མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མེང་ཧའེ་ཡིས་ཚྭ་འདམ་ཆེ་བའི་གནས་སྐོར་ཐོན་ལས་འཕེལ་རྒྱས་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས།:  སྤེལ་དུས།:2020-07-14  རྩོམ་པ་པོ།:  རྩོམ་སྒྲིག་པ།:完么仁增    ཀློགས་གྲངས།:

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་མེང་ཧའེ་ཡིས་ཚྭ་འདམ་ཆེ་བའི་གནས་སྐོར་ཐོན་ལས་འཕེལ་རྒྱས་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་ཡུལ་སྐོར་མཉམ་བསྲེས་འཕེལ་རྒྱས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དོན་འཁྱོལ་བྱེད་པ་དང་།མཚོ་ནུབ་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ཁུངས་དང་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་གནས་སྐོར་ཐོན་ཁུངས་སྔོགས་འདོན་གང་ལེགས་བྱེད་དགོས།ཚད་མཐོའི་སྒོས་འཕེལ་རྒྱས་ལམ་ཕྱོགས་དང་ཐོན་ལས་ལས་གཞི་འཆར་འགོད་བྱེད་པ།རིག་གནས་ཡུལ་སྐོར་ཐོན་རྫས་མཁོ་འདོན་ཆུ་ཚད་མཐོར་འདེགས་སུ་གཏོང་བ།ཚོང་ར་གསར་བ་གསར་སྐྲུན་དང་དགོས་མཁོ་གསར་བ་ཁྲིད་སྟོན་གྱིས་བརྟན་བརླིང་དྲུག་དང་ཁག་ཐེག་དྲུག་དངོས་གཉེར་དམ་འཛིན་ཁྲོད་ནུས་པ་གལ་ཆེན་འདོན་དགོས་པར་བསྟན།

རྟོག་ཞིབ་ཁྲོད། མེང་ཧའེ་ཡིས་ཡུལ་དངོས་ནས་པའོ་ལུའུ་སྒར་སའི་བརྟེན་གཞི་སོགས་གནས་སྐོར་ལས་གཞི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་ཚྭ་འདམ་ས་ཁུལ་གྱི་གནས་སྐོར་ལས་རིགས་འཕེལ་རྒྱས་གནས་ཚུལ་སྙན་ཞུ་ལ་ཉན།ཁོས་བསྟན་དོན།གནས་སྐོར་ལས་རིགས་ཀྱིས་ལྗང་མདོག་ཐོན་ལས་དང་བརྟན་བརླིང་དྲུག་དང་ཁག་ཐེག་དྲུག་དངོས་གཉེར་ལག་བསྟར་བྱེད་པར་རྨང་གཞིའི་གནད་འགག་འདོན་སྤྲོད་བྱས་ཡོད། ད་ལོའི་ཏོག་གསར་རིམས་ནད་སྔོན་འགོག་གི་ཛ་དྲག་གནས་བབས་འོགཉེན་ཁ་གོ་སྐབས་སུ་སྒྱུར་བ་དང་དཀའ་སྡུག་སྒུལ་ཤུགས་སུ་སྒྱུར་བའི་གནད་འགག་གི་འཐབ་ཇུས་ཀྱིས་གནས་སྐོར་ལས་རིགས་འཕེལ་རྒྱས་འཆར་འགོད་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱ་བ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་དགོས།གནས་སྐོར་ཐོན་རྫས་འགྲན་རྩོད་ནུས་པ་དང་ཞབས་ཕྱི་ནུས་པ་མཐོར་འདེགས་སུ་བཏང་སྟེ།ཚོང་འགུག་དངུལ་འདྲེན་ནུས་ཚད་ཇེ་ཆེར་དང་སྤུས་ལེགས་གནས་སྐོར་ཐོན་ལས་ལས་གཞི་ལག་བསྟར་དངོས་འབེབས་ཀྱིས་ས་ཁོངས་ཀྱི་ལེགས་ཆ་དང་སྐྱེ་ཁམས་ཁྱད་ཆོས།ཐོན་ཁུངས་ཐུན་མིན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་མཚོ་ནུབ་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་གནས་སྐོར་བའི་ཕན་བདེ་སྲིད་ཇུས་དྲིལ་སྒྲོག་གང་ལེགས་སྒོས་མཚོ་ནུབ་ཀྱི་རིག་གནས་ཡུལ་སྐོར་ཚོང་རའི་འཕེལ་རྒྱས་བྱ་བར་སྐུལ་འདེད་བྱེད་དགོས་པར་བསྟན།

དུས་རབས་སྔོན་མའི་ཚྭ་འདམ་གྱི་གསར་སྐྲུན་ལོ་རྒྱུས་ལ་རྒྱུས་ལོན་ཟབ་མོ་བྱས་རྗེས།མེང་ཧའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་བརྗེ་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་གསར་བརྗེ་སྲོལ་རྒྱུན་དར་སྤེལ་གང་ལེགས་བྱེད་པ།གསར་བརྗེ་འདུ་ཤེས་རྒྱུད་འཛིན་གང་ལེགས་བྱེད་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་གཏིང་ཟབ་བྱས་ཏེ་ཚྭ་འདམ་ས་ཁུལ་གྱི་ས་ཁོངས་སྒྱུར་བཀོད་ལོ་རྒྱུས་དང་བཟོ་ལས་གསར་སྤེལ་ལོ་རྒྱུས།དཔལ་འབྱོར་འཕེལ་རྒྱས་ལོ་རྒྱུས་སོགས་ལོ་རྒྱུས་རིག་གནས་སྔོགས་འདོན་བྱེད་དགོས།རྒྱལ་ཁབ་ཀྱི་སྔོན་རབས་མགོ་ཁྲིད་ཀྱིས་ཤུལ་བཞག་གནའ་ཤུལ་རིག་གནས་ལ་སྲུང་སྐྱོབ་གང་ལེགས་མཛད་དེ་གླེང་གཞིའི་སྤྱི་གླིང་དང་ཁྲིན་ལུའུ་ཁང་།རོལ་མྱོང་ཁང་།ཁྱད་ལྡན་བཟོ་ལས་གླིང་ཁུལ་སོགས་འཛུགས་སྐྲུན་བརྒྱུད་གསར་བརྗེ་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་སྲུང་སྐྱོབ་ཁྲོད་ཚྭ་འདམ་གྱི་སྙིང་སྟོབས་རྒྱུད་འཛིན་དང་དར་སྤེལ་གཏོང་དགོས།ལམ་གཉིས་སྙིང་སྟོབས་དང་རྡོ་སྣུམ་སྙིང་སྟོབས། ཚྭ་མཚེའུ་སྙིང་སྟོབས།མཚོ་ནུབ་གསར་བའི་སྙིང་སྟོབས་སོགས་བླ་མེད་སྙིང་སྟོབས་ཀྱིས་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་འཇོག་དགོས་པར་བསྟན།

དུས་སྐབས་སུ། མེང་ཧའེ་ཡིས་ལམ་འགྲམ་གྱི་གནས་སྐོར་གཙང་སྤྱོད་ཁང་གི་འཛུགས་སྐྲུན་དོ་དམ་གནས་ཚུལ་ལའང་རྟོག་ཞིབ་བྱས་ཤིང་སྲིད་ཨུ་དང་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་བློ་མཐུན་རྣམ་པས་མཉམ་དུ་རྟོག་ཞིབ་བྱས།

གོང་མ།:ཞི་ཅིན་ཕིང་གིས་ཆུ་ལོག་སྔོན་འགོག་གེགས་སེལ་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།

ཞོལ་མ།:རང་ཁུལ་གྱིས་ད་ལོར་ཆུ་བེད་ལས་གཞི་གཙོ་བོ་བདུན་ལག་བསྟར་བྱས་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235