མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

སྐད་གཉིས་དམངས་དོན་ཁྲིམས་གཞུང་ཤེས་བྱ།

ཡོང་ཁུངས།:  སྤེལ་དུས།:2020-08-10  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

1.དྲ་རྒྱ་ནང་གི་རྟོག་བཟོ་རྒྱུ་ནོར་ལ་ཁྲིམས་ལུགས་ཀྱི་རྒྱབ་སྐྱོར་ཐོབ་བམ།

  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་དོན་ཁྲིམས་གཞུང་དོན་ཚན་བརྒྱ་ཉེར་བདུན་ལས།   གཞི་གྲངས་དང་དྲ་རྒྱ་ནང་གི་རྟོག་བཟོ་རྒྱུ་ནོར་ལ་ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་བྱེད་པའི་གཏན་འཁེལ་དེ་གཞིར་བཟུང་དགོས།

 དྲ་རྒྱའི་རྟོག་བཟོ་རྒྱུ་ནོར་ལ་རྒྱུ་ནོར་གྱི་རང་བཞིན་ལྡན་པའི་་དེ་ལ་གནོད་པ་ཐེབས་དུས་ངེས་པར་དུ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་དགོས། ཉེ་བའི་ལོ་ནང་།འཕྲིན་སྦྲེལ་དྲ་བའི་འཕེལ་རྒྱས་དང་དྲ་རྒྱའི་རྩེད་མོ་ཉིན་རེ་ལས་དར་སྤེལ་བྱེད་པའི་སྐབས།དྲ་རྒྱའི་རྩེད་མོའི་ཐོ་གྲངས་དང་དྲ་རྒྱའི་རྩེད་མོའི་སྒྲིག་ཆས་སོགས་ལ་དེ་རྩེ་མཁན་གྱིས་དུས་ཚོད་དང་བསམ་བློ།སྒོར་མོ་སོགས་བཏང་ཡོད་པས།རྩེད་ཆས་དེ་རིགས་ལ་བཀོལ་སྤྱོད་ཀྱི་རིནཐང་དང་བརྗེས་རེས་ཀྱི་རིན་ཐང་ཡོད་པའི་རྒྱུ་ནོར་རང་བཞིན་གྱི་ཁྱད་ཆོས་ལྡན།དམངས་དོན་ཁྲིམས་གཞུང་ལས།དམངས་དོན་བྱེད་པོའི་རྒྱུ་ནོར་བདག་དབང་ལ་ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་བྱེད།གལ་ཏེ་དམངས་དོན་བྱེད་པོའི་གཞི་གྲངས་ཡོད་ཚད་དང་དྲ་རྒྱའི་རྟོག་བཟོ་རྒྱུ་ནོར་ལ་ཁྲིམས་མིན་གྱི་གནོད་འཚེ་ཐེབས་དུས།ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་བྱེད་ངེས་ཡིན།

2.བདེན་པའི་རྒྱབ་ལངས་བྱེད་མཁན་ལ་རྨས་སྐྱོན་ཐེབས་ན་དམངས་དོན་འོས་འགན་སུས་ཁུར་དགོས།

    དམངས་དོན་ཁྲིམས་གཞུང་དོན་ཚན་བརྒྱ་ལ་བརྒྱད་ཅུ་གྱ་གསུམ་ལས།   མི་གཞན་གྱི་དམངས་དོན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད་རང་ཉིད་ལ་གནོད་སྐྱོན་ཐེབས་ན།   གནོད་སྐྱོན་བཟོ་མཁན་དེ་དམངས་དོན་འོས་འགན་ཁུར་དགོས།   ཁེ་དབང་ལ་ཕན་ཁ་ཐོབ་མཁན་དེ་སྐྱིན་ཚབ་འོས་འཚམ་གྱི་ཁ་གསབ་བྱས་ན་ཆོག ཁེ་དབང་ལ་གནོད་འཚེ་བཟོ་མཁན་དེ་མེད་པ་དང་བྲོས་བྱོལ་ལ་སོང་བ།ཡང་ན་གནོད་འཚེ་བཟོ་མཁན་དེར་སྐྱིན་ཚབ་འགན་ཁུར་གྱི་ནུས་པ་མེད་པ། གནོད་འཚེ་ཕོག་མི་དེ་ཡང་སྐྱིན་ཚབ་བྱེད་དགོས་ཀྱི་རེ་བ་བཏོན་ཚེ།ཁེ་དབང་ལ་ཕན་ཁ་ཐོབ་མཁན་དེས་ངེས་པར་དུ་སྐྱིན་ཚབ་ཁ་གསབ་འོས་འཚམ་བྱེད་དགོས།

དམངས་དོན་ཁྲིམས་གཞུང་ལས་བདེན་པའི་རྒྱབ་ལངས་ཀྱི་བྱ་སྤྱོད་ལ་སྲུང་སྐྱོབ་བྱེད་དགོས། མི་གཞན་གྱི་དམངས་དོན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད་རང་ཉིད་ལ་གནོད་འཚེ་ཕོག་པ་དང་གནོད་འཚེ་བཟོ་མི་དེ་བྲོས་བྱོལ་སོང་ཚེ།གནོད་སྐྱོན་ཕོགས་མི་ཡིས་སྐྱིན་ཚབ་ཀྱི་རེ་བ་བཏོན་པ་ལ།   ཁེ་དབང་ལ་ཕན་ཁ་ཐོབ་མི་དེས་ངེས་པར་དུ་འོས་འཚམ་གྱི་ཁ་གསབ་བྱེད་དགོས།

3.སྡོད་ཁུལ་གྱི་རླངས་འཁོར་འཇོག་གནས་དང་གློག་སྐས།   ཐོག་ཁང་གི་གྱང་ངོས་བརྡ་ཁྱབ་སོགས་ཀྱི་ཡོང་སྒོ་དེ་སུ་ལ་དབང་།

          དམངས་དོན་ཁྲིམས་གཞུངདོན་ཚན་ཉིས་བརྒྱ་བརྒྱད་ཅུ་གྱ་གཉིས་ལས།    འཛུགས་སྐྲུན་ལས་ཁུངས་དང་སྡེ་ལས་ཞབས་ཞུ་ཁེ་ལས།    ཡང་ན་དོ་དམ་མི་སྣ་གཞན་པ་སོགས་ཀྱིས་སྡེ་བདག་སྤྱི་ལ་དབང་བའི་ཁ་ཤས་བེད་སྤྱོད་བྱས་ནས་ཐོབ་པའི་ཡོང་སྒོ་དེ་ནང་ནས་འོས་འཚམ་གྱི་མ་རྩ་འཐེན་རྗེས་ལྷག་མ་ཚང་མ་སྡེ་བདག་སྤྱི་ལ་སྤྲོད་དགོས།

       སྡོད་ཁུལ་ཁ་ཤས་ཀྱི་སྡེ་ལས་ཀུང་ཟིས་སྡེ་བདག་སྤྱི་འཐད་མིན་ལ་མི་ལྟ་བར།   རང་འདོད་ལྟར་སྡོད་ཁུལ་གྱི་རླངས་འཁོར་འཇོག་གནས་དང་གློག་སྐས།   སྐོར་ལམ།   གྱང་ངོ་།   ལུས་སྦྱོང་དགོས་ཆས་སོགས་སྡེ་བདག་སྤྱི་ལ་དབང་བའི་བར་སྟོང་ནང་བརྡ་ཁྱབ་སྒོ་བྱང་སོགས་བཙུགས་ནས་སྡེ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོགས་ན།   སྡེ་ལས་ཀུང་ཟི་དེ་ལ་ཐོབ་པའི་ཕན་ཆ་ལས་འོས་འཚམ་གྱི་མ་རྩ་འཐེན་རྗེས།   ལྷག་མ་ཚང་མ་སྡེ་བདག་སྤྱི་ལ་དབང་དགོས།

4.གནས་སྡོད་དབང་ཆ་ཅི་ལྟར་གསར་འཛུགས་བྱེད་དགོས།

          དམངས་དོན་ཁྲིམས་གཞུང་དོན་ཚན་སུམ་བརྒྱ་དྲུག་ཅུ་རེ་བདུན་ལས།    གནས་སྡོད་དབང་ཆ་གསར་འཛུགས་བྱེད་པ་ལ།    དོ་བདག་པས་ངེས་པར་དུ་ཡིག་ཐོག་གི་གནས་སྡོད་དབང་ཆའི་གན་རྒྱ་འབྲི་དགོས།

       གནས་སྡོད་དབང་ཆའི་གན་རྒྱ་ལ་སྤྱིར་བཏང་ཆ་རྐྱེན་འདི་དག་ཚང་དགོས།   ༡. དོ་བདག་པའི་རུས་མིང་དང་འབོད་མིང་ཁ་ཚང་ཡོད་པ།   སྡོད་གནས་གསལ་བོ་ཡོད་པ།    ༢. སྡོད་ཁང་གི་ས་གནས་ཡོད་པ།   ༣. གནས་སྡོད་ཀྱི་ཆ་རྐྱེན་དང་རེ་བ་ཡོད་པ།    ༤.གནས་སྡོད་ཀྱི་དུས་ཡུན་ཡོད་པ།    ༥.རྩོད་གཞི་བྱུང་ཚེ་ཐག་གཅོད་བྱེད་ཐབས་ཡོད་པ་བཅས་ཚང་དགོས།

       དམངས་དོན་ཁྲིམས་གཞུང་དོན་ཚན་སུམ་བརྒྱ་དྲུག་ཅུ་རེ་བརྒྱད་ལས།   གནས་སྡོད་དབང་ཆ་གསར་འཛུགས་དེ་རིན་ཚབ་མེད་པའི་འོག་འཇོག་དགོས་ལ།      འོན་ཀྱང་དོ་བདག་པར་བཤད་མཚམས་གཞན་ཡོད་པ་ཕུད་དགོས།   གནས་སྡོད་དབང་ཆ་གསར་འཛུགས་ལ་ངེས་པར་དུ་ཐོ་འགོད་ལས་ཁུངས་སུ་གནས་སྡོད་དབང་ཆ་ཐོ་འགོད་རེ་ཞུ་འདོན་དགོས།   གནས་སྡོད་དབང་ཆ་དེ་ཐོ་འགོད་བྱས་པ་ནས་ཚུགས་པ་ཡིན།

      ལོ་ལོན་ཁ་ཁེར་གྱིས་རང་གི་ཤུལ་འཛིན་མིན་པའི་གཞན་མི་དེས་རང་ལ་བདག་སྐྱོང་ཡུན་རིང་བྱས་པར་དྲིན་ལན་བཟོ་ཕྱིར།  རང་ཉིད་འདས་རྗེས་རང་གི་ཁང་པ་ནང་གཞན་མི་དེ་འདུག་དུ་འཇུག་པར་ཁས་ལེན་བྱས་ཡོད།    རྗེས་ཕྱོགས་ནས་རྩོད་གཞི་མི་འབྱུང་བའི་ཆེད།    ཕན་ཚུན་བར་ཡིག་ཐོག་གི་གནས་སྡོད་དབང་ཆའི་གན་རྒྱ་ཞིག་བྲིས་ན་ཧ་ཅང་བཟང་།   དེ་མིན་ད་རུང་།  གནས་སྡོད་དབང་ཆའི་གན་རྒྱ་ནང་དོ་བདག་པ་དང་སྡོད་ཁང་བར་གྱི་འབྲེལ་བ་དང་གནས་སྡོད་ཀྱི་ཆ་རྐྱེན།    གནས་སྡོད་ཀྱི་དུས་ཡུན་སོགས་གསལ་བོར་བྲིས་ཏེ་ཐོ་འགོད་བྱས་ཚེ།    རྗེས་ཕྱོགས་རྩོད་གཞི་བྱུང་རུང་རང་ཉིད་ལ་བདེན་དཔང་ཡོད་ངེས་ཡིན།

5.སྐྱི་དངུལ་གན་རྒྱ་ནང་སྐྱེད་ཀའི་གཏོང་ལེན་ཅི་ལྟར་ཡིན་དགོས།

  དམངས་དོན་ཁྲིམས་གཞུང་དོན་ཚན་དྲུག་བརྒྱ་བདུན་ཅུ་ལས།    སྐྱི་དངུལ་གྱི་སྐྱེད་ཀ་མ་དངུལ་ནང་ནས་སྔོན་ལ་འཐེན་མི་ཆོག     སྐྱེད་ཀ་སྔོན་ལ་མ་དངུལ་ནང་ནས་ཕྱིར་འཐེན་ན་ངེས་པར་དུ་དོན་དངོས་ལག་ཡོང་གི་གྲངས་ཀ་ལྟར་ཕྱིར་སྤྲོད་པ་དང་སྐྱེད་ཀ་ཡང་དེ་ལྟར་རྩིས་རྒྱག་དགོས།

        དམངས་དོན་ཁྲིམས་གཞུང་  དོན་ཚན་དྲུག་བརྒྱ་བརྒྱད་ཅུ་ལས།   སྐྱི་དངུལ་གྱི་སྐྱེད་ཀའི་ཚད་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་དང་འགལ་མི་ཆོག    སྐྱེད་ཆེའི་བུ་ལོན་ཕྱིར་གཏོང་གཏན་འགོག་བྱེད་དགོས།         སྐྱི་དངུལ་གན་རྒྱའི་ནང་སྐྱེད་ཀ་གཏོང་ལེན་བཤད་མཚམས་མེད་ཚེ།   སྐྱེད་ཀ་མེད་པ་ལྟར་འཇོག་དགོས།        སྐྱི་དངུལ་གན་རྒྱའི་ནང་སྐྱེད་ཀ་གཏོང་ལེན་བཤད་མཚམས་གསལ་བོ་མིན་པ་དང་དོ་བདག་པའི་བར་ཡང་གྲོས་མཐུན་ཁ་གསབ་མི་ཡོང་བ་ལ།  ས་གནས་དེ་དོ་བདག་པའི་ཉོ་ཚོང་བྱེད་ཕྱོགས་དང་ཉོ་ཚོང་གི་གོམས་གཤིས།     ཚོང་རའི་སྐྱེད་ཀའི་ཚད་བཅས་གཞིར་བཟུང་ནས་སྐྱེད་ཀ་ཐག་གཅོད་དགོས།   རང་བྱུང་མིའི་བར་གྱི་སྐྱི་དངུལ་ལ་སྐྱེད་ཀ་མེད་པར་འཇོག་དགོས།    

         སྐྱི་དངུལ་གྱི་ཁ་གྲངས་དང་སྐྱེད་ཀ་ནི་སྐྱི་དངུལ་གན་རྒྱ་ནང་གི་ནང་དོན་གཙོ་བོ་ཞིག་ཡིན།      སྐྱི་དངུལ་གན་རྒྱ་ནང་སྐྱེད་ཀ་གཏོང་ལེན་ལ་བཤད་མཚམས་མེད་ཚེ།    སྐྱེད་ཀ་མེད་པའི་གན་རྒྱ་ལྟར་འཇོག་དགོས།      དེ་མིན།    བཅའ་ཁྲིམས་ནང་སྐྱེད་ཆེའི་བུ་ལོན་ཕྱིར་གཏོང་ལ་གཏན་འགོག་བྱེད་པས།   སྐྱི་དངུལ་གྱི་སྐྱེད་ཀའི་ཚད་རྒྱལ་ཁབ་ཀྱི་གཏན་འཁེལ་དང་འགལ་མི་ཆོག།    

6.སྡེ་ཁུལ་གྱི་སྡེ་ལས་ཞབས་ཞུ་འགན་འཁྲི་གང་དག་ཡོད།

        དམངས་དོན་ཁྲིམས་གཞུང་དོན་ཚན་དགུ་བརྒྱ་བཞི་ཅུ་ཞེ་གཉིས་ལས།     སྡེ་ལས་ཞབས་ཞུ་མི་སྣས་ངེས་པར་དུ་སྡེ་ལས་བེད་སྤྱོད་ངོ་བོ་དང་བཤད་མཚམས་གཞིར་བཟུང་སྟེ།    སྡེ་ལས་ཞབས་ཞུ་དོ་དམ་བདག་གཉེར་ནང་ཁུལ་གྱི་རྩ་བའི་སྒྲིག་རིམ་དང་ཞིག་གསོ།    བདག་སྐྱོང་།   གཙང་སྦྲ།   ལྗང་སྒྱུར་སོགས་ལ་འོས་འཚམ་གྱིས་སྲུང་སྐྱོང་བྱས་ཏེ།    སྡེ་བདག་པའི་ལུས་སྲོག་བདེ་ཐང་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་འོས་འཚམ་བྱེད་དགོས།

          སྡེ་ལས་ཞབས་ཞུ་མི་སྣའི་འགན་འཁྲི་གཤམ་གསལ་ལྟར་:      ༡. སྡེ་ལས་ཞབས་ཞུ་ལ་བརྒྱུད་མངགས་བྱས་ནས་བྱུང་བའི་འབྲེལ་ཡོད་འགན་འཁྲི།     ༢. བདག་སྐྱོང་ཞིག་གསོ་ཡི་འགན་འཁྲི།     ༣.དོ་དམ་གྱི་འགན་འཁྲི།    ༤. དུས་བཅད་ལྟར་ཡར་ཞུ་བྱེད་པའི་འགན་འཁྲི།   ༥. བརྡ་སྤྲོད་ཀྱི་འགན་འཁྲི།     ༦.ཚུར་ལེན་ཕར་སྤྲོད་ཀྱི་འགན་འཁྲི།    ༧. མུ་མཐུད་དོ་དམ་གྱི་འགན་འཁྲི་བཅས་སོ།    དེ་དང་མཐུན་པར།    སྡེ་བདག་གིས་ཡང་དུས་ལྟར་བཤད་མཚམས་བཞིན་སྡེ་ལས་ཞབས་ཞུ་ལ་དངུལ་ཡོན་སྤྲོད་དགོས།

7.ལས་ཁུངས་ལ་ཆགས་སྲེད་བཙན་སློང་གི་བྱ་སྤྱོད་དེར་སྔོན་འགོག་དང་བཀག་རྒྱ་བྱེད་པའི་འོས་འགན་ཡོད་དམ།

     དམངས་དོན་ཁྲིམས་གཞུང་དོན་ཚན་ཆིག་སྟོང་བརྒྱ་མེད་བཅུ་ཐམ་པ་ལས།   མི་གཞན་གྱི་འདོད་བློ་དང་འགལ་ནས་སྐད་ཆ་དང་ཡི་གེ    བརྙན་རིས། ཡན་ལག་རེག་པ་སོགས་ཀྱི་རྣམ་པའི་སྒོ་ནས་མི་གཞན་ལ་ཆགས་སྲེད་བཙན་སློང་བྱེད་པའི་བྱ་སྤྱོད་ལ།    གནོད་འཚེ་ཕོག་མི་དེས་ཆགས་སྲེད་སློང་མཁན་དེར་ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་དུ་འཇུག་པའི་དབང་ཆ་ཡོད།

         སྡེ་ཁག་དང་ཁེ་ལས།    སློབ་གྲྭ་སོགས་ལས་ཁུངས་ཀྱིས་ངེས་པར་དུ་དེར་སྔོན་འགོག་དང་ཞུ་གཏུག་བདག་སྤྲོད།    བརྟག་དཔྱད་ཐག་གཅོད་སོགས་འོས་འཚམ་གྱི་ཐབས་ལམ་སྤྱད་ནས།   དབང་ཆ་ཡོད་པ་དང་མངའ་འོག་ལས་མི་ཡིན་པའི་འབྲེལ་བ་སྤྱད་ནས་ཆགས་སྲེད་བཙན་སློང་བྱེད་པ་ལ་སྔོན་འགོག་དང་བཀག་རྒྱ་བྱེད་དགོས།  

       ཆགས་སྲེད་བཙན་སློང་གི་བྱ་སྤྱོད་ནི་གནོད་འཚེ་ཕོག་མི་དེའི་མི་གཤིས་ཁེ་དབང་དང་ལ་རྒྱ།   རང་དབང་སོགས་ལ་གནོད་སྐྱེལ་ནས།    གནོད་འཚེ་ཕོག་མི་དེ་ལ་སེམས་སྡུག་དང་སེམས་ཁྲེལ།   སྐྲག་སྣང་སོགས་བྱུང་ནས་མིའི་བདེ་ཐང་ལ་གནོད་སྐྱེལ་ཡོང་བ།    བཅའ་ཁྲིམས་ཀྱིས་བཀག་རྒྱ་བྱས་ཡོད་པའི་ཆགས་སྲེད་བཙན་སློང་གི་བྱ་སྤྱོད་ལ་ཟེར།      

       ཆགས་སྲེད་བཙན་སློང་གི་བྱ་སྤྱོད་ལ་ཆ་རྐྱེན་དྲུག་ཚང་དགོས།     ༡.ཆགས་སྲེད་བཙན་སློང་ནང་གནོད་འཚེ་ཕོག་མི་རང་བྱུང་མི་ཡིན་དགོས།   ༢.སྤྱོད་པ་དེ་ཆགས་སྲེད་དང་འབྲེལ་བ་ཡོད་པ།    ༣.མི་གཞན་གྱི་འདོད་བློ་དང་རྒྱབ་འགལ་ཡིན་པ།    ༤. སྤྱོད་པ་ཚབས་ཆེན་ཡིན་པ།   ༥. སྤྱོད་པའི་དམིགས་ཡུལ་མངོན་གསལ་ཡིན་པ།    ༦.བྱ་སྤྱོད་བྱེད་མཁན་དེ་བསམ་བཞིན་ཡིན་པ་བཅས་ཚང་དགོས།

8.ཆ་འཕྲིན་སྡུད་སྒྲུག་མཁན་དང་ཚོད་འཛིན་མཁན་གྱིས་ཁོ་ཚོས་སྡུད་སྒྲུག་དང་གསོག་འཇོག་བྱས་ཡོད་པའི་མི་སྒེར་གྱི་ཆ་འཕྲིན་དེ་མི་གཞན་ལ་མཁོ་འདོན་བྱས་ཆོག་གམ།

        དམངས་དོན་ཁྲིམས་གཞུང་དོན་ཚན་ཆིག་སྟོང་བརྒྱ་མེད་སུམ་ཅུ་སོ་བརྒྱད་ལས།   ཆ་འཕྲིན་ཐག་གཅོད་བྱེད་མི་དེས་ཁོས་སྡུད་སྒྲུག་གསོག་འཇོག་བྱས་ཡོད་པའི་མི་སྒེར་གྱི་ཆ་འཕྲིན་ཕྱིར་བསྒྲགས་དང་གཡོ་བཅོས་བྱས་མི་ཆོག    རང་བྱུང་མི་འཐད་པ་མ་བྱུང་བར་ཁྲིམས་འགལ་གྱིས་མི་གཞན་ལ་མི་སྒེར་གྱི་ཆ་འཕྲིན་མཁོ་འདོན་བྱས་མི་ཆོག  འོན་ཀྱང་ལས་སྣོན་བརྒྱུད་ནས་ཆེད་དམིགས་ཀྱི་མི་སྒེར་སུ་ཡིན་དབྱེ་འབྱེད་མི་ཐུབ་པ་མ་ཟད།    ཉམས་པ་སླར་གསོ་བྱེད་མི་ཐུབ་པ་ཕུད།

      ཆ་འཕྲིན་ཐག་གཅོད་བྱེད་མཁན་གྱིས་ངེས་པར་དུ་ཁྱད་པར་གྱི་ལག་རྩལ་དང་བྱེད་ཐབས་སྤྱད་ནས།   སྡུད་སྒྲུག་དང་གསོག་འཇོག་བྱས་ཡོད་པའི་མི་སྒེར་གྱི་ཆ་འཕྲིན་ཕྱིར་བསྒྲགས།    གཡོ་བཅོས།     བོར་བརླག་སོགས་མི་བྱེད་པར་ཁག་ཐེག་བྱེད་དགོས།

        མི་སྒེར་གྱི་ཆ་འཕྲིན་ཕྱིར་བསྒྲགས་དང་གཡོ་བཅོས།   བོར་བརླག་བྱུང་ཚེ་ངེས་པར་དུ་དུས་ཐོག་ཏུ་གསབ་བཅོས་བྱ་བ་དང་གཏན་འཁེལ་ལྟར་རང་བྱུང་མི་ལ་ཤེས་སུ་འཇུག་པ་དང་ལྷན་འབྲེལ་ཡོད་ལས་ཁུངས་ལ་ཡར་ཞུ་བྱ་དགོས།

        ཚན་རིག་ལག་རྩལ་ཉིན་རེ་བཞིན་འཕེལ་རྒྱས་དང་བསྟུན།   གཞི་གྲངས་ནི་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བའི་སྐབས།    གཞི་གྲངས་ཀྱི་འཚོལ་བསྡུ་དང་མཉམ་སྤྱོད་ཀྱི་ཐབས་ལམ་ལ་ཡང་འགྱུར་ལྡོག་འབྱུང་བཞིན་ཡོད།    རྒྱལ་ཁབ་ཀྱིས་ཕྱོགས་གཅིག་ནས་གཞི་གྲངས་ཀྱི་གསར་སྤེལ་དང་བེད་སྤྱོད།    མཉམ་སྤྱོད་ལ་སྐུལ་སློང་བྱས་ཏེ་གཞི་གྲངས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་།    ཕྱོགས་གཞན་ཞིག་ནས་མི་སྒེར་ཆ་འཕྲིན་སྲུང་སྐྱོང་བྱས་ཏེ།    གཞི་གྲངས་མཉམ་སྤྱོད་དང་མི་སྒེར་ཆ་འཕྲིན་གྱི་ཁེ་ཕན་འདྲ་མཉམ་ཡོང་བར་དོ་སྣང་བྱེད་བཞིན་ཡོད།    དེ་བས།     བཅའ་ཁྲིམས་ནང་ཆ་འཕྲིན་སྡུད་སྒྲུག་དང་ཚོད་འཛིན་བྱེད་མཁན་གྱིས་མི་སྒེར་གྱི་ཆ་འཕྲིན་ལ་ལས་སྣོན་བྱས་ཏེ།     ཆེད་དམིགས་ཀྱི་མི་སུ་ཡིན་པ་མི་ཤེས་པ་དང་ཉམས་པ་སླར་གསོ་མི་ཐུབ་པའི་གནས་ཚུལ་འོག།    ཆ་འཕྲིན་གྱི་མི་སྒེར་དེར་མ་དྲིས་པར་མི་གཞན་ལ་མཁོ་འདོན་བྱས་ན་ཆོག་ཅེས་གཏན་འཁེལ་བྱས་ཡོད།

9.ཁྱོ་ཤུག་གཉིས་གྲོས་འཆམ་ལྟར་དམངས་སྲིད་ལས་ཁུངས་ནང་སོང་ནས་གཉེན་འཐོར་བྱེད་པ་ལ།    ཉིན་གཅིག་གི་ནང་གཉེན་འཐོར་ཡི་གེ་ལེན་ཐུབ་བམ།

      དམངས་དོན་ཁྲིམས་གཞུང་དོན་ཚན་ཆིག་སྟོང་བརྒྱ་མེད་བདུན་ཅུ་དོན་བདུན་ལས།     གཉེན་སྒྲིག་ཐོ་འགོད་ལས་ཁུངས་ལ་གཉེན་འཐོར་ཡར་ཞུ་རེ་འདུན་འཕྲོད་པ་ནས་བཟུང་ཉིན་སུམ་ཅུ་ནང་།    ཕྱོགས་གང་ཞིག་གཉེན་འཐོར་ལ་མི་འཐད་ན་གཉེན་སྒྲིག་ལས་ཁུངས་ལ་གཉེན་འཐོར་ཞུ་ཡིག་ཕྱིར་འཐེན་གྱི་རེ་བ་བཏོན་ན་ཆོག

          དོན་ཚན་གོང་མའི་དུས་བཅད་ཉིན་སུམ་ཅུ་ལོན་རྗེས།   ཁྱོ་ཤུག་གཉིས་ཀ་དངོས་སུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ལ་སོང་ནས་གཉེན་འཐོར་བྱེད་པར་ཡར་ཞུ་བྱེད་དགོས།    ཡར་ཞུ་མི་བྱེད་པ་ལ་གཉེན་མི་འཐོར་བའི་ཡར་ཞུ་ལྟར་ཐོ་འགོད་བྱེད་ངེས་ཡིན།

        གཉེན་འཐོར་བབ་བརླིང་གི་སྐབས་ནི།    ཕོ་མོ་གཉིས་ཀ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ནང་སོང་ནས་གཉེན་འཐོར་བྱེད་ན།    གཉེན་སྒྲིག་ཐོ་འགོད་ལས་ཁུངས་ལ་གཉེན་འཐོར་གྱི་ཡར་ཞུ་ཡི་གེ་འཕྲོད་པ་ནས་བཟུང་ཉིན་སུམ་ཅུ་ནང་ཕྱོགས་གང་ཞིག་མ་ཐོན་ན།   གཉེན་མི་འཐོར་བར་ཡར་ཞུ་བྱས་པར་རྩིས་ངེས་ཡིན།

10.བུ་ལོན་གང་དག་ནི་ཁྱོ་ཤུག་གཉིས་ཀའི་ ༼ཁྱིམ་ཚང་༽ཐུན་མོང་གི་བུ་ལོན་ཡིན།

        དམངས་དོན་ཁྲིམས་གཞུང་དོན་ཚན་ཆིག་སྟོང་བརྒྱ་མེད་དྲུག་ཅུ་རེ་བཞི་ལས།    ཁྱོ་ཤུག་གཉིས་ཀའི་མཉམ་དུ་མིང་བཀོད་པ་དང་ཡང་ན་ཁྱོ་ཤུག་ཕྱོགས་གཅིག་གིས་རྗེས་སུ་ཁས་ལེན་བྱེད་པ་དང་།    ཁྱོ་ཤུག་བཟའ་ཟླ་ཕྱོགས་གཅིག་གིས་བཟའ་ཚང་གི་འབྲེལ་བ་གནས་པའི་སྐབས་སུ་ཁྱིམ་ཚང་གི་རྒྱུན་ལྡན་འཚོ་བར་དགོས་མཁོ་ཡོད་པའི་མིང་ཐོག་ནས་སྐྱིས་པའི་བུ་ལོན་ནི་ཁྱོ་ཤུག་གཉིས་ཀའི་ཐུན་མོང་གི་བུ་ལོན་ཡིན།    

      ཁྱོ་ཤུག་ཕྱོགས་གཅིག་གིས་བཟའ་ཚང་གི་འབྲེལ་བ་གནས་པའི་སྐབས་སུ་རང་གི་མིང་ཐོག་ནས།    ཁྱིམ་ཚང་གི་རྒྱུན་ལྡན་འཚོ་བའི་དགོས་མཁོ་ལས་བརྒལ་བའི་བུ་ལོན་བྱས་པ་དེ་ཁྱོ་ཤུག་གཉིས་ཀའི་ཐུན་མོང་གི་བུ་ལོན་དུ་མི་རྩིས།    འོན་ཀྱང་།    བུན་བདག་གིས་བུ་ལོན་དེ་ཁྱོ་ཤུག་གཉིས་ཀའི་འཚོ་བ་དང་ཐུན་མོང་གི་ཐོན་སྐྱེད་བདག་གཉེར་ལ་བཀོལ་བ་བདེན་དཔང་བྱེད་ཐུབ་པ་དང་།  ཡང་ན་ཁྱོ་ཤུག་གཉིས་ཀའི་ཁས་ལེན་པ་ཕུད་དགོས།

         ཁྱོ་ཤུག་གཉིས་ཐུན་མོང་གི་བུ་ལོན་ནི།     ཁྱོ་ཤུག་གཉིས་བཟའ་ཚང་གི་འབྲེལ་བ་གནས་པའི་སྐབས་སུ་ཁྱོ་ཤུག་གཉིས་ཀས་ཁས་ལེན་པའི་བུ་ལོན་དང་།   ཡང་ན་བཟའ་ཟླ་ཕྱོགས་གཅིག་གིས་ཁྱིམ་ཚང་གི་རྒྱུན་ལྡན་འཚོ་བའི་དགོས་མཁོ་ལ་བྱས་པའི་བུ་ལོན་ལ་ཟེར།   བྱེ་བྲག་ཏུ་བཤད་ན།     ཁྱོ་ཤུག་གཉིས་ཐུན་མོང་གི་བུ་ལོན་ལ་རྣམ་པ་གསུམ་ཡོད།   ༡. ཁྱོ་ཤུག་གཉིས་ཀ་ཡིད་འཐད་སྒོ་ནས་བྱས་པའི་བུ་ལོན།    ༢. ཁྱོ་ཤུག་བཟའ་ཟླ་ཕྱོགས་གཅིག་གིས་ཁྱིམ་ཚང་གི་རྒྱུན་ལྡན་འཚོ་བའི་དགོས་མཁོར་བྱས་པའི་བུ་ལོན།    ༣. ཁྱོ་ཤུག་བཟའ་ཟླ་ཕྱོགས་གཅིག་གིས་སྐྱི་པ་རྒྱུན་ལྡན་གྱི་ཁྱིམ་ཚང་དགོས་མཁོ་ལས་བརྒལ་ཡང་།    བུ་ལོན་དེ་ཁྱོ་ཤུག་གཉིས་ཐུན་མོང་གི་འཚོ་བ་དང་ཐུན་མོང་གི་ཐོན་སྐྱེད་བདག་གཉེར་ལ་བཀོལ་པ།   ཡང་ན་ཁྱོ་ཤུག་གཉིས་ཀས་ཁས་ལེན་པའི་བུ་ལོན།

11.སྤྱི་དམངས་ཀྱིས་རྣམ་པ་གང་ཞིག་བརྒྱུད་ནས་ཁ་ཆེམས་བཞག་ན་ཆོག

         དམངས་དོན་ཁྲིམས་གཞུང་དོན་ཚན་ཆིག་སྟོང་ཆིག་བརྒྱ་སུམ་ཅུ་སོ་བརྒྱད་ལས།    ཁ་ཆེམས་འཇོག་མི་དེ་ཉེན་ཁ་ན་ཡོད་དུས་ངག་ཐོག་གི་ཁ་ཆེམས་བཞག་ན་ཆོག    ངག་ཐོག་གི་ཁ་ཆེམས་ལ་ངེས་པར་དུ་དཔང་མི་གཉིས་ཡན་ཆད་ཡུལ་དངོས་ན་ཡོད་དགོས།    ཉེན་ཁ་ལས་གྲོལ་རྗེས་ཁ་ཆེམས་འཇོག་མཁན་དེ་ཡིག་ཐོག་དང་ཡང་ན་སྒྲ་དང་བརྙན་ཕབ་ལེན་གྱི་སྒོ་ནས་ཁ་ཆེམས་བཞག་ན།    སྔོན་མའི་ངག་ཐོག་གི་ཁ་ཆེམས་དེ་ནུས་པ་མེད་འགྲོ  

       ངག་ཐོག་གི་ཁ་ཆེམས་ལ་ཆ་རྐྱེན་ངེས་ཅན་ཞིག་ཚང་བའི་སྐབས་ད་གཟོད་ནུས་པ་ཡོད་པ་ཡིན།    ཡིན་ཡང་རྩོད་གཞི་མི་འབྱུང་བའི་ཆེད་རབ་ཡིན་ན་གཤམ་གྱི་ཐབས་ལམ་བཀོལ་གང་ཐུབ་བྱས་ན་བཟང་བསམ།   ༡. ཁ་ཆེམས་དངོས་བྲིས་མ།    འདི་ནི་རང་ཉིད་ཀྱིས་དངོས་སུ་བྲིས་ཤིང་རང་ཉིད་ཀྱི་མིང་བཀོད་ཡོད་པ་དང་ལོ་དང་ཟླ་ཚེས་གསལ་བོ་ཡིན་དགོས།   ༢. ཁ་ཆེམས་ཚབ་བྲིས་མ།     འདི་ནི་མི་གཞན་གྱིས་རང་ཉིད་ཀྱི་ཚབ་བྱས་ཏེ་བྲིས་པའི་ཁ་ཆེམས་ཡིན།   འདི་ལ་ངེས་པར་དུ་ཡུལ་དངོས་ནས་དཔང་མི་གཉིས་ཡན་ཆད་ཡོད་དགོས་པ་དང་།  དཔང་མི་ནང་ནས་གཅིག་སྐུ་ཚབ་བྱས་ཏེ་ཡི་གེ་བྲིས་ན་ཆོག་ལ།    ཁ་ཆེམས་འཇོག་མི་དང་སྐུ་ཚབ་པ།  དཔང་མི་གཞན་པ་ཚང་མས་ཁ་ཆེམས་སྟེང་དངོས་མིང་དང་ཟླ་ཚེས་གསལ་བོ་འགོད་དགོས།   ༣. ཁ་ཆེམས་ཡིག་དཔར་མ།    འདི་ནི་ལག་རྩལ་སྒྲིག་ཆས་ལ་བསྟེན་ནས་བྲིས་དཔར་བཏབ་པ་ཞིག་ཡིན་པས།    ངེས་པར་དུ་ཡུལ་དངོས་ནས་དཔང་མི་གཉིས་ཡན་ཡོད་དགོས་པ་དང་།   ཁ་ཆེམས་འཇོག་མི་དང་དཔང་མི་ཚང་མས་ཁ་ཆེམས་ཀྱི་ཤོག་ངོས་རེ་རེ་སྟེང་མིང་དང་ཟླ་ཚེས་འགོད་དགོས།   ༤. ཁ་ཆེམས་སྒྲ་བརྙན་ཅན།    འདི་ནི་ཁ་ཆེམས་འཇོག་མིའི་སྒྲ་དང་བརྙན་ཕབ་ལེན་བྱས་ཡོད་པའི་ཁ་ཆེམས་ཞིག་ཡིན།   འདི་ལ་ཡང་ཡུལ་དངོས་ནས་དཔང་མི་གཉིས་ཡན་ཆད་དགོས་པ་དང་།    ཁ་ཆེམས་འཇོག་མི་དང་དཔང་མིའི་སྒྲ་དང་གཟུགས་བརྙན་གང་རུང་ཕབ་ལེན་བྱེད་དགོས་པ་ན་མ་ཟད་ཟླ་ཚེས་གསལ་ཡོད་དགོས།   ཁ་ཆེམས་དངོས་བྲིས་མ་ལས་གཞན་པའི་ཁ་ཆེམས་ཚང་མའི་ནང་ཡུལ་དངོས་ནས་དཔང་མི་གཉིས་ཡན་ཆད་ཡོད་པ་དང་དེ་ཚོས་དངོས་མིང་འགོད་དགོས།།   དེ་མེད་ན་ཁ་ཆེམས་དེར་ཁྲིམས་ལུགས་ཀྱི་ནུས་པ་མེད།

12.བུ་ཕྲུག་གིས་ཕ་མར་མནར་གཅོད་ཚབས་ཆེན་བྱས་ན།   བུ་ཕྲུག་དེ་ཕ་མའི་ཤུལ་དངོས་ད་རུང་ཤུལ་འཛིན་བྱེད་ཐུབ་བམ།  

        དམངས་དོན་ཁྲིམས་གཞུང་དོན་ཚན་ཆིག་སྟོང་ཆིག་བརྒྱ་ཉི་ཤུ་རྩ་ལྔ་ལས།    ཤུལ་འཛིན་མཁན་ལ་གཤམ་གྱི་བྱ་སྤྱོད་ལས་སྣ་གཅིག་ལྡན་ན།     དེ་ལ་ཤུལ་འཛིན་གྱི་དབང་ཆ་མེད།  

         ༡. བསམ་བཞིན་ཤུལ་དངོས་འཇོག་མཁན་བསད་པ།   ༢. ཤུལ་དངོས་འཕྲོག་ལེན་བྱེད་ཆེད་ཤུལ་འཛིན་མཁན་གཞན་པ་བསད་པ།   ༣. ཤུལ་དངོས་འཇོག་མི་དེ་ཕྱིར་དོར་བ་དང་ཡང་ན་དེ་ལ་མནར་གཅོད་ཚབས་ཆེན་བཟོས་པ།  ༤. ཁ་ཆེམས་རྫུན་བཟོ་དང་གཡོ་བཅོས།    སྦ་གསང་བྱེད་པ།   ཡང་ན་མེད་པར་བཟོས་པའི་གནས་ཚུལ་ཚབས་ཆེན་ཡིན་པ།  ༥. མགོ་སྐོར་གཏོང་བ་དང་བཙན་སྐུལ་བྱེད་པ།   ཡང་ན་ཁ་ཆེམས་གསར་དུ་འཇོག་པ་དང་སྒྱུར་བ།  ཕྱིར་འཐེན་བྱེད་པར་བར་ཆད་བཏང་པ་ཚབས་ཆེན་ཡིན་པ།    

        བུ་ཕྲུག་གིས་ཕ་མའི་ཤུལ་བཞག་དངོས་པོ་ཤུལ་འཛིན་བྱེད་པ་དེ་བཤད་མི་དགོས་རང་འགྲུབ་ཡིན་ནའང་།   སྙིང་རྗེ་མེད་པའི་བུ་ཕྲུག་མང་པོ་ཞིག་གིས་དུས་རྒྱུན་ཕ་མ་ལ་སྲི་ཞུ་མེད་པ་དང་ཁ་ཡ་མི་བྱེད་པར་མ་ཟད།   དེ་ལས་ཕ་མ་ལ་མནར་གཅོད་བྱེད་པ་དང་སྒོ་ཕྱིར་ཕུད་པ་སོགས་ཀྱི་གནས་ཚུལ་ཚབས་ཆེན་ཡིན།  ཕ་མ་ཚེ་ལས་འདས་རྗེས་ཤུལ་དངོས་ཅི་ལྟར་བགོ་བཤའ་བྱེད་པ་ཁོ་ན་བསམ་བཞིན་ཡོད་པས།    བཅའ་ཁྲིམས་ཀྱིས་ཤུལ་འཛིན་མཁན་ལ་གོང་གི་བྱ་སྤྱོད་དེ་དག་ལྡན་ན་ཤུལ་འཛིན་གྱི་དབང་ཆ་མེད་པར་གཏན་འཁེལ་བྱས་པ་ཡིན།  འོན་ཀྱང་།    དམངས་དོན་ཁྲིམས་གཞུང་ནང་གསར་དུ་གུ་ཡངས་ལམ་ལུགས་ཤིག་ཁ་སྣོན་བྱས་ཡོད་པ་ནི།   ཤུལ་འཛིན་མཁན་ལ་སེམས་སྟེང་ནས་འགྱོད་བཤགས་སྐྱེས་ཡོད་པ་དང་ཤུལ་དངོས་འཇོག་མཁན་གྱི་ཡང་གུ་ཡངས་བྱས་པ།   རྗེས་སུ་ཁ་ཆེམས་ནང་ཡང་བཞག་ཡོད་པ་ལ་ཤུལ་འཛིན་གྱི་དབང་ཆ་ཡོད།   ལམ་ལུགས་འདི་ལས་ཤུལ་དངོས་འཇོག་མཁན་གྱིས་ཤུལ་དངོས་ཐག་གཅོད་བྱེད་པ་ལ་རང་ཚུགས་འདོད་བློའི་ལྟ་བ་མངོན་ཡོད་པ་དང་།   དེ་ཡང་དམངས་ཁྲིམས་ཀྱི་བསམ་དོན་རང་སྐྱོང་གི་རྩ་བའི་རྩ་དོན་དང་མཐུན་པ་མཚོན་ཡོད།

13.དྲ་རྒྱའི་དབང་གནོད་བྱ་སྤྱོད་ལ་དྲ་ཚིགས་ཀྱིས་དུས་ཐོག་དུ་བཀག་འགོག་གི་ཐབས་ལམ་མ་སྤྱད་ན་འགན་འཁྲི་ཁུར་དགོས་སམ།

      དམངས་དོན་ཁྲིམས་གཞུང་དོན་ཚན་ཆིག་སྟོང་ཆིག་བརྒྱ་གོ་ལྔ་ལས།   དྲ་རྒྱ་སྤྱོད་མཁན་གྱིས་དྲ་རྒྱའི་ཞབས་ཞུར་བསྟེན་ནས་དབང་གནོད་ཀྱི་བྱ་སྤྱོད་བྱེད་ངཔ་ལ།    ཁེ་དབང་འཛིན་མཁན་གྱིས་དྲ་རྒྱ་ཞབས་ཞུ་མཁོ་སྤྲོད་མཁན་ལ་དྲ་བའི་སྦྲེལ་ལམ་གཅོད་པ་དང་སུབ་པ།   སྒྲིབ་པ་སོགས་དགོས་ངེས་ཀྱི་བརྡ་སྦྱོར་གཏོང་རྒྱུ་དབང་ཆ་ཡོད།   བརྡ་སྦྱོར་ནང་དངང་གནོད་དུ་གྲུབ་པའི་ཐོག་མའི་བདེན་དཔང་དང་ཁེ་དབང་འཛིན་མཁན་དེ་ཐོབ་ཐང་ངོ་མ་ངེས་པར་ཡོད་དགོས།

        དྲ་རྒྱ་ཞབས་ཞུ་མཁོ་སྤྲོད་མཁན་ལ་བརྡ་སྦྱོར་འབྱོར་མ་ཐག   ངེས་པར་དུ་བརྡ་སྦྱོར་དེ་འབྲེལ་ཡོད་ཀྱི་དྲ་རྒྱ་སྤྱོད་མཁན་ལ་དུས་ལྟར་བརྒྱུད་སྐུར་བྱས་ཏེ།   དབང་གནོད་གྲུབ་པའི་ཐོག་མའི་བདེན་དཔང་དང་ཞབས་ཞུ་རིགས་གཞིར་བཟུང་ནས་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་དགོས།   དུས་ལྟར་བྱེད་ཐབས་མ་སྤྱད་པར་གནོད་འཚེ་ཕོག་པ་རྒྱ་ཆེར་གྱུར་པའི་སྐོར།   དྲ་རྒྱ་སྤྱོད་མཁན་དང་ཞོར་འབྲེལ་གྱི་འགན་འཁྲི་ཁུར་དགོས།

        ཁེ་དབང་འཛིན་མཁན་གྱི་ནོར་འཁྲུལ་བརྡ་སྦྱོར་གྱིས་དྲ་རྒྱ་སྤྱོད་མཁན་དང་ཡང་ན་དྲ་རྒྱ་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་ལ་གནོད་འཚེ་བཟོས་ན།   ངེས་པར་དུ་དབང་གནོད་ཀྱི་འགན་འཁྲི་ཁུར་དགོས།    བཅའ་ཁྲིམས་ལས་གཏན་འཁེལ་གཞན་ཡོད་ན་དེ་གཞིར་འཛིན་དགོས།

        འཕྲིན་སྦྲེལ་དྲ་བའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས།   དྲ་རྒྱའི་དབང་གནོད་བྱ་སྤྱོད་དེ་སྔར་ལས་རྙོག་འཛིང་ཅན་དུ་གྱུར་ཡོད།  ཁེ་དབང་འཛིན་མཁན་གྱི་ཁེ་ཕན་སྲུང་སྐྱོང་དང་དྲ་རྒྱ་སྤྱོད་མཁན།    དྲ་རྒྱའི་ཞབས་ཞུ་མཁོ་སྤྲོད་མཁན་བར་གྱི་ཁེ་ཕན་འདྲ་མཉམ་བཅས་ཡོང་ཆེད།    དམངས་དོན་ཁྲིམས་གཞུང་ལས།    དྲ་རྒྱ་ཞབས་ཞུ་མཁོ་སྤྲོད་མཁན་ལ་བརྡ་སྦྱོར་འབྱོར་མ་ཐག    ངེས་པར་དུ་བརྡ་སྦྱོར་དེ་འབྲེལ་ཡོད་ཀྱི་དྲ་རྒྱ་སྤྱོད་མཁན་ལ་དུས་ལྟར་བརྒྱུད་སྐུར་བྱས་ཏེ།    དབང་གནོད་གྲུབ་པའི་ཐོག་མའི་བདེན་དཔང་དང་ཞབས་ཞུ་རིགས་གཞིར་བཟུང་ནས་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་དགོས།    དུས་ལྟར་བྱེད་ཐབས་མ་སྤྱད་པར་གནོད་འཚེ་ཕོག་པ་རྒྱ་ཆེར་གྱུར་པའི་སྐོར།    དྲ་རྒྱ་སྤྱོད་མཁན་དང་ཞོར་འབྲེལ་གྱི་འགན་འཁྲི་ཁུར་དགོས།

14.བར་སྣང་ནས་ལྷུང་བ་དང་འཕངས་པའི་དངོས་པོས་མི་ལ་རྨས་སྐྱོན་བཟོས་ན་སུས་འགན་འཁུར་དགོས།

        དམངས་དོན་ཁྲིམས་གཞུང་དོན་ཚན་ཆིག་སྟོང་ཉིས་བརྒྱ་ལྔ་བཞི་ལས།   བཟོ་བཀོད་ཀྱི་སྟེང་ནས་དངོས་པོ་གཏན་ནས་འཕངས་མི་ཆོག     བཟོ་དཀོད་ཀྱི་སྟེང་ནས་དངོས་པོ་འཕེན་པ་དང་ཡང་ན་དངོས་པོ་ལྷུང་ནས་མི་ལ་གནོད་སྐྱོན་བཟོས་ན།        དབང་གནོད་བྱེད་མཁན་དེ་ངེས་པར་དུ་ཁྲིམས་ལྟར་འགན་ཁུར་དགོས།   བརྟག་དཔྱད་བྱས་ནས་དབང་གནོད་བྱེད་མཁན་དེ་སུ་ཡིན་གསལ་བོ་མི་ཤེས་ཚེ།   རང་ཉིད་དབང་གནོད་བྱེད་མཁན་མིན་པ་བདེན་དཔང་བྱེད་ཐུབ་པ་ཕན་ཆད་ཀྱི་གནོད་སྐྱེལ་བཟོ་བར་སྙམ་པའི་བཟོ་བཀོད་བེད་སྤྱོད་མི་སྣས་སྐྱིན་ཚབ་ཁ་སྣོན་བྱེད་དགོས།   ཁོ་ཚོས་སྐྱིན་ཚབ་བརྒྱབ་རྗེས་དབང་གནོད་བྱེད་མཁན་ངོ་མ་དེ་ལ་སྐྱིན་ཚབ་རྗེས་འདེད་བྱེད་པའི་དབང་ཆ་ཡོད།

           སྡེ་ལས་ཞབས་ཞུ་ཁེ་ལས་སོགས་བཟོ་བཀོད་དོ་དམ་མི་སྣས་ངེས་པར་དུ་བདེ་འཇགས་ལ་དགོས་ངེས་ཀྱི་འགན་སྲུང་ཐབས་ལམ་སྤྱད་ནས།  གོང་གི་ཚན་པ་ནང་གཏན་འཁེལ་བྱས་པའི་གནས་ཚུལ་མི་འབྱུང་བ་ལ་སྔོན་འགོག་བྱེད་དགོས།   བདེ་འཇགས་འགན་སྲུང་ཐབས་ལམ་མ་སྤྱད་པ་ལ་ཁྲིམས་ལྟར་བདེ་འཇགས་འགན་སྲུང་མ་སྒྲུབ་པའི་དབང་གནོད་འགན་འཁྲི་ཁུར་དགོས།

        དོན་ཚན་འདིའི་ཚན་པ་དང་བོ་ནང་གི་གནས་ཚུལ་བྱུང་ཚེ།   སྤྱི་བདེ་ལས་ཁུངས་སོགས་ངེས་པར་དུ་དུས་ཐོག་དུ་ཐོན་ནས་དབང་གནོད་སུ་ཡིན་མིན་ལ་བརྟག་དཔྱད་གསལ་བོ་བྱེད་དགོས།

          དམངས་དོན་ཁྲིམས་གཞུང་གིས་མི་དམངས་མང་ཚོགས་ཀྱི་མགོ་ཐོག་གི་བདེ་འཇགས་འགན་སྲུང་བྱེད་ཆེད།     སྔོན་ལས་ལྷག་པར་བར་སྣང་ནས་དངོས་པོ་འཕེན་པ་དང་ལྷུང་བ་ལ་སྒྲིག་སྲོལ་ཆ་ཚང་ཞིག་བཙུགས་ཡོད།     དང་པོ།     བཟོ་བཀོད་ལས་དངོས་པོ་འཕེན་པ་ལ་མངོན་གསལ་གྱི་གཏན་འགོག་བྱས་ཡོད།    གཉིས་པ།     བར་སྣང་ནས་ལྷུང་བ་དང་འཕངས་པའི་དངོས་པོས་མི་ལ་རྨས་སྐྱོན་བཟོས་ཚེ།    དབང་གནོད་བྱེད་མཁན་དེ་ཁྲིམས་ལྟར་འགན་འཁྲི་ཁུར་དགོས།     དབང་གནོད་བྱེད་མཁན་སུ་ཡིན་ཐག་གཅོད་དཀའ་ན།   བཟོ་བཀོད་བེད་སྤྱོད་མཁན་ལས་གནོད་སྐྱོན་བཟོ་ཡོང་བར་སྙམ་པའི་མིས་སྐྱིན་ཚབ་ཁ་གསབ་བྱེད་དགོས།  རྗེས་སུ་དབང་གནོད་བྱེད་མཁན་ངོ་མ་དེ་ཤེས་རྗེས་དེ་ལ་སྐྱིན་ཚབ་རྗེས་འདེད་བྱེད་པའི་དབང་ཆ་ཡོད།   གསུམ་པ།     སྤྱི་བདེ་ལས་ཁུངས་སོགས་དུས་ཐོག་དུ་བར་སྣང་དངོས་བོ་འཕངས་པའི་དོན་རྐྱེན་ལ་བརྟག་དཔྱད་བྱས་ནས་དབང་གནོད་མི་སྣ་བཙལ་བ་གསར་དུ་ཁ་སྣོན་བྱས་ཡོད།   མཐའ་མར།   སྡེ་ལས་ཞབས་ཞུ་ཁེ་ལས་སོགས་བཟོ་བཀོད་དོ་དམ་མི་སྣས་ངེས་པར་དུ་བདེ་འཇགས་འགན་སྲུང་གི་ཐབས་ལམ་སྤྱད་ནས།    དོན་རྐྱེན་འདི་རིགས་མི་འབྱུང་བ་ལ་སྔོན་འགོག་བྱེད་དགོས།   དེ་མིན་ཁྲིམས་ལྟར་འོས་བབས་ཀྱི་འགན་འཁྲི་ཁུར་དགོས། །

གོང་མ།:སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཁྲོད་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ནུས་ཤུགས་བཏོན།

ཞོལ་མ།:རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་ལམ་ཚོགས་འདུ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235