མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

རང་ཁུལ་གྱིས་ད་ལོར་ཆུ་བེད་ལས་གཞི་གཙོ་བོ་བདུན་ལག་བསྟར་བྱས་པ།

ཡོང་ཁུངས།:  སྤེལ་དུས།:2020-07-09  རྩོམ་པ་པོ།:  རྩོམ་སྒྲིག་པ།:完么仁增    ཀློགས་གྲངས།:


   ཉེ་ཆར་གསར་འགོད་པས་ཁུལ་ཆུ་བེད་ཅུས་ནས་ཤེས་རྟོགས་བྱས་པ་ལྟར་ན།ད་ལོའི་ལོ་སྟོད་དུ་རང་ཁུལ་གྱིས་ཆུ་བེད་རྣམ་གྲངས་ཐད་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར3.56དོན་འཁྱོལ་བྱས་པ་དང་།དཔལ་ཡོན་ཆུ་བོའི་ཕྱུགས་སྐྱིལ་འགག་ཆུ་བེད་བཟོ་སྐྲུན་དང་།ནཱ་ལིན་ཀི་ལི་ཆུ་བོའི་ཆུ་བེད་བཟོ་སྐྲུན།གཏེར་ལམ་རྫོང་སྣེ་མོང་དཔུང་ཆུ་མཛོད་བཟོ་སྐྲུན་སོགས་ཆུ་བེད་རྣམ་གྲངས7གཙོ་གནད་དུ་བཟུང་ནས་ལག་བསྟར་བྱས་པ་རེད།
   མིག་སྔར་ཕྱུགས་སྐྱིལ་འགག་ཆུ་བེད་བཟོ་སྐྲུན་ཐད་སྐབས་གཉིས་པའི་ངོས་ལེབ་ལས་འགན་ལག་བསྟར་བྱེད་བཞིན་ཡོད་ལ།

ལོ་འཁོར་གྱི་མ་དངུལ་སྒོར་དུང་ཕྱུར0.99བཏང་ནས་འགྲུབ།ནཱ་ལིན་ཀི་ལི་ཆུ་བོའི་ཆུ་བེད་བཟོ་སྐྲུན་གྱི་གཙོ་གནད་དུམ་བུ་ཁག་ཚང་མ་འཛུགས་སྐྲུན་ལས་མགོ་ཚུགས་པ་དང་།ལོ་འཁོར་གྱི་མ་དངུལ་སྒོར་དུང་ཕྱུར0.83ལེགས་གྲུབ་བྱུང་ཞིང་།སྣེ་མོང་དཔུང་ཆུ་མཛོད་ཀྱིས་རྩྭ་ཐང་བསྡུ་བའི་ཞིབ་མཆན་འགོད་བཞིན་ཡོད་ལ།སྔོན་དཔགས་ལྟར་ན་ཟླ7པའི་ཟླ་མགོར་སྐྲུན་འཆར་རེད།གཏེར་ལེན་ཁ་གྲོང་ཁྱེར་དང་དབུས་ལམ་རྫོང་གི་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་གཏོང་བའི་ལས་གཞི་བསྐྲུན་མགོ་བརྩམས་ཤིང་།བཏང་དངུལ་སྒོར་ཁྲི170འགྲུབ།ཐེམ་ཆེན་རྫོང་གི་བེའུ་ཧ་ཆུའི་ཆུ་རྒྱུན་གྱི་ཉེན་སེལ་ཇེ་བརྟན་དུ་གཏོང་བའི་བཟོ་སྐྲུན་དང་དབུས་ལམ་རྫོང་མཁར་གྱི་ཆུའི་མཁོ་སྤྲོད་བཟོ་སྐྲུན་སྔོན་གྱི་བྱ་བ་སྒྲུབ་བཞིན་ཡོད་པ་དང་།རྣམ་གྲངས་འཛུགས་སྐྲུན་གྲུབ་རྗེས་ཁུལ་ཡོངས་ཀྱི་ཆུའི་ཐོན་ཁུངས་བཀོད་སྒྲིག་ལེགས་བཅོས་དང་རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ལེགས་བསྒྱུར་བྱས་ཤིང་།ཞིང་སྡེའི་འབྲོག་ཁུལ་གྱི་དཔལ་འབྱོར་བདེ་འཇགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ།སྡོད་དམངས་ལ་འཐུང་ཆུ་བདེ་འཇགས་ཡོང་བར་འགན་སྲུང་བཟང་བོ་འདོན་སྤྲོད་བྱས་པ་རེད།

གོང་མ།:མེང་ཧའེ་ཡིས་ཚྭ་འདམ་ཆེ་བའི་གནས་སྐོར་ཐོན་ལས་འཕེལ་རྒྱས་བྱ་བར་རྟོག་ཞིབ་བྱས།

ཞོལ་མ།:མཚོ་ནུབ་ཁུལ་གྱིས་སྒོ་འབྱེད་བྱེད་ཤུགས་ཆེ་རུ་བཏང་ནས་དེ་བས་ལེགས་པའི་འཕེལ་རྒྱས་དོན་གཉེར་བྱེད་པར་གསོན་ཤུགས་སྩལ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235