མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་གྱི་པྲོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའི་བརྡ་ཁྱབ་ཨང་ཉེར་གཉིས་པ།

ཡོང་ཁུངས།:  སྤེལ་དུས།:2020-12-10  རྩོམ་པ་པོ།:  རྩོམ་སྒྲིག་པ།:完么仁增    ཀློགས་གྲངས།:

ཟླ12པའི་ཚེས7ཉིན་ནས་བཟུང་།སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་ས་གནས་དེ་གའི་ནད་གཞི་གཏན་འཁེལ་བྱས་པའི་ནད་པ6མང་དུ་ཕྱིན་པ་དང་ནད་རྟགས་མེད་པའི་ནད་འགོས་པའི་ནད་པ1མང་དུ་ཕྱིན།ཁྲེང་ཏུའུ་གྲོང་ཁྱེར་ཕའེ་དུའུ་ཆུས་ཕའེ་ཐུན་སྲང་ལམ་དོན་གཅོད་ཁང་ཐའེ་ཕིན་སྡེ་བ་དང་ཁྲེང་ཧྭ་ཆུས་ཧྭ་ཏུའུ་ཡུན་ཅིང་གཞིས་ཁུལ་སྔ་རྗེས་སུ་ཉེན་ཁའི་གནས་འབྲིང་རིམ་དུ་བཀོད་སྒྲིག་བྱས།རྒྱ་ཆེའི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་བྱ་ཆེད་ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བཏང་བ་གཤམ་གསལ།

གཅིག རྒྱ་ཆེའི་མང་ཚོགས་ཀྱིས་སི་ཁྲོན་ཁྲེང་ཏུའུ་ཡི་རིམས་ནད་གནས་ཚུལ་ལ་དོ་ཁུར་ཆེན་པོ་གནང་རོགས།ཟླ11པའི་ཚེས23ཉིན་ནས་བཟུང་ཁྲིན་ཏུའུ་གྲོང་ཁྱེར་ཕའེ་ཏུའུ་ཆུས་དང་ཁྲིན་ཧྭ་ཆུས་དུ་ལྗོངས་རྒྱུ་དང་གནས་སྡོད་བྱས་པའི་ལོ་རྒྱུས་ཡོད་པ།ལྷག་པར་དུ་ནད་གཞི་གཏན་ཁེལ་བྱས་པའི་ནད་དཔེ་དང་དེའི་འགྲོ་འོངས་དང་འབྲེལ་བ་དམ་ཟབ་ཡོད་པ་རང་ཁུལ་དུ་ཕྱིར་ལོག་བྱས་པའི་མི་སྣས་རང་ཉིད་འགོག་སྲུང་ལེགས་པོ་བྱེད་པའི་དུས་མཚུངས་སུ།འཕྲལ་མ་ཉིད་དུ་གནས་སའི་སྡེ་ཚན་དང་གྲོང་ཚོ(སྡེ་ཁུལ)ཡང་ན་མགྲོན་ཁང་དུ་སྤོས་ནས་ཐོ་འགོད་སྙན་སེང་ཞུས་ཏེ།མི་སྒེར་གྱི་བྱེད་སྒོའི་གནས་ཚུལ་དང་བདེ་ཐང་གི་གནས་ཚུལ་ཇི་མ་ཇི་བཞིན་མཁོ་འདོན་བྱེད་པ་དང་།རང་འགུལ་ངང་གཅིག་སྡུད་ཟུར་འཇོག་གསོ་རིག་ལྟ་ཞིབ་དང་ལེན་བྱ་དགོས། བསམ་གཟས་ནས་སྦ་གསང་བྱེད་པ་དང་གཞོགས་འདེགས་གཏན་ནས་མི་བྱེད་པའི་མཇུག་འབྲས་བཟོས་ཚེ་ཁྲིམས་ལྟར་དེའི་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་བྱ་རྒྱུ་ཡིན།

གཉིས།ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་མྱུར་དུ་ཟླ11པའི་ཚེས23ཉིན་ནས་བཟུང་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཕའེ་ཏུའུ་ཆུས་དང་ཁྲིན་ཧྭ་ཆུས་སུ་ལྗོངས་རྒྱུ་དང་གནས་སྡོད་བྱས་པའི་ལོ་རྒྱུས་ཡོད་པ།ལྷག་པར་དུ་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་དང་དེའི་འགྲོ་འོངས་དང་འབྲེལ་བ་དམ་ཟབ་ཡོད་པ་རང་ཁུལ་དུ་ཕྱིར་ལོག་བྱས་པའི་མི་སྣར་ཁྱོན་ཡོངས་ནས་གྲལ་བཤེར་དང་ཐོ་འགོད་བྱ་དགོས།ནད་ཡམས་རིག་པའི་བརྟག་དཔྱད་དང་རྗེས་སྙེག་བྱེད་པ། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་ནསཞིབ་བཤེར་བྱེད་དགོས་པའི་རིགས་ཚང་མར་ཞིབ་དཔྱད་ཚད་ལེན་ཐུབ་པབྱ་དགོས།

གསུམ།ཞིང་ལས་ཉོ་ཚོང་ཁྲོམ་ར་དང་ཁྲོམ་རའི་སྒོ་རྩིས་ཚོང་ཁང་། མགྲོན་ཁང་དང་ཟ་ཁང་། རླངས་འཁོར་བབས་ཚུགས་དང་གནམ་གྲུ་ཐང་།མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་གནས། གློག་བརྙན་ཁང་དང་དྲ་ཁང་སོགས་གཙོ་གནད་ཁུལ་དུ་གཟུགས་པོའི་དྲོད་ཚད་ཞིབ་དཔྱད་ཚད་ལེན་དང་།རླུང་རྒྱུ་དུག་སེལ། བདེ་ཐང་ཨང་རྟགས་ཞིབ་བཤེར་བཅས་བྱ་རྒྱུར་མུ་མཐུད་དུ་ཤུགས་སྣོན་བརྒྱག་དགོས།དགུན་དུས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་དགོས།

བཞི།རྒྱ་ཆེའི་མང་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མི་སྒེར་ལ་འགོག་སྲུང་ཡག་པོ་བྱ་དགོས། སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དང་མི་མང་འདུ་སར་འགྲོ་འོངས་བྱེད་སྐབས་ངེས་པར་དུ་ཁ་རས་བརྒྱག་པ་དང་བདེ་འཇགས་ཀྱི་སྤྱི་ཚོགས་འབྲེལ་འདྲིས་བར་ཐག་རྒྱུན་སྲུང་བྱ་དགོས།གལ་ཏེ་ཚ་བ་རྒྱས་པ་སོགས་མི་བདེ་བའི་ནད་རྟགས་ཡོད་ཚེ་འགོག་སྲུང་བྱེད་ཐབས་ལེགས་པོ་སྤྱོད་དགོས།གང་ཐུབ་ཀྱིས་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ལ་མ་བསྡད་པར་ཐག་ཉེ་སའི་སྨན་བཅོས་ལས་ཁུངས་སུ་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སོང་ནས་སྨན་བཅོས་བྱ་དགོས།

ལྔ།དེ་རིང་ནས་བཟུང་རིམས་ནད་མེད་པར་གཏོང་བའི་བར་རྒྱ་ཆེའི་མང་ཚོགས་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཕའེ་ཏུའུ་ཆུས་དང་ཁྲེང་ཧྭ་ཆུས་སུ་འགྲོ་བའམ་གནས་དེ་ག་བརྒྱུད་ནས་འགྲོ་འོངས་་བྱས་མི་ཆོགཁྲེང་ཏུའུ་གྲོང་ཁྱེར་ཕའེ་ཏུའུ་ཆུས་དང་ཁྲེང་ཧྭ་ཆུས་ནས་ཁུལ་དུ་ཡོང་བའི་མི་སྣ་ཡིན་ཕྱིན་ངེས་པར་དུ་ཉིན་བདུན་ནང་ཚུན་གྱི་ཉིང་སྐྱུར་ཞིབ་དཔྱད་སྲིབས་གཤིས་དཔང་ཡིག་ཡོད་དགོས།

མཚོ་ནུབ་ཁུལ་གྱི་པྲོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ།
2020ལོའི་ཟླ12ཚེས9ཉིན།



ཞོལ་མ།:ན་གོར་མོ་ནས་ཟི་ལིང་དང་ཟི་ལིང་ནས་པེ་ཅིང་བར་གྱི་མཁའ་ལམ་ཤར་གཏོང་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235