མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

2020ཀྲེ་ཅང་ཚོང་བའི་མ་དངུལ་གཏོང་འཇོག་ཚོགས་ཆེན་གཏེར་ལེན་ཁའི་མཐོ་རིམ་གླེང་སྟེགས་སྟེང་ཕན་འབྲས་མངོན་གསལ་བླངས།

ཡོང་ཁུངས།:  སྤེལ་དུས།:2020-06-16  རྩོམ་པ་པོ།:  རྩོམ་སྒྲིག་པ།:完么仁增    ཀློགས་གྲངས།:

ཀྲེ་ཅང་ཧང་ཀྲིག་ནས་བསྡུས་པའི2020ཀྲེ་ཅང་ཚོང་བའི་མ་དངུལ་གཏོང་འཇོག་ཚོགས་ཆེན་གཏེར་ལེན་ཁའི་མཐོ་རིམ་གླེང་སྟེགས་སྟེང་།གཏེར་ལེན་ཁ་གྲོང་ཁྱེར་གྱིས་གན་རྒྱ་འཇོག་པ་དང་འོས་སྦྱོར་བྱེད་པའི་བྱ་འགུལ་བརྒྱུད་དེ།གསེར་མདོག་གི་གཏེར་ལེན་ཁ་ཡང་བསྐྱར་ཞི་ཙི་མཚེའུ་འགྲན་གྱི་གླེང་གཞི་རུ་གྱུར།

མཐོ་རིམ་གླེང་སྟེགས་ཁྲོད།ས་གནས་གཉིས་ཀྱིས་བསྡོམས་པས་གནད་སའི་ལས་གཞི་བཅུའི་ཐབས་ཇུས་ལ་གྲོས་མཐུན་བྱུང་ནས་གན་རྒྱའི་མིང་རྟགས་བཀོད་པ་དང་།དེའི་ནང་ཀྲེ་ཅང་ཧྥང་ཡོན་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་ཟིས་མ་དངུལ་སྒོར་ཐེར་འབུམ་གཅིག་གཏང་གྲབས་ཡོད་པའི་གུར་གུམ་འདེབས་འཛུགས་དང་ཞིབ་ཕྲའི་ལས་སྣོན་ལས་གཞི།ཀྲེ་ཅང་ཀྲུང་གོ་ཚོད་འཛིན་ནུས་ཁུངས་གསར་བའི་གློག་འདོན་ཚད་ཡོད་ཀུང་ཟིས་མ་དངུལ་སྒོར་ཐེར་འབུམ་གསུམ་དུང་ཕྱུར་གསུམ་བྱེ་བ་ལྔ་གཏང་གྲབས་ཡོད་པའི་ཀྲོ་ཝ135ཅན་གྱི་འོད་ནུས་གློག་འདོན་འཛུགས་སྐྲུན་ལས་གཞི་སོགས་འདུས།ཀྲེ་ཅང་གི་ཚོང་བའི་འཐུས་ཚབ་པཐུན་ཅུན་ཧའེ་ཡིས་བཤད་རྒྱུར།ང་ཚོའི་འཆར་གཞི་ཡིན་ན་མཚོ་ནུབ་ཁུལ་དང་དེ་མིན་གཏེར་ལེན་ཁ་རུ་མ་དངུལ་སྒོར་ཐེར་འབུམ་གསུམ་གཏང་ནས།ནུས་ཁུངས་གསར་བ་དང་ཞིང་ལས་ལ་འབྲེལ་བ་ཡོད་པའི་ལས་གཞི་གཉེར་རྩིས་ཡོད།ནུས་ཁུངས་གསར་བ་ནི་གློག་དང་རླུང་།ཡང་ཞིང་ལས་ལ་འབྲེལ་བ་ཡོད་པ་ནི་མུའུ་འབུམ་བཞི་ཁྲི་དགུ་ལ་བུད་པའི་འཕང་འབྲས་ཞིབ་ཕྲའི་ལས་སྣོན་བྱེད་པ།ཐོན་ལས་ཅན་དང་སྤུས་ལེགས་ཅན་ལ་ཤུགས་སྣོན་བྱས་ཏེ།ཟླ་བདུན་པའི་ནང་ལས་གཞི་དངོས་སུ་མགོ་བརྩམ་རྩིས་ཡོད་ཟེར།སྔར་ལས་མི་མང་པོ་ཞིག་གིས་གཏེར་ལེན་ཁ་ལ་རྒྱུས་ལོན་ཡོད་པ་བྱེད་ཆེད།འབྲི་ཆུའི་ཟུར་གསུམ་གླིང་ལ་འབྲེལ་མཐུད་བྱས་ཏེ་གཏེར་ལེན་ཁ་དར་རྒྱས་སུ་གཏོང་བ།དེ་མིན་གསེར་མདོག་གི་གཏེར་ལེན་ཁ་ཞེས་པའི་བརྗོད་དོན་གཙོར་བཟུང་ནས་གློག་རྡུལ་ཚོང་དོན་ཐད་གཏོང་བྱ་འགུལ་གྱི་དྲ་བ་དངོས་སུ་མགོ་བརྩམས་པ་དང་།ཐད་གཏོང་བྱ་འགུལ་ཁྲོད།གཏེར་ལེན་ཁ་གྲོང་ཁྱེར་ཧན་ཆིན་ཀི་ལི་སྒྱུ་རྩལ་ཚོགས་པའི་གླུ་བ་རྣམས་ཀྱིས་ཐད་གཏོང་སྐབས་སུ་དྲ་གྲོགས་རྣམས་ལ་སྙན་པའི་གླུ་དབྱངས་བླངས་ནས་གཏེར་ལེན་ཁའི་ཕུན་སུམ་ཚོགས་པའི་ཁྱད་ལྡན་ཐོན་རྫས་དང་གནས་སྐོར་ཐོན་ཁུངས་འོས་སྦྱོར་ལ་ཁོར་ཡུག་བཟང་བོ་ཞིག་བསྐྲུན།

གོང་མ།:ཁུལ་སྲིད་གྲོས་ཀྱི་རྟོག་ཞིབ་ཚོགས་པ་པཱ་དབྱིན་ཀུའོ་ལིང་སོག་རིགས་རང་སྐྱོང་ཁུལ་དུ་བསྐྱོད་དེ་རྟོག་ཞིབ་དང་སློབ་སྦྱོང་བྱས།

ཞོལ་མ།:མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ལུས་སྦྱོང་ཚོགས་ཆེན་སྐབས་གསུམ་པ་མཚོ་ནུབ་ཁུལ་ཡན་ལག་འགྲན་ཁུལ་གྱི་མགོ་རྩོམ་པའི་མཛད་སྒོ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235