མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་གྱིས་སྒོ་འབྱེད་བྱེད་ཤུགས་ཆེ་རུ་བཏང་ནས་དེ་བས་ལེགས་པའི་འཕེལ་རྒྱས་དོན་གཉེར་བྱེད་པར་གསོན་ཤུགས་སྩལ།

ཡོང་ཁུངས།:  སྤེལ་དུས།:2020-07-09  རྩོམ་པ་པོ།:  རྩོམ་སྒྲིག་པ།:完么仁增    ཀློགས་གྲངས།:

  ཇི་ལྟར་བྱས་ནས་ཉམས་ཉེན་ཁྲོད་གསར་པ་སྐྱེད་སྲིང་བྱ་རྒྱུ་དང་གནས་ཚུལ་འགྱུར་ལྡོག་ཁྲོད་གསར་པ་འབྱེད་པར་དམིགས་ཏེ།ཉེ་ལམ།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་དཔལ་འབྱོར་འཕེལ་རྒྱས་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་སྐུལ་འདེད་ཤུགས་ཆེན་བཏང་བའི་དུས་མཚུངས་སུ།སྒོ་འབྱེད་ཀྱི་ཚྭ་འདམ་གཞོང་ས་འཛུགས་སྐྲུན་བྱེད་བཞིན་ཡོད་ལ།མཚོ་ནུབ་ནིརྒྱུད་གཅིག་ལམ་གཅིགགི་གནས་གལ་ཆེན་ཞིག་ཏུ་བསྐྲུན་པའི་རིག་ལམ་ལྟར།སྒོ་འབྱེད་བྱེད་ཐབས་སྣ་ཚོགས་བཏོན་ནས་མཚོ་ནུབ་ཀྱིས་དེ་བས་ལེགས་པའི་འཕེལ་རྒྱས་དོན་གཉེར་བྱེད་པར་གསོན་ཤུགས་སྩལ།

གནོན་ཤུགས་དང་འགྲན་སློང་མང་བའི་གནས་བབ་འོག་ཏུ་མཚོ་ནུབ་ཁུལ་གྱིས་མིག་རྒྱང་རིང་པོར་དམིགས་ཏེ།སྒོ་འབྱེད་འགྲོ་ལམ་ཆེན་པོ་དང་སྟེགས་བུ་ཆེན་པོ་སྐྲུན་པ་དང་གོང་འཕེལ་གྱི་བར་སྟོང་སྔར་བས་ཆེ་རུ་བཏང་ཞིང་།ན་གོར་མོ་དང་ཏུན་ཧོང་བར་གྱི་ལྕགས་ལམ་ཡོངས་ཀྱི་གཉེར་སྐྱོང་ཐིག་སྦྲེལ་དམ་འཛིན་བྱས་ཐོགན་གོར་མོའི་ལྕགས་ལམ(མཚོ་སྔོན་ལམ་མཚམས)བསྐྲུན་པའི་གོ་སྐབས་དམ་འཛིན་སྒོས་ཤར་ནུབ་མཐུད་པ་དང་ལྷོ་བྱང་ཕྱོགས་ཀྱི་ཕྱོགས་བསྡུས་སྐྱེལ་འདྲེན་ལམ་བུ་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།ས་བབ་ཀྱི་དགེ་མཚན་ལྡན་པའི་ཁུལ་དུ་མགྱོགས་མྱུར་ངང་དཔལ་འབྱོར་ཉོ་ཚོང་གི་རྒྱལ་སྤྱིའི་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་།ན་གོར་མོའི་མཐའ་མཚམས་ཀྱི་གྲུ་ཁ་འཛུགས་སྐྲུན་བྱ་རྒྱུའི་རེ་བ་ཞུ་བ་དང་།ཀྲུང་ཡོབ་འགྲུལ་བཞུད་ལྕགས་ལམ་རྒྱུན་ལྡན་ངང་ཤར་གཏོང་ཐུབ་པ་དང་ལྕགས་ལམ་མཚོ་ལམ་མཉམ་འདྲེན་ཐུབ་པར་བྱས།ཚོང་དོན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་།མཚོ་ནུབ་ཀྱི་བློ་རིག་སྐྱེལ་འདྲེན་གྱི་དངོས་ཟོག་འབོར་གྲངས་མང་ཉུང་དང་།མཚོ་ནུབ་ཀྱི་རྡོ་སོལ་ཏུན་བྱེ་བ་འདོན་གསོག་སྐྱེལ་འདྲེན་འགན་སྲུང་རྟེན་གཞི།ན་གོར་མོའི་ཕྱོགས་བསྡུས་དངོས་ཟོག་སྐྱེལ་འདྲེན་ར་བ།གཏེར་ལེན་ཁའི་རླངས་འཁོར་དངོས་ཟོག་འབོར་འདྲེན་སོགས་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས།བགྲོད་ལམ་ཆེན་པོ་དང་སྟེགས་བུ་ཆེན་པོ་བརྒྱུད་དེ་མཚོ་ནུབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བའི་ཁྲོད་དུ་གསོན་ཤུགས་གསར་པ་སྦྲུམ་པར་བྱས།

 ཚོང་འགུག་མ་འདྲེན་གྱི་སྤུས་ཚད་ཇེ་མཐོར་གཏོང་བར་གཞི་ཚུགས་ནས།མཚོ་ནུབ་ཁུལ་གྱིམཚོ་སྔོན་ཚོང་གཏམ་གྲོས་ཚོགསསོགས་མཚོ་ནུབ་ཡན་ལག་ཚོགས་ར་གཉེར་སྐྱོང་ལེགས་པོ་བྱེད་པར་བརྟེན་ནས།ཚོང་འགུགས་མ་འདྲེན་གྱི་གན་རྒྱ་བཞག་པའི་མ་དངུལ་དང་མ་དངུལ་ཁག་སོ་སོར་སྒོར་དུང་ཕྱུར375དང་སྒོར་དུང་ཕྱུར166ཡན་ལ་སླེབས་པར་ཁག་ཐེག་ཏན་ཏིག་བྱས།ཚོང་འགུག་མ་འདྲེན་གྱི་ལོའི་འགུལ་སྤྱོདལག་བསྟར་བྱས་ཏེ།ལས་རིགས་དང་ས་ཁོངས་དབྱེ་ནས་སྐུལ་འདེད་གཏོང་བའི་འཆར་གཞི་གཏན་འབེབས་བྱས་པ་དང་།ལས་རིགས་ཡོངས་ཀྱི་ཁྱབ་ཁོངས་སུ་ཚོང་འགུག་མ་འདྲེན་བྱས་པ་རེད།ཁེ་ལས་ཀྱིས་ཚོང་འགུག་དང་ཚོང་བའི་ཚོང་འགུགས་ལ་དམིགས་ཏེ།ཐོན་ལས་སྦྲེལ་མཐུད་ངང་ཚོང་འགུགས་དང་གནས་གཏད་གནས་ཀྱི་སྒོ་ནས་ཚོང་འགུགས་བྱས་ཏེ་ཚོང་འགུག་མ་འདྲེན་གྱི་ཕན་འབྲས་ཆེ་རུ་བཏང་ཡོད།སྟོང་ཅན་ལྔཡི་ཐོན་ལས་ཁྱུ་ཚོགས་ཇེ་རྒྱས་དང་ཇེ་ལེགས་སུ་གཏོང་བ་དངདཔལ་འབྱོར་གྱི་རྣམ་པ་རིགས་བཞིགོང་འཕེལ་དུ་གཏོང་བར་དམིགས་ནས།འཚར་ལོངས་ཀྱི་རང་བཞིན་བཟང་བ་དང་གོང་འཕེལ་གྱི་རྟིང་ཤུགས་ཆེ་བ།མཚོ་ནུབ་གོང་སྤེལ་གཏོང་བར་འཚམ་པའི་གཙོ་གནད་རྣམ་གྲངས་ཁག་ཅིག་དང་།ཁ་གསབ་རྣམ་གྲངས་དང་ཆ་འགྲིག་གི་རྣམ་གྲངས་ཁག་ཅིག་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ།མཚོ་ནུབ་ཀྱི་ཐོན་ལས་གཅིག་བསྡུས་ཕན་འབྲས་ནུས་ལྡན་ངང་མཐོར་འདེགས་ཡོང་བར་བྱས།

རྒྱུན་མཐུད་དེ་ཕྱི་ཕྱོགས་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་གནད་དུ་བཟུང་སྟེ།མཚོ་ནུབ་ཁུལ་གྱིས་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་དང་རྒྱལ་ཁབ་དཔལ་འབྱོར་ས་རྒྱུད་དང་འབྲེལ་བ་ཡོད་པའི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་།ཤུགས་རྐྱེན་ཐེབས་ནུས་ལྡན་པའི་འགྲེམས་ཚོགས་དང་སྨྱན་སྦྱོར།ཚོང་ཟོག་བསྡུ་རུབ་སོགས་ཀྱི་བྱེད་སྒོ་གལ་ཆེན་སྤེལ་བར་བརྟེན་ནས།མཚོ་ནུབ་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཀྱི་མིང་གྲགས་དང་ཤུགས་རྐྱེན་ཆེ་རུ་བཏང་སྟེ་རང་ཉིད་ཀྱི་དཔལ་འབྱོར་བཟང་ཆར་བསྒྱུར་ཅི་ཐུབ་བྱས་པའི་དུས་མཚུངས་སུ།ཁ་གཏད་རོགས་སྐྱོར་དེ་ཕྱོགས་ཡོངས་དང་རིམ་པ་མང་བ།ཁྱབ་རྒྱ་ཆེ་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས།

གོང་མ།:རང་ཁུལ་གྱིས་ད་ལོར་ཆུ་བེད་ལས་གཞི་གཙོ་བོ་བདུན་ལག་བསྟར་བྱས་པ།

ཞོལ་མ།:རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལ་གྲ་སྒྲིག་ལེགས་པོ་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235