མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་སྔོན་ཚོང་གཏམ་གྲོས་ཚོགས་མཚོ་ནུབ་ཡན་ལག་ཚོགས་རའི་གྲ་སྒྲིག་ལས་དོན་ཚོགས་འདུ་ཐེངས་གཉིས་པ་བསྡུས།

ཡོང་ཁུངས།:  སྤེལ་དུས།:2020-06-18  རྩོམ་པ་པོ།:  རྩོམ་སྒྲིག་པ།:完么仁增    ཀློགས་གྲངས།:

 ཟླ6པའི་ཚེས16ཉིན། ཁུལ་སྲིད་གཞུང་གིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགསསྐབས་ཉེར་གཅིག་པའིམཚོ་ནུབ་ཡན་ལག་ཚོགས་རའི་འགྲེམས་ཁང་གི་འགྲེམས་སྟོན་ཇུས་གཞིའི་དཔྱད་ཞིབ་ཚོགས་འདུ་ཐེངས་གཉིས་པ་དང་གྲ་སྒྲིག་ལས་དོན་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་རེད།ཁུལ་དཔོན་གཞོན་པ་ཅང་ཅུན་དང་ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རན་གཞོན་པ་ལི་ཡུང་ཕིང་ཚོགས་འདུར་ཞུགས་པ་རེད།

གྲོས་ཚོགས་སྟེང་བླང་བྱ་བཏོན་དོན། ས་ཁུལ་ཁག་དང་སྡེ་ཚན་ཁགགྲ་སྒྲིག་གོ་ཁྲིད་ཚན་ཆུང་བཅས་ཀྱིསལྔ་བཞིའི་འཐབ་ཇུསལག་བསྟར་གཏིང་ཟབ་བྱས་ནསསྔོན་འགྲོ་གཅིག་དང་སྤུས་མཐོ་གཉིསཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེདཔེ་སྟོན་ཞིང་ཆེན་ལྔཡི་འཛུགས་སྐྱོང་གཅིག་གྱུར་འཆར་འགོད་དང་དཔལ་འབྱོར་གྱི་རྣམ་པ་རིགས་བཞིཡི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། ལྗང་མདོག་འཕེལ་རྒྱས་གཏོང་སྟངས་རིམ་སྤར་བྱཏེ།དཔལ་འབྱོར་མཉམ་ལས་ཀྱི་བར་སྟོང་གསར་པ་རྒྱ་ཆེར་གཏོང་བ་དང་ས་ཁོངས་མཉམ་འགུལ་མཉམ་འབྲེལ་ཆུ་ཚད་མཐོ་རུ་བཏང་སྟེ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་ཡན་ལག་ཚོགས་རའི་ལས་དོན་ཁག་དམ་འཛིན་ནན་མོ་བཅས་བྱ་དགོས། ངོས་ཟིན་ཟབ་མོ་དང་འགོ་ཁྲིད་ལ་ཤུགས་སྣོན།ལས་བགོས་ཁ་གསལ་བཅས་བྱས་ནས་གྲ་སྒྲིག་ལས་དོན་སྤྱི་ཡོངས་ནས་མཉམ་འགུལ་ཐུབ་པ་བྱ་དགོས་པ་དང་། སྔོན་་ཇུས་འགོད་བྱེད་པ་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་རྣམ་གྲངས་གན་འཇོག་དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་བྱ་དགོས། ཕྱོགས་གང་ཅིའི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་རང་འགུལ་ངང་ལས་རྐང་དུཞུགས་པ་དང་ཕྱོགས་མང་པོ་གདན་འདྲེན་ཞུ་དགོས།རང་འགུལ་གྱི་རྣམ་འགྱུར་དང་བཀོད་སྒྲིག་ཞིབ་ཚགས།སྤྲོ་སེམས་འཁོལ་བའི་ཞབས་ཞུ་བཅས་ཀྱི་ཐོག་ནས་ཚོགས་ཞུགས་སྐུ་མགྲོན་གདན་ཞུ་སྣེ་ལེན་གྱི་ལས་དོན་ཡག་པོསྒྲུབ་ས། ཚོགས་ཞུགས་རིམ་པ་དང་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་རྒྱག་དགོས། འགྲེམས་སྟོན་གྱི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏང་དགོས།ཡན་ལག་ཚོགས་རའི་འགྲེམས་སྟོན་ཇུས་འགོད་ཀུང་སི་གཏན་འཁེལ་བྱས་ཟིན་ལ། འགྲེམས་ཁང་གི་འགྲེམས་སྟོན་ཇུས་འགོད་ཇུས་གཞི་སྔར་བས་ལེགས་སྒྲིག་བྱེད་བཞིན་པའི་སྒང་ཡིན། ཚོགས་འགྲེམས་ཚན་ཆུང་གིས་མཐའ་མའི་གཏན་འཁེལ་གྱི་ཇུས་འགོད་ཇུས་གཞིར་གཞིགས་ནས་འགྲེམས་སྟོན་ལས་དོན་གྱི་ཇུས་གཞི་སྔར་བས་ཞིབ་ཕྲ་བཟོ་དགོས།ཚོགས་འགྲེམས་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་ཁག་གིས་དུས་ཚོད་ལྟར་འགྲེམས་སྟོན་གྱི་ལས་དོན་ཁག་ཡག་པོསྒྲུབ་དགོས།ཡན་ལག་ཚོགས་རའི་འགྲེམས་སྟོན་ལས་དོན་ཐད་ཆུ་ཚད་མཐོ་བ་དང་གསར་གཏོད་ལྡན་པ། བཀྲག་མདངས་འཚེར་ས་མང་བ་བཅས་མངོན་པར་བརྩོན་ལེན་བྱ་དགོས། རང་ཁུལ་གྱི་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་གང་ལེགས་མངོན་པར་བྱ་དགོསཞིབ་མོའི་བློ་ཡིས་ཇུས་འགོད་དང་དྲིལ་སྒྲག་རྒྱ་ཁྱབ་བྱས་ཏེཚྭ་འདམ་གཞོངགི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཡར་འདེགས་བྱས་ཏེ།  ཚོང་པ་དེ་བས་མང་བ་མཚོ་ནུབ་ཏུ་མ་འཇོག་ལས་དར་བྱེད་པར་ཡོང་བར་ཡིད་དབང་འགུག་དགོས།གྲོས་མོལ་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་ལས་དོན་ཁྲོད་གནས་པའི་གནད་དོན་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་མཐུན་སྦྱོར་ཐག་གཅོད་བྱས་ཏེ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ར་འགན་ལེན་བྱ་དགོས། ལས་དོན་ཚན་ཆུང་ཁག་གིས་འགྲོ་གྲོན་སྔོན་རྩིས་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ངང་ཡག་པོ་བསྒྲུབས་ནསའབྲེལ་ཡོད་ནོར་དོན་ལམ་ལུགས་ལ་བརྩི་སྲུང་ནན་མོབྱ་དགོས།ནོར་སྲིད་དང་རྩིས་བཤེར་སྡེ་ཚན་གྱིས་ཞིབ་བཤེར་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཚོང་གཏམ་གྲོས་ཚོགས་ལེགས་འགྲུབ་ཡོང་བར་འགན་ལེན་བྱ་དགོས།

ཚོགས་འདུའི་ཐོག་འགྲེམས་སྟོན་ཇུས་འགོད་ཀུང་སི3གྱིས་ཕུལ་བའི་འགྲེམས་སྟོན་ཇུས་འགོད་ཇུས་གཞིར་ཞིབ་དཔྱད་བྱས་ཤིང་།མཐར་ཡན་ལག་ཚོགས་རའི་འགྲེམས་སྟོན་ཇུས་འགོད་ཀུང་སི་གཏན་འཁེལ་བྱས་པ་རེད། དུས་མཚུངས་སུ། ཡན་ལག་ཚོགས་རའི་ལས་དོན་ཚན་ཆུང་ཁག་དང་ས་ཁུལ་ཁག་གི་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ལ་གསན་པ་དང་དུས་མཚམས་རྗེས་མའི་བྱེ་བྲག་གི་ལས་འགནབཀོད་སྒྲིག་མཛད

གོང་མ།:ཁུལ་ཡོངས་ཀྱི་ཆུ་ལོག་ལ་སྔོན་འགོག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།

ཞོལ་མ།:མཚོ་ནུབ་ཀྱི་བོད་སྐད་བརྙན་འཕྲིན་ཟློས་གར་ཐོག་མ《ནར་སོན་གྱི་ལོ་ཟླ》ཞེས་པ་དེ་རིང་ཨ་མདོའི་བོད་སྐད་བརྙན་འཕྲིན་ཐོག་བསྟན་རྒྱུ་རེད།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235