མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

སློབ་མའི་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན་ཡིག

ཡོང་ཁུངས།:  སྤེལ་དུས།:2020-07-27  རྩོམ་པ་པོ།:  རྩོམ་སྒྲིག་པ།:ཀླུ་རྒྱལ་དོན་འགྲུབ།    ཀློགས་གྲངས།:

གུས་པར་འོས་པའི་ཁྱིམ་བདག་རྣམ་པ།

2020ལོའི་དབྱར་ཁའི་གུང་གསེང་གི་འཚོ་བ་སྐྱེལ་གྲབས་ཡོད་དེ།ང་ཚོའི་ལྷག་བསམ་རྣམ་དག་སྒོས་ཁྱེད་ཀྱི་གུང་གསེང་སྐབས་བྱིས་པའི་ལྟ་སྐྱོང་མཁན་གྱི་འགན་འཁྲི་ཏན་ཏིག་འཁུར་ནས་ཁྱིམ་ཚང་དང་སློབ་གྲྭའི་མཉམ་འབྲེལ་ལ་ཤུགས་སྣོན་བརྒྱག་དགོས།བྱིས་པའི་བདེ་འཇགས་ཤེས་བྱའི་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས།བྱིས་པའི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་།ཁོ་ཚོར་བདེ་འཇགས་སྤྲོ་སྐྱིད་ཀྱི་གུང་གསེང་ཞིག་རོལ་དུ་བཅུག་ནས། ད་ལྟ་གུང་གསེང་གི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དོན་དག་ཁྱེད་ལ་བཤད་པ་ཡིན་ཏེ།ཁྱོད་ཀྱིས་ནན་ཏན་གྱིས་རམ་འདེགས་བྱེད་པར་མཁྱེན།

གཅིགཔྲོག་དབྱིབས་གློ་ཚད་གསར་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོར་བསྒྲུབ་དགོས། པྲོག་དབྱིབས་གློ་ཚད་གསར་པའི་རིམས་ནད་ཐད་གཞུང་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལ་དོ་སྣང་ཆེན་པོ་བྱ་དགོས།བྱིས་པ་དང་ཁྱེད་དང་ཁྱིམ་མི་རྣམས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱ་དགོས།རྩ་དོན་ཐོག་ཞིང་ཆེན་ཕྱི་རུ་མ་སོང་ན་བཟང། དངོས་གནས་ཞིང་ཆེན་ཕྱི་རུ་འགྲོ་དགོས་ཚེ་ས་གནས་དེ་གའི་སློབ་གསོའི་སྡེ་ཁག་དང་སློབ་གྲྭའི་འབྲེལ་ཡོད་བླང་བྱ་ལྟར་སྔོན་ལ་སྙན་ཐོ་འབུལ་དགོས།སློབ་གྲྭ་དང་སློབ་གསོའི་སྡེ་ཁག་གི་མོས་མཐུན་ཐོབ་རྗེས་ད་གཟོད་སོང་ཆོག  རྗེས་འདེད་ཁུངས་འདེད་ཐུབ་པའི་འགན་ལེན་བྱ་དགོས་པར་མ་ཟད།ས་གནས་དེ་གའི་འཕྲོད་བསྟེན་བདེ་ཐང་དང་ནད་ཡམས་ཚོད་འཛིན་སྡེ་ཚན་གྱི་འབྲེལ་ཡོད་གཏན་འབེབས་དོན་འཁྱོལ་བྱ་དགོས།བྱིས་པར་བཟའ་བཏུང་དང་མི་སྒེར་གྱི་འཕྲོད་བསྟེན་ཐད་སློབ་གསོ་ལེགས་པོར་གཏང་དགོས།དབྱར་དུས་ནི་རྒྱུ་མའི་ནད་རིགས་མང་འབྱུང་གི་དུས་ཚིགས་ཤིག་ཡིན་པས།བྱིས་པར་བཟའ་བཏུང་གི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས་པར་སློབ་གསོ་གཏང་དགོས།བྱིས་པའི་ལུས་ཕུང་གི་གནས་ཚུལ་ལ་ལྟ་ཞིབ་བྱེད་པར་ཤུགས་བསྣན་ཏེ། རྒྱུན་ལྡན་མིན་པ་ཤེས་ཚེ་དུས་ཐོག་ཏུ་སྨན་པར་སྟོན་དགོས།བྱིས་པར་ནད་ཕོག་པའི་གནས་ཚུལ་དུས་ཐོག་ཏུ་སློབ་གྲྭར་སྙན་སེང་ཞུས་ཚེ།སློབ་གྲྭས་འབྲེལ་ཡོད་ལས་དོན་ཡག་པོར་སྒྲུབ་པར་སྟབས་བདེ་ཡིན།

གཉིས།ཆར་དུས་ཀྱི་འབྲུབ་ཆུ་རྒྱས་པའི་སྐབས་ཀྱི་བདེ་འཇགས་སློབ་གསོར་ཤུགས་སྣོན་བརྒྱག་དགོས། དབྱར་ཁའི་གུང་གསེང་གི་དུས་དང་ཆར་དུས་གཉིས་དུས་གཅིག་ལ་ཁེལ་ཡོད།ཁྱིམ་བདག་གིས་སློབ་གྲྭའི་སློབ་གསོའི་རྨང་གཞིའི་སྟེང་སྔར་བས་བྱིས་པར་བདེ་འཇགས་སྐོར་གྱི་སློབ་གསོ་དང་དོ་དམ་བྱེད་དགོས་པ་དང་།བྱིས་པར་ཆར་བ་དང་འབྲུག་གྲགས་པའི་སྐབས་སུ་ཕྱི་རོལ་དུ་མི་འགྲོ་བའམ་རི་ལ་མི་འགོས་པར་སློབ་གསོ་གཏང་དགོས།ཆུ་ལོག་དང་ཐོག་གིས་རྒྱག་པ། འདམ་རྡོ་དང་ཡང་ན་རི་ཉིལ་བ་སོགས་ཀྱི་ཉེན་ཁ་འབྱུང་བར་སྔོན་འགོག་བྱ་དགོས།བྱིས་པར་ཁྱིམ་བདག་གི་སྣེ་ཁྲིད་འོག་གྲམ་ཐང་དང་གཙང་པོ། མཚེའུ། ཡུར་བུ།ཆུ་མཛོད་བཅས་སུ་ཆུ་རྐྱལ་བྱེད་པའམ་ཡང་ན་ཆུ་རྩེད་སོགས་མི་བྱེད་པར་སློབ་གསོ་བཏང་སྟེ་ཆུར་བྱིང་བའི་དོན་རྐྱེན་འབྱུང་བར་སྔོན་འགོག་བྱ་དགོས།བྱིས་པས་གལ་ཏེ་སློབ་གྲོགས་དང་རོགས་པ་ཆུར་ནུབ་པ་ཤེས་ཚེ། མི་དར་མར་འབོད་བརྡ་བཏང་ནས་རོགས་སྐྱོབ་བྱེད་པ་ལས་རྨོངས་ཚོད་ཀྱིས་མྱུར་སྐྱོབ་བྱས་པས་ཤི་རྨས་དེ་བས་ཆེ་བ་མི་ཡོང་བར་སློབ་གསོ་གཏང་དགོས།

གསུམ།འགྲིམ་འགྲུལ་བདེ་འཇགས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱག་དགོས།བྱིས་པར་འགྲིམ་འགྲུལ་བདེ་འཇགས་ཀྱི་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱེད་དགོས་པར་སློབ་གསོ་བཏང་སྟེ།སྒྲིག་སྲོལ་དང་འགལ་ནས་གློག་དམར་མི་བརྒལ་བ་དང་། སྒྲིག་འགལ་དུ་རྐང་འཁོར་མི་བཞོན་པ། རྒྱ་ལམ་བརྒལ་ཚེ་མི་འགྲོ་སའི་འཕྲེད་ལམ་དུ་སྐྱོད་པ།ཟུར་དུ་འཇོག་སའི་ལན་ཀན་ལས་བརྒལ་མི་རུང་བ་དང་།གཞུང་ལམ་ཐོག་རྗེས་འདེད་དང་ཟིང་སློང་མི་བྱེད་པ། རླངས་འཁོར་གྱི་བྱང་རྟགས་དང་ལག་རྟགས་མེད་པའི་རླངས་འཁོར་གྱི་རིགས་དང་ཐེག་ཚད་ལས་བརྒལ་བའི་རླངས་འཁོར་རིགས་ལ་སྡོད་པར་གཏན་འགོག་བྱས་ཏེ།འགྲིམ་འགྲུལ་བདེ་འཇགས་ཀྱི་བྱུར་རྐྱེན་སྣ་ཚོགས་འབྱུང་བར་སྔོན་འགོག་བྱ་དགོས།

བཞི།བྱིས་པ་དྲ་འཇུག་དང་ཕྱི་རུ་སྐྱོད་པའི་བྱེད་སྒོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། བྱིས་པར་དྲ་ཁང་དུ་དྲ་འཇུག་མི་བྱེད་པ་དང་བདེ་ཐང་མིན་པའི་དྲ་ཚིགས་སུ་ཐོ་འགོད་མི་བྱེད་པ།དྲ་བའི་རོལ་རྩེད་མི་ལེགས་པའི་རིགས་མི་རྩེ་བ་དང་། ལོ་ན་མ་སོན་པར་མི་འཚམ་པའི་རོལ་རྩེད་ཁང་དང་།སྟེགས་གྲུག་ཁང་། གླུ་གར་ཁང་སོགས་སུ་རྩེད་འཇོར་རོལ་དུ་མི་འགྲོ་བར་སློབ་གསོ་གཏང་དགོས།བྱིས་པ་ཕྱི་ལ་སོང་ན་ཁྱིམ་བདག་གི་མོས་མཐུན་འཐོབ་དགོས།ཁྱིམ་བདག་གིས་བྱིས་པ་ཕྱི་རུ་འགྲོ་བའི་དམིགས་ཡུལ་དང་འགྲོ་འོང་མི་སྣའི་གཞི་རྩའི་གནས་ཚུལ་སོགས་གསལ་བོར་ཤེས་དགོས།བྱིས་པ་བསླུས་འཚོང་དང་མགོ་གཡོག་མགོ་སྐོར་གཏོང་བ།བཙན་ཁྲིད་བྱེད་པའམ་ཡང་ན་བརྒྱུད་འཚོང་སོགས་ཁྲིམས་འགལ་རྩ་འཛུགས་ཀྱིས་མགོ་སྐོར་བཏང་ནས་ཚོད་འཛིན་བྱེད་པའི་རིགས་ལ་སྔོན་འགོག་བྱ་དགོས།བྱིས་པར་རང་རྟོགས་ཀྱིས་སྤྱི་ཚོགས་ཀྱི་ཀུན་སྤྱོད་ལ་བརྩི་སྲུང་དང་། སྒྲིག་བརྩི་ཁྲིམས་སྲུང་།ཆགས་སྲེད་དང་རྒྱན་འཛུགས།དུག་རྫས་བཅས་དང་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་བྱེད་སྒོར་མི་ཞུགས་པར་སློབ་གསོ་བཏང་ནས།  རྒྱུན་ལྡན་གྱི་སྤྱི་ཚོགས་སྒྲིག་ལམ་ལ་སྲུང་སྐྱོང་བྱ་དགོས།

ལྔ།སློབ་མར་ཁྱིམ་དུ་བྱིས་པ་བཟང་པོ་ཞིག་བྱེད་པར་སློབ་གསོ་གཏང་དགོས།བྱིས་པས་ཁྱེད་ལ་རང་ནུས་གང་ལྕོགས་ཀྱིས་ཁྱིམ་ལས་ངལ་རྩོལ་བྱེད་པར་སློབ་གསོ་གཏང་དགོས།ཁོང་ཚོས་ཉེ་འགྲམ་དུ་སྤྱི་ཚོགས་ལ་བརྟག་དཔྱད་བྱེད་པར་བསྐྱོད་པ་དང་འོས་འགན་ངལ་རྩོལ་ཁ་ཤས་བྱེད་པར་སྐུལ་སློང་བྱ་དགོས།བྱིས་པའི་གཅེས་སེམས་དང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་གསོ་སྐྱོང་བྱ་དགོས། ཕ་མ་ནི་བྱིས་པའི་དགེ་རྒན་དང་པོ་ཡིན།ཁྱེད་ཀྱི་སྤྱོད་སྟངས་དེས་བྱིས་པར་ཤུགས་རྐྱེན་ཐེབས་ནས་རིམ་བཞིན་རྒྱུ་རུ་འགྱུར་ངེས་ཡིན།ཁྱེད་ཀྱི་སློབ་གསོ་བཟང་པོ་ནི་བྱིས་པར་ཚེ་གང་བོར་ཕན་ཐོགས་ཡོད།ཁྱིམ་བདག་གིས་བྱིས་པ་དང་འབྲེལ་འདྲིས་མང་པོ་བྱས་ནས་བྱིས་པའི་སེམས་ཁམས་བདེ་ཐང་ལ་སེམས་ཁུར་བྱེད་པ།བྱིས་པའི་སློབ་སྦྱོང་དང་འཚོ་བར་སེམས་ཁུར་མང་ཙམ་བྱེད་པ་གལ་ཆེ།ལྷག་པར་དུ་ཕྱི་རོལ་དུ་ལས་ཀ་བྱེད་པའི་ཁྱིམ་བདག་རྣམ་པས་གུང་གསེང་གི་དུས་སྐབས་བེད་སྤྱད་དེ་བྱིས་པར་སློབ་གསོ་གཏོང་བར་ཤུགས་སྣོན་བརྒྱབ་ནས།ཁོང་ཚོའི་སྤྱོད་ལམ་སྟེང་གི་སྐྱོན་ཆ་ཡོ་བསྲང་དང་ཁྱད་བསད་བྱེད་རོགས་བྱ་དགོས།
 མཇུག་མཐར།ཁྱེད་ཀྱི་བྱིས་པའི་བདེ་འཇགས་དང་བདེ་ཐང་། སྤྲོ་སྣང་བཅས་ཀྱི་གུང་གསེང་ཡག་པོ་ཞིག་རོལ་བར་སྨོན་འདུན་ཞུ།།      


                                                                                                               
 མཚོ་ནུབ་ཁུལ་སློབ་གསོ་ཅུས།
                                                                                              2020
ལོའི་ཟླ7པའི་ཚེས21ཉིན།



ཞོལ་མ།:བྱི་རིམས་འགོག་བཅོས་ཀྱི་ཚན་རིག་ཁྱབ་སྤེལ་ཤེས་བྱའི་དྲི་བ་དྲིས་ལན།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235