མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཝུན་གོ་ཏུང་གིས་མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི་དང་ཧོས་ཞིན་རྒྱུ་ནོར་དོ་དམ་ཀུང་སིའི་མགོ་ཁྲིད་དང་ཐུག་འཕྲད་བྱས།

ཡོང་ཁུངས།:  སྤེལ་དུས།:2020-07-16  རྩོམ་པ་པོ།:  རྩོམ་སྒྲིག་པ།:完么仁增    ཀློགས་གྲངས།:

ཉེ་ཆར།ཁུལ་ཨུའི་ཧྲུའུ་ཅི་ཝུན་གོ་ཏུང་གིས་གཏེར་ལེན་ཁ་རུ་མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅིའམ་རྐང་འཛིན་དཔོན་དང་ཧོས་ཞིན་རྒྱུ་ནོར་དོ་དམ་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཡོན་དཔུང་བའེ་དང་ཏང་ཨུའི་ཧྲུའུ་ཅིའམ་རྐང་འཛིན་དཔོན།ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཞའེ་ཁེང་མེན་བཅས་ཀྱིས་ཁེ་ལས་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་དང་ཚྭ་མཚོ་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་ཆུ་ཚད་མཐོར་འདེགས་བྱ་བར་བཞུགས་མོལ་བྱས།ཁུལ་ཨུའི་ཧྲུའུ་ཅི་གཞོནཔའམ་ཁུལ་དཔོན་མེང་ཧའེ། ཁུལ་ཨུའི་རྒྱུན་ཨུའམ་ཚྭ་འདམ་འཁོར་རྒྱུགས་དཔལ་འབྱོར་ཚོད་ལྟ་ཁུལ་ཏང་གི་བྱ་བའི་ཨུ་ལྷན་རྒྱུན་ལས་ཧྲུའུ་ཅི་གཞོན་པ།ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ལིང་ཡན་གོ ཁུལ་གྱི་མགོ་ཁྲིད་ཏེན་ཀྲུང་པའོ།ལོན་ཧྥུན་ཅང་། བཱང་ཞཱ་བཞུགས་མོལ་གྲོས་ཚོགས་ལ་ཞུགས།

བཞུགས་མོལ་ཁྲོད། ཝུན་གོ་ཏུང་གིས་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟིའི་ཁྲིམས་འཛིན་བསྐྱར་སྒྲིག་བྱས་རྗེས།བདག་གཉེར་ནུས་པ་ཇེ་མཐོར་ཕྱིན་པ་དང་ཁེ་ལས་འཕེལ་རྒྱས་བརྟན་བརླིང་གིས་ཇེ་ལེགས་སུ་སོང་།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཤུང་ཟི་གཉིས་ཀྱི་མ་འོངས་འཕེལ་རྒྱས་ལ་ཡིད་ཆེས་ཆེན་པོ་བཅིངས་ཡོད།ཁུལ་ཨུ་དང་ཁུལ་སྲིད་གཞུང་། ལྟ་སྐུལ་དོ་དམ་ཨུ་ལྷན་ཁང་། ན་གོར་མོ་གྲོང་ཁྱེར་ཏང་ཨུ་སྲིད་གཞུང་བཅས་ཀྱིས་དུས་རབས་གསར་བའི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཕེལ་ཕྱོགས་ཟུང་འབྲེལ་སྒོས་བཟོ་ལས་དང་དངུལ་རྩ་ནོར་སྲིད།ཚན་རྩལ་ཞིབ་འཇུག ཚོང་གཉེར་འཁོར་ཡུག་སོགས་ཀྱི་ཕྱོགས་རྒྱབ་སྐྱོར་་དང་རོགས་འདེགས་བྱེད་དགོས་པ་བསྟན།

ཝུན་གོ་ཏུང་གིས་ནན་གྱིས་བསྟན་དོན།ཚྭ་མཚོ་ནི་རྒྱལ་ཁབ་ཀྱི་ཐོན་ཁུངས་གལ་ཆེན་ཞིག་ཡིན་པ་དང་རྒྱལ་ཁབ་ཀྱི་རྒྱུ་ནོར་བདེ་འཇགས་ཡོང་བར་འགན་སྲུང་བྱེད་པའི་འགག་སྒོ་དམ་པ་ཞིག་ཀྱང་ཡིན།ཤུང་ཟི་འདི་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚྭ་མཚོའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ཡིད་ལ་དམ་པོར་བཅངས་ནས་ཚྭ་མཚོའི་འཕེལ་རྒྱས་ལ་ཤུགས་རྒྱགས་དགོས།ཐོན་སྐྱེད་གཏན་འཇགས་དང་ཐོན་ནུས་འགན་སྲུང།རྒྱུ་སྤུས་ཁག་ཐེག་སོགས་ཁེ་ལས་ཀྱི་ཐོན་ལས་འཕར་སྣོན་གསར་སྐྲུན་ནུས་པ་འདོན་སྤེལ་སྒོས་རྒྱུན་མཐུད་ཀྱིས་བདག་གཉེར་ཕན་ནུས་དང་མ་དངུལ་འཕར་སྣོན།མ་རྩ་ཇེ་ཉུང་དུ་གཏོང་བའི་སྒྲིག་གཞི་དག་ཐེར་གང་ལེགས་བྱེད་དགོས།དོ་དམ་ཞིབ་ཚགས་ཅན་དང་བྱེད་ཐབས་ནུས་ལྡན་ཅན། ལམ་ལུགས་གསར་སྐྲུན་ཅན།འཕེལ་རྒྱས་སྒྲིག་གཞི་ཅན་དུ་སྒྱུར་ཏེ་ཐོན་སྐྱེད་བདེ་འཇགས་དང་སྐྱེ་ཁམས་འཁོར་ཡུག་ལེགས་སྲུང་།དཔུང་སྡེ་འཛུགས་སྐྲུན་སྟོབས་ལྡན་ཅན་དུ་གཏོང་དགོས།

ཡོན་དཔུང་བའེ་དང་ཞའེ་ཁེང་མེན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་།ཚོད་ལྟ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི་དང་ཧོས་ཞིན་རྒྱུ་ནོར་དོ་དམ་ཀུང་ཟི་གཉིས་ལ་རྒྱབ་སྐྱོར་དང་རོགས་འདེགས་བྱས་པར་བཀའ་དྲིན་ཞུས།སྐབས་རྗེས་མར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚྭ་མཚོའི་ལས་དོན་སྐོར་གསུངས་བཤད་གལ་ཆེན་གྱི་དགོངས་དོན་བྱ་བའི་མཛུབ་སྟོན་དུ་བཟུང་ནས་ཚྭ་ལས་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གང་ལེགས་སྒོས་ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་དང་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་ལེགས་པོར་བྱས་ཏེ་མཚོ་ནུབ་དང་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་གསར་བ་འཇོག་དགོས་པའི་བསམ་ཚུལ་བསྟན།

གོང་མ།:ཞིང་ཆེན་ཡོངས་ཀྱི་ཆུ་ལོག་སྔོན་འགོག་དང་གེགས་སེལ་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

ཞོལ་མ།:ཞི་ཅིན་ཕིང་གིས་ཆུ་ལོག་སྔོན་འགོག་གེགས་སེལ་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235