མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཀྱི་བོད་སྐད་བརྙན་འཕྲིན་ཟློས་གར་ཐོག་མ《ནར་སོན་གྱི་ལོ་ཟླ》ཞེས་པ་དེ་རིང་ཨ་མདོའི་བོད་སྐད་བརྙན་འཕྲིན་ཐོག་བསྟན་རྒྱུ་རེད།

ཡོང་ཁུངས།:  སྤེལ་དུས།:2020-06-18  རྩོམ་པ་པོ།:  རྩོམ་སྒྲིག་པ།:完么仁增    ཀློགས་གྲངས།:

ཉེ་ཆར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུས་ཇུས་འགོད་བྱས་ཤིང་། མཚོ་ནུབ་ཁུལ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་བཟོས་པའི་ལེའུ་དྲུག་གི་བོད་སྐད་བརྙན་འཕྲིན་ཟློས་གར་ཐོག་མནར་སོན་གྱི་ལོ་ཟླཞེས་པ་དེ།ཞིང་ཆེན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུའུ་བརྙན་འཕྲིན་ཟློས་གར་ཁྲུའུ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པའི་ཚོ་ཆུང་གིས་ཞིབ་བཤེར་བྱས་པ་བརྒྱུད། དོ་དགོང་ཨ་མདོའི་བོད་སྐད་བརྙན་འཕྲིན་ནས་ཐོག་མར་བསྟན་རྒྱུ་རེད།

བརྙན་འཕྲིན་ཟློས་གརནར་སོན་གྱི་ལོ་ཟླཞེས་པ་ནི་ཁྲིམས་ལུགས་སློབ་གསོའི་རིགས་ཀྱི་དེང་རབས་བྱིས་པའི་བརྗོད་གཞིའི་བརྙན་འཕྲིན་ཟློས་གར་ཞིག་ཡིན། ཟློས་གར་ཡོངས་ཀྱིས་བྱམས་བརྩེ་དང་བབ་ཆགས་ཀྱི་བྱེད་ཐབས་སྤྱད་དེ་མཐའ་འཁོབ་ས་ཁུལ་གསུམ་གོང་བུ་གཅིག་ཏུ་གྱུར་པའི་སློབ་གསོའི་བྱ་བའི་བསམ་ཕྱོགས་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཚོན་ཡོད། ན་ཆུང་ཟླ་བའི་འཚར་ལོངས་ཀྱི་བརྒྱུད་རིམ་མཚོན་པར་བྱས་པ་བརྒྱུད། གཞོན་ནུ་རོང་འབྲོག་མང་ཚོགས་ལ་ཡང་དག་པའི་ཁྱིམ་ཚང་གི་ལྟ་བ་དང་། བརྩེ་དུང་གི་ལྟ་བ། ཁྲིམས་ལུགས་ཀྱི་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་ཡར་རྒྱས་དང་། དགེ་སྒྲུབ། མཛེས་སྡུག་བཅས་ཀྱི་དྲང་ནུས་རིན་ཐང་ལྟ་བ་བརྒྱུད་སྤྲོད་བྱེད་དགོས། དེ་དང་ཆབས་ཅིག་བོད་རིགས་ས་ཁུལ་གྱིས་སློབ་གསོ་འཕེལ་རྒྱས་གཏང་བ་དང་། ཁྲིམས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འཆམ་མཐུན་ཁྱིམ་ཚང་འཛུགས་སྐྱོང་བྱེད་པ། བདེ་སྐྱིད་ཀྱི་འཚོ་བ་མཉམ་དུ་གཏོད་པ་བཅས་ཀྱི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་མངོན་ཡོད་པས། དེ་ལ་སློབ་གསོའི་དོན་སྙིང་ལྡན།

གོང་མ།:མཚོ་སྔོན་ཚོང་གཏམ་གྲོས་ཚོགས་མཚོ་ནུབ་ཡན་ལག་ཚོགས་རའི་གྲ་སྒྲིག་ལས་དོན་ཚོགས་འདུ་ཐེངས་གཉིས་པ་བསྡུས།

ཞོལ་མ།:ཁུལ་སྲིད་གྲོས་ཀྱི་རྟོག་ཞིབ་ཚོགས་པ་པཱ་དབྱིན་ཀུའོ་ལིང་སོག་རིགས་རང་སྐྱོང་ཁུལ་དུ་བསྐྱོད་དེ་རྟོག་ཞིབ་དང་སློབ་སྦྱོང་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235