེ་བར་གཙེགས་གྲུབ་དང་། ཚྭ་ལུམས། ཁྱིམ་ཚང་གི་མགྲོན་ཁང་། ཞིང་སྡེའི་སྤྲོ་སྐྱིད་ཁང་སོགས་ཁྱད་ལྡན་ཐོནལས་མང་པོ་ཡོད།ད་ལྟ་ང་ཚོའི་སྡེ་བ་ཡོངས་ལ་ཁྱིམ་ཚང361ཡོད་ལ་སྡེ་མི1154ཡོད་པ་ཚང་མ་ཐོན་ལས་འཕེལ་རྒྱས་ཀྱི་ཕྱོགས་སུ་ཞུགས།གཏེར་ལམ་ཆུ་བོ་སྡེ་བས་སྒྲིག་གཞི་སྣ་གཅིག་ཅན་གྱི་སྲོལ་རྒྱུན་ཞང་སྡེ་ནས་སྡེ་བའི་ཐུན་མོང་ཐོན་ལས་གཙོ་ཡིན་པ་དང་ཁྱད་ལྡན་བདག་གཉེར་སྣ་མང་ཅན་གྱི་འཕེལ་རྒྱས་སུ་འགྲོ་བའི་ཕྱུག་གྱུར་གྱི་སྡེ་བ་རུ་སྙེགས།རྗེས་ཕྱོགས་ང་ཚོས་སྡེ་བའི་ནང་མི་བསམ་བློ་ཅན་ཚང་མས་ཁྱད་ཆོས་ཐོན་ལས་རེ་སྐྲུན་པར་སྐུལ་སློང་བྱས་ཏེ་མི་རེ་རེར་འབྱོར་འབྲིང་གི་ལམ་དུ་ཞུགས་པར་མངོན་འགྱུར་བྱེད་དགོས་ཟེར།
 
   ཞང་སྡེ་དར་རྒྱས་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད།མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་དང་ལས་གཞི་བཏང་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་བསྣན་པ་དང་།མུ་མཐུད་དུ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་རུ་གཏོང་བའི་དུས་མཉམ་དུ་མི་འདང་ས་ཁ་གསབ་བྱས་ནས་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་དང་།སྡེ་མི་ཡོངས་ཕྱུག་འགྱུར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་མ་ཟད།ད་དུང་ཁུལ་ཡོངས་སུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིངས།

གོང་མ།:ཀྲེ་ཅང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་དགུ་པས་ཆེད་དོན་སྐོར་ཞིབ་བྱ་བའི་སྐུལ་སློང་གྲོས་ཚོགས་བསྡུས།

ཞོལ་མ།: སྐད་གཉིས་དམངས་དོན་ཁྲིམས་གཞུང་ཤེས་བྱ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235