མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཞི་ཅིན་ཕིང་གིས་ཆུ་ལོག་སྔོན་འགོག་གེགས་སེལ་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།

ཡོང་ཁུངས།:  སྤེལ་དུས།:2020-07-14  རྩོམ་པ་པོ།:  རྩོམ་སྒྲིག་པ།:完么仁增    ཀློགས་གྲངས།:

ཟླ7པའི་ཚེས12ཉིན།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆུ་ལོག་སྔོན་འགོག་གེགས་སེལ་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་བཤད་རྒྱུར།  ཉེ་ལམ།འབྲི་ཆུ་དང་ཧོའེ་ཧོ་ཆུ་བོ་སོགས་ཀྱི་འབབ་རྒྱུད། ཏུང་ཐིང་མཚེའུ་དང་། པོ་དབྱང་མཚེའུ།ཐའེ་ཧུའུ་མཚེའུ་སོགས་མཚེའུ་དག་གི་ཉེན་ཟོན་ཚད་གནས་ལས་བརྒལ་བ་དང་། ཁྲུང་ཆིང་དང་།ཅང་ཤིས། ཨན་ཧུའེ། ཧུའུ་པེ། ཧུའུ་ནན། ཅང་སུའུ།ཀྲེ་ཅང་སོགས་སུ་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེན་ཐེབས་ཡོད།མི་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཕོག་པས་ཆུ་ལོག་སྔོན་འགོག་གི་གནས་བབ་ཧ་ཅང་ཛ་དྲག་ཆེ་བ་རེད།

  ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།མིག་སྔར། ཆུ་ལོག་སྔོན་འགོག་གི་གནད་འགག་གི་དུས་སྐབས་སུ་སླེབས་ཡོད།  རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འགན་འཁྲི་ནན་དུ་གཏོང་བ་དང་འགན་འཁྲི་འཁུར་ཕོད་པ་དང་།རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་འཐབ་ས་དང་པོར་བསྐྱོད་དེ་བཀོད་འདོམས་བྱེད་དགོས།རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་སྔར་ལས་ནུས་ལྡན་དང་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ།ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། ཆུ་རགས་གྲལ་བཤེར། འཕྲལ་སྡོམ་ཐག་གཅོད།གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་སོགས་ཀྱི་ལས་དོན་སོགས་ཡག་པོ་བསྒྲུབས་ནས།ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་བྱེད་དགོས་པ་དང་།ནུས་ཤུགས་གང་ཡོད་བཏོན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱེད་དགོས།རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ། འཕྲལ་སྡོམ་དོ་དམ་པུའུ།ཆུ་བེད་པུའུ་སོགས་སྡེ་ཁག་གིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ།ཚན་རིག་དང་མཐུན་པའི་སྒོ་ནས་རོགས་སྐྱོབ་སྟོབས་ཤུགས་དང་རྒུད་སྐྱོབ་དངོས་རྫས་བཀོད་སྒྲིག་བྱེད་དགོས།བཅའ་སྡོད་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཧུར་ཐག་གིས་ཉེན་སེལ་གེགས་སེལ་ལས་དོན་ནང་ཞུགས་དགོས།

 ཞི་ཅིན་ཕིང་གིས་བླང་བྱ་བཏོན་དོན།ས་ཁུལ་སོ་སོའི་འབྲེལ་ཡོད་སྡེ་ཚན་ཁག་གིས་ཆུ་ལོག་སྔོན་འགོག་གེགས་སེལ་གྱི་ལས་དོན་ཁག་དམ་འཛིན་ཡག་པོ་བྱེད་པ་དང་།དུས་མཚུངས་སུ་གནོད་འཚེ་བྱུང་རྗེས་ཀྱི་བསྐྱར་སྐྲུན་ལ་ཞིབ་མོས་ཇུས་འགོད་བྱེད་པ།ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་ངང་སླར་གསོ་བྱེད་དགོས།གནོད་འཚེ་ཕོག་པའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས།གནོད་འཚེ་ཕོག་པའི་རྐྱེན་གྱིས་སླར་ཡང་དབུལ་པོར་འགྱུར་ཚུལ་སྔོན་འགོག་བྱ་དགོས། །

གོང་མ།:ཝུན་གོ་ཏུང་གིས་མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི་དང་ཧོས་ཞིན་རྒྱུ་ནོར་དོ་དམ་ཀུང་སིའི་མགོ་ཁྲིད་དང་ཐུག་འཕྲད་བྱས།

ཞོལ་མ།:མེང་ཧའེ་ཡིས་ཚྭ་འདམ་ཆེ་བའི་གནས་སྐོར་ཐོན་ལས་འཕེལ་རྒྱས་བྱ་བར་རྟོག་ཞིབ་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235