མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

རང་ཁུལ་གྱིས་ལོ་ལྔ་ཚན་བཅུ་བཞི་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོན་ཧྲི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས།:  སྤེལ་དུས།:2020-12-10  རྩོམ་པ་པོ།:  རྩོམ་སྒྲིག་པ།:完么仁增    ཀློགས་གྲངས།:

ཟླ12པའི་ཚེས6ཉིན། རང་ཁུལ་གྱིས་པེ་ཅིན་དུལོ་ལྔ་ཚན་བཅུ་བཞི་པའིདཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཡོན་ཧྲི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ།ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས།ཁྱབ་ཁོངས་ཁག་གི་ཡོན་ཧྲི་དང་ཆེད་མཁས་པས་མཚོ་ནུབ་ཀྱིལོ་ལྔ་ཚན་བཅུ་བཞི་པའིདཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་ཤིང།མཚོ་ནུབ་ཀྱི་མ་འོངས་པའི་འཕེལ་རྒྱས་འཆར་གཞི་དཔེ་རིས་བཀོད།མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ།ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།མཚོ་ནུབ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཡཱིན་པའེ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་ཀྱང་གནང་བ་རེད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་མེང་ཧའེ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཧྥེང་ཀྲི་ཀང་ཚོགས་འདུར་ཟུར་ཞུགས་བྱས།  

ཚོགས་འདུའི་ཐོག པེ་ཅིང་དུ་བཅའ་སྡོད་བྱེད་པའི་མཚོ་ནུབ་ཁུལ་གྱི་ཤེས་ལྡན་པའི་འབྲེལ་གཏུག་ལས་དོན་ས་ཚིགས་ཀྱིས་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཀྲུང་གོ་ས་གཤིས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་མོ་ཤོན་ཞུའེ་དང་ཀྲུང་གོ་རྒྱལ་སྤྱིའི་ལས་གྲྭ་བློ་འདྲི་ཚད་ཡོད་ཀུང་སིའི་ཆེད་མཁས་པ་ཨུ་ལྷན་གྱི་དྲུང་ཡིག་ཆེ་མོ་ཧོ་ཕིང་། རྒྱལ་ཁབ་བཟོ་འཕྲིན་པུའི་གློག་རྡུལ་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཏང་ཨུའི་ཧྲུའུ་ཅི་སུང་ཤན་ཀྲུའུ་སོགས་ཡོན་ཧྲིའི་ཆེད་མཁས་པ13རྩ་འཛུགས་བྱས་ཏེ། རང་སྟེང་གི་ཞིབ་འཇུག་ཁྱབ་ཁོངས་དང་མཚོ་ནུབ་ཁུལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་བསམ་ཕྱོགས་གླེང་བ་དང་། གནད་དོན་འཚོལ་བ། གྲོས་འགོ་འདོན་པ། ཇུས་བཟང་འདོན་པ་བཅས་བྱས་ཏེ། ལོ་ལྔ་ཚན་བཅུ་གསུམ་པའིརིང་དུ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ལོ་ལྔ་ཚན་བཅུ་བཞི་པའིམཚོ་ནུབ་འཕེལ་རྒྱས་ཀྱི་ངེས་གནས་དང་ཁོང་དུ་ཆུད་དགོས་པའི་གནད་དོན་གལ་ཆེན། དེ་བཞིན་དུ་འཕེལ་རྒྱས་ཀྱི་གནས་སྟངས་གསར་པའི་ནང་འདྲེས་པར་བྱེད་པའི་ཁ་ཕྱོགས་དང་ཐབས་ལམ་བཅས་ལ་ཞིབ་དཔྱད་གཏིང་ཟབ་བྱས་པ་ར་མ་ཟད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་ཐོན་ལས་ཀྱི་བཀོད་པ་གཙོ་བོ། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་སོགས་ལ་དམིགས་ཏེ་དམིགས་ས་ཡོད་པ་དང་བཀོལ་སྤྱོད་ཐུབ་པའི་ཐབས་ཇུས་དང་གྲོས་འགོ་བཏོན་ཞིང་། མཚོ་ནུབ་ཀྱིས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་སྒོ་ཀུན་ནས་གཏོད་རྒྱུར་རོགས་རམ་མཛད།

ཡཱིན་པའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ། ཡོན་ཧྲི་ཆེད་མཁས་པ་རྣམ་པས་དུས་ཡུན་རིང་པོའི་ནང་མཚོ་ནུབ་ལ་ཐུགས་ཁུར་དང་རོགས་རམ་གནང་བ་དང་དེ་བཞིནལོ་ལྔ་ཚན་བཅུ་བཞི་པའིདཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་རིག་སྟོབས་ཐོག་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་བསྟན་དོན།ལྔ་ཚན་བཅུ་བཞི་པའིདུས་སྐབས་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འབྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་ལོ་ལྔ་ཚན་དང་པོ་ཡིན་ལ། མཚོ་ནུབ་ཀྱིས་ཕྱོགས་ཡོངས་ནསཆབ་སྲིད་སྐྱེ་ཁམསདངརང་བྱུང་སྐྱེ་ཁམསཉམས་གསོ་དང་། བབ་བསྟུན་གྱིས་དཔལ་འབྱོར་འཕེལ་རྒྱས་དམ་འཛིན། སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་སྲ་བརྟན་གཏོང་བ་བཅས་ཀྱི་གནད་འགག་གི་དུས་སྐབས་ཀྱང་ཡིན། ཡོན་ཧྲི་ཆེད་མཁས་པ་རྣམ་པས་བློ་གྲོས་གཅིག་སྒྲིལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་མཚོ་ནུབ་འདི་ཉིད་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ནང་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་དང་། སྣོད་བཅུད་ཤེས་དཔལ་གྱི་མཐོ་སགཏོད་པ། ནུབ་རྒྱུད་དམངས་འཚོའི་དཔེ་མཚོནགཏོད་པ། ཁྱབ་ཁོངས་དེ་བས་ཡངས་པ་སྒོ་འབྱེད་པར་མུ་མཐུད་དུ་ཐབས་འདོན་ཇུས་འབུལ་དང་བློ་གྲོས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཤིང་། ཁུལ་ཨུའི་དང་ཁུལ་སྲིད་གཞུང་གིས་ཡོན་ཧྲི་ཆེད་མཁས་པ་ཚོའི་ལྟ་བ་ཡང་དག་ལ་ཞིབ་འཇུག་ནན་ཏན་དང་བསྡུ་ལེན་གང་ལེགས་བྱེད་པར་མ་ཟད། དེ་ཉིད་མཚོ་ནུབ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་དང་སྒུལ་ཤུགས་ཆེན་པོར་དངོས་སུ་བསྒྱུར་དགོས།

མེང་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་བསྟན་དོན། ཡོན་ཧྲི་ཆེད་མཁས་པ་རྣམ་པས་མཚོ་ནུབ་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཁྱོན་ཡོངས་ཀྱི་མཐོ་ཚད་དང་ཆེད་ལས་ཀྱི་ལྟ་ཕྱོགས། བཀོལ་སྤྱོད་ཀྱི་ཚད་ཐིག་བཅས་ཀྱི་སྟེང་ནས་མཐོང་རྒྱ་ཡོད་པ་དང་རིན་ཐང་ཡོད་པ། དམིགས་ས་ཡོད་པ་བཅས་ཀྱི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་བྱུང། མཚོ་ནུབ་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནསལོ་ལྔ་ཚན་བཅུ་བཞིའིའཕེལ་རྒྱས་ཐད་ཀྱི་མིག་རྒྱང་རིང་དུ་བཏང་བ་དང་བསམ་ཕྱོགས་རྒྱ་ཆེར་བཏང་ཡོད། ཡོན་ཧྲི་ཆེད་མཁས་པ་རྣམ་པ་ཚོས་སྔར་བཞིན་མཚོ་ནུབ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བར་ཐུགས་ཁུར་དང་། མཛུབ་ཁྲིད། རྒྱབ་སྐྱོར་བྱེད་པ། སྤྱོད་གོ་ཆོད་པའི་ཐབས་ཇུས་གྲོས་འགོ་དེ་བས་མང་བ་བཏོན་ནས་མཚོ་ནུབ་ཀྱིས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཁྲོད་བྱས་རྗེས་གསར་པ་མངོན་པ་དང་འཕེལ་རྒྱས་གསར་པ་མངོན་འགྱུར་ཡོང་རྒྱུར་རམ་འདེགས་བྱེད་དགོས་པར་རེ་བ་ཆེན་པོ་བཅངས་ཡོད་ཟེར།

གོང་མ།:ན་གོར་མོ་ནས་ཟི་ལིང་དང་ཟི་ལིང་ནས་པེ་ཅིང་བར་གྱི་མཁའ་ལམ་ཤར་གཏོང་བྱས།

ཞོལ་མ།:ན་གོར་མོ་ནས་འཁོར་ལོའི་བར་གྱི་ཞིན་ཅང་ལམ་མཚམས་སུ་རི་སྐྱེ་སྲོག་ཆགས་གནས་སྤོའི་རྒྱུ་ལམ་ཆིག་བརྒྱ་བཞི་བཅུ་བསྐྲུན་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235