མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་ལམ་ཚོགས་འདུ་བསྡུས།

ཡོང་ཁུངས།:  སྤེལ་དུས།:2020-08-07  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཉེ་ཆར་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་ལམ་ཚོགས་འདུ་བསྡུས་ཤིང་།རང་ཁུལ་དུ་ཡན་ལག་ཚོགས་ར་བཙུགས་པ་དང་།ཁུལ་དཔོན་གཞོན་པ་ཅང་ཅུན་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས།

  ཚོགས་འདུའི་ཐོག་བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱར་སློབ་སྦྱོང་བྱས།མིག་སྔའི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་ཚུལ་དང་ཁ་གཏོད་པའི་གནས་བབ་ལ་ཕྱོགས་བསྡོམས་དང་དབྱེ་ཞིབ་དང་།ལོ་སྨད་ཀྱི་གཙོ་གནད་ལས་དོན་ཐད་བཀོད་སྒྲིག་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ།བདེ་འཇགས་ཀྱི་ཉེན་ཁ་ནུས་ལྡན་ངང་འགོག་ཟོན་དང་སེལ་བགྲོད།ལས་འཛོལ་ཚབས་ཆེན་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ།དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་རྒྱག་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལོན་ཆེད་བརྟན་ལྷིང་གི་བདེ་འཇགས་ཁོར་ཡུག་བསྐྲུན་དགོས།

  གྲོས་ཚོགས་ནས་བླང་བྱ་བཏོན་དོན། རིམ་པ་ཁག་དང་སྡེ་ཁག་ཁག་གིས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་རབ་དང་རིམ་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།ཡུལ་དེའི་བདེ་འཇགས་སྲུང་བའི་ཆབ་སྲིད་ཀྱི་འགན་འཁྲི་བློ་ཐག་རྦད་ཆོད་ཀྱིས་འཁུར་བ།བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ཞིབ་ཚགས་དང་ཏན་ཏིག་ངང་དམ་འཛིན་དགོས་པ་དང་།ལྟ་སྐུལ་ཁྲིམས་འཛིན་དང་མངོན་མེད་རྐྱེན་ངན་བཅོས་སྒྲིག་ཞིབ་བཤེར་ཐག་གཅོད་ཀྱི་འགན་འཁྲི་རྩད་གཅོད་ལས་དོན་ལ་དམ་འཛིན་ནན་མོ་བྱས་ཏེ།བདེ་འཇགས་ཐོན་སྐྱེད་ཀྱིཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས།ཡོངས་འཛིན་མཉམ་སྡོམ། འགན་འཛོལ་བདའ་འདེདབཅས་ཀྱི་གཏན་འབེབས་ལ་ནན་པོར་གཞིགས་ནས།  ལྟ་སྐུལ་དོ་དམ་ཁྱོན་ཡོངས་ལ་ཁྱབ་པ་དང་ཁྲིམས་འཛིན་ནན་པོ་དང་ཞིབ་ཚགས་ཡོང་བ་བྱ་དགོས།དོན་དངོས་དང་ཟུང་འབྲེལ་དང་གཙོ་གནད་འབུར་ཐོན།རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་སྔ་ཙམ་ནས་ཞིབ་བཤེར་དང་སྔ་ཙམ་ནས་ཤེས་རྟོགས་ཡོད་པ།སྔ་ཙམ་ནས་ཉེན་བརྡ་གཏོང་བ། སྔ་ཙམ་ནས་ཐག་གཅོད་བཅས་བྱ་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་མིག་སྔའི་འབྲུབ་དུས་ཀྱི་བདེ་འཇགས་ཐོན་སྐྱེད།གནོད་འཚེ་སྔོན་འགོག་དང་ཉུང་གཏོང་བཅས་ཀྱི་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱ་དགོས།བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་ལོ་གསུམ་གྱི་བྱ་སྤྱོད་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་དགོས།

གོང་མ།: སྐད་གཉིས་དམངས་དོན་ཁྲིམས་གཞུང་ཤེས་བྱ།

ཞོལ་མ།:སློབ་མའི་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན་ཡིག

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235