མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཞིང་ཆེན་ཡོངས་ཀྱི་ཆུ་ལོག་སྔོན་འགོག་དང་གེགས་སེལ་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

ཡོང་ཁུངས།:  སྤེལ་དུས།:2020-07-22  རྩོམ་པ་པོ།:  རྩོམ་སྒྲིག་པ།:李加东智    ཀློགས་གྲངས།:

    ཟླ7པའི་ཚེས20ཉིན། ཞིང་ཆེན་ཡོངས་ཀྱི་ཆུ་ལོག་སྔོན་འགོག་དང་གེགས་སེལ་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས།  འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་དང་།  དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་ཅིང་།  མིག་སྔའི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།

      གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ཆབ་སྲིད་ལ་དང་དོད་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པའི་མཐོ་ཚད་དུ་ལངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་གི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ཆུ་ལོག་སྔོན་འགོག་དང་གེགས་སེལ་ལས་དོན་ཏན་ཏིག་ངང་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་ལེགས་པོར་བསྒྲུབ་དགོས།འགན་འཁུར་ཕོད་པ་བྱས་ནས་རིམ་པ་ཁག་གི་ཆུ་ལོག་སྔོན་འགོག་དང་གེགས་སེལ་གྱི་འགན་འཁྲིའི་ལམ་ལུགས་སྔར་བས་དོན་འཁྱོལ་བྱེད་པ་དང་། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་ལ།  ཆུ་ལོག་སྔོན་འགོག་དང་གེགས་སེལ་ལས་དོན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་བྱ་དགོས།འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཅིག་གྱུར་གྱིས་འཆར་འགོད་མཐུན་སྦྱོར་དང་།འགུལ་རྣམ་གྱིས་ཞིབ་འཇུག་བརྡར་ཤ་གཅོད་པའི་བྱེད་ཤུགས་ཆེ་རུ་གཏང་དགོས་ལ།བྱ་ཐབས་སྣ་མང་སྤྱད་དེ་ཆུ་ལོག་སྔོན་འགོག་དང་གེགས་སེལ་གྱི་དངོས་ཟོག་འདང་ངེས་གྲ་སྒྲིག་བྱས་ཏེ།ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མ་མིག་མངས་འགྲིག་སྐོར་གཅིག་དང་འཕྲེད་ཕྱོགས་གོང་བུ་གཅིག་ཏུ་གྲུབ་ནས་ཆུ་ལོག་སྔོན་འགོག་གི་ལས་དོན་གྱི་རྣམ་པ་ཞིག་ཆགས་པར་འགན་ལེན་བྱ་དགོས་པ་བསྟན།

གྲོས་ཚོགས་ལས་བླང་བྱ་འདོན་རྒྱུར། ས་གནས་ཁག་དང་སྡེ་ཚན་ཁག་གིས་མིག་སྔའི་ཆུ་ལོག་སྔོན་འགོག་དང་གེགས་སེལ་གྱི་ཛ་དྲག་དུས་བབ་ལ་ངོས་འཛིན་གསལ་པོ་བྱས་ཏེ།  ཆུ་ལོག་སྔོན་འགོག་དང་གེགས་སེལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས་ནུས་ཤུགས་ཡོད་རྒུས་ཆུ་ལོག་སྔོན་འགོག་དང་གེགས་སེལ་གྱི་སྔོན་འགོག་ལས་དོན་ཡག་པོར་བསྒྲུབ་དགོས།འགག་རྩའི་མཚམས་པར་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་ས་ཁོངས་ལ་དམིགས་པ།གཙོ་གནད་ས་གནས་སུ་ནན་འགོག་བཅས་བྱས་ཏེ།  གཅིག་གྱུར་གྱིས་འཆར་འགོད་མཐུན་སྦྱོར་དང་།འཕྲལ་བསྟུན་འཕྲལ་རྐྱེན་ཐག་གཅོད། ཉེན་སེལ་རོགས་སྐྱོབ་བཅས་ལ་ཤུགས་སྣོན་རྒྱག་པ་དང་།འགོག་སྲུང་དང་ཉེན་སྐྱོབ་གནོད་སེལ་གྱི་བྱེད་ཐབས་ཁག་དམ་འཛིན་ཞིབ་ཚགས་དང་དམ་འཛིན་ཏན་ཏིག་བྱ་དགོས་ལ།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་དགོས།
     ཚོགས་འདུའི་ཐོག  ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐེན་དང་།ཞིང་ཆེན་ཆུ་བེད་ཐེན། ཞིང་ཆེན་གནམ་གཤིས་ཅུའུ་བཅས་ཀྱིས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་དང་།མཚོ་ཤར་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    ཁུལ་དཔོན་གཞོན་པ་ཨ་དབྱིན་ཏེ་དང་རང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་པ་རྣམས་རང་ཁུལ་གྱི་མཚོ་ནུབ་ཡན་ལག་ཚོགས་རར་ཚོགས་འདུར་ཞུགས་པ་རེད།

    ཡོང་ཁུངས།   ཚྭ་འདམ་ཉིན་རེའི་ཚགས་པར།

གོང་མ།:བྱི་རིམས་འགོག་བཅོས་ཀྱི་ཚན་རིག་ཁྱབ་སྤེལ་ཤེས་བྱའི་དྲི་བ་དྲིས་ལན།

ཞོལ་མ།:ཝུན་གོ་ཏུང་གིས་མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི་དང་ཧོས་ཞིན་རྒྱུ་ནོར་དོ་དམ་ཀུང་སིའི་མགོ་ཁྲིད་དང་ཐུག་འཕྲད་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235