མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཏང་སྲིད་ཡིག་ཆ།
 

ཉིས་སྟོང་བཅུ་བདུན་ལོའི་སྲིད་གྲོས་ལས་དོན་སྙན་ཞུ།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲྭ་བ།  སྤེལ་དུས།:2017-06-08  རྩོམ་པ་པོ།:རང་རེའི་ལས་ཁུངས།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

མཚོ་ནུབ་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་

གྲོས་ཚོགས་ཐེངས་དང་པོའི་ཡིག་ཆ།(བཞི།)

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ།

-----2017ལོའི་ཟླ3པའི་ཚེས5ཉིན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཐེངས་གཉིས་པའི་གྲོས་ཚོགས་སྟེང་།

ཀླུ་ཁོ་རྒྱལ་ནས།

ཨུ་ཡོན་དང་བློ་མཐུན་རྣམ་པ།

ངས་སྲིད་གྲོས་མཚོ་ནུབ་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་མངག་བཅོལ་ལྟར། ཚོགས་ཆེན་སྟེང་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས། ཨུ་ཡོན་དག་གིས་གྲོས་ཞིབ་དང་གྲོས་ཚོགས་སུ་ཟུར་ཞུགས་བྱེད་པའི་བློ་མཐུན་རྣམས་ཀྱིས་ཀྱང་བསམ་འཆར་འདོན་རོགས།

སྐབས་བརྗེ་འདེམས་བསྐོའི་རྗེས་ཀྱི་ལས་དོན།

   2016ལོ་ནི་མཚོ་ནུབ་སྲིད་གྲོས་ཀྱི་ལས་དོན་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་ཡིན་ལ། ལོ་མཇུག་ཏུ་སྐབས་བརྗེ་འདེམས་བསྐོའི་ཁྲོད་དུ་ཁུལ་སྲིད་གྲོས་ཀྱི་སྐབས་གསར་བའི་ཨུ་ཡོན་བདམས་ཐོན་བྱུང་། སྐབས་བརྗེ་འདེམས་བསྐོ་བྱས་པ་ནས་བཟུང་སྐབས་གསར་བའི་སྲིད་གྲོས་ཀྲུང་གུང་མཚོ་ནུབ་ཁུལ་ཏང་ཨུས་འགོ་ཁྲིད་བརྟན་པོ་དང་ཞིང་ཆེན་སྲིད་གྲོས་ཀྱིས་མཛུབ་སྟོན་འོགསྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པ། ཁུལ་གྱི་ཐེངས་བཅུ་གཉིས་པའི་ཏང་འཐུས་ཚོགས་ཆེན་གྱི་དགོངས་དོན་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ལྷག་པར་དུ་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་མཐིལ་ཕྱིན་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པ་དང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ།འཐབ་ཇུས་གསར་བ་བཅས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ།  མཐུན་སྒྲིལ་དམངས་གཙོའི་བརྗོད་དོན་ཆེན་མོ་གཉིས་ལ་རྒྱུན་འཁྱོངས་སྒོས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་དང་ཁུལ་ཨུའི་བྱ་བའི་བཀོད་སྒྲིག་ལྟར། ནན་ཏན་གྱིས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་རྟོག སྲིད་ཞུགས་སྲིད་གླེང་བཅས་འགན་ནུས་གསུམ་ལག་བསྟར་མཛད་དེ།  རང་ཁུལ་གྱི་ལོ་ལྔའི་འཆར་འགོད་བཅུ་གསུམ་གྱི་འཆར་གཞི་འགོ་ལེགས་པོར་རྩོམ་པ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་ལས་དོན་སོ་སོར་རོགས་འདེགས་སྒོས་རྒྱུན་རྣམ་གསར་བའི་འོག་ཏུ་ཚན་རིག་གི་འཕེལ་རྒྱས་དང་གསར་གཏོད་འཕེལ་རྒྱས་མངོན་དུ་འགྱུར་ཆེད་སྲིད་གྲོས་ཀྱི་ཤེས་རབ་དང་སྟོབས་ཤུགས་བསྩལ།

    གཅིག གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་བསྐྲུན་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་གདེང་ཚོད་དགོས།

    སྐབས་བརྗེ་འདེམས་བསྐོ་བྱས་པ་ནས་བཟུང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ནམ་ཡང་སློབ་སྦྱོང་ལེགས་པོ་བྱེད་པ་ནི་མི་དམངས་སྲིད་གྲོས་ཀྱི་རྨང་གཞིའི་བྱ་བར་བཟུང་སྟེ།གཞུང་ལུགས་མཐིལ་ཕྱིན་པ་སྦྱངས་ཏེ་མུ་མཐུད་དུ་ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞི་བརྟན་པོ་བསྐྲུན། གཅིག་ནི་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ། ལྷག་པར་དུ་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་མཐིལ་ཕྱིན་བྱེད་པ་དང་། ལངས་ཕྱོགས་བརྟན་ཞིང་ཏང་སྐྱོང་གཟབ་ནན།  ཞུན་བརྡར་བཙོ་སྦྱངས། གཟབ་ནན་དངོས་འབབ་བཅས་ཀྱི་ཆབ་སྲིད་བླང་བྱར་སློབ་སྦྱོང་ལེགས་པོ་དང་ཤེས་རྟོགས་ཟབ་མོ་ཡོད་དགོས། མུ་མཐུད་དུ་སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོའི་བྱ་འགུལ་ཟབ་མོ་སྤེལ་ཏེ། སྲིད་གྲོས་ཨུ་ཡོན་གྱི་ཆབ་སྲིད་འདུ་ཤེས་དང་སྤྱི་ཁོག་གི་འདུ་ཤེས།  དཀྱིལ་སྙིང་གི་འདུ་ཤེས།  ཀུན་མཐུན་གྱི་འདུ་ཤེས་བཅས་ཆགས་སུ་འཆུགས་ནས། ཧུར་ཐག་གིས་ཏང་ཁག་སོ་སོ་དང་རིགས་སོ་སོ།ལས་སྒོ་སོ་སོའི་མི་སྣའི་བསམ་བློ་དང་ལག་ལེན་ཀྲུང་དབྱང་དང་ཞིང་ཆེན།ཁུལ་ཨུའི་སྲིད་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་སྐུལ་འཁྲིད་མཛད་དེ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རང་རྟོན་དང་གཞུང་ལུགས་རང་རྟོན། ལམ་ལུགས་རང་རྟོན། རིག་གནས་རང་རྟོན་བཅས་སྔར་བས་ཇེ་དྲག་ཏུ་གཏང་དགོས།  གཉིས་ནི་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་དང་བཅུ་གསུམ་པ། ཁུལ་གྱི་ཐེངས་བཅུ་གཉིས་པའི་ཏང་འཐུས་ཚོགས་ཆེན། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པ་བཅས་ཀྱི་དགོངས་དོན་ལ་ཞིབ་འཇུག་སློབ་སྦྱོང་ནན་མོ་བྱས་ཏེ།  མཚོ་ནུབ་འཕེལ་རྒྱས་ཀྱི་བཟང་ཆ་དང་འདེགས་ནུས་ཆེན་མོ།དེ་མིན་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་གནས་པའི་གནད་དོན་སོགས་ལ་ངོས་ཟིན་གང་ལེགས་དང་གདང་ཚོད་ཡོད་དགོས། ངེས་དོན་གྱིས་བསམ་བློ་དང་བྱ་བའི་སྒྲུབ་ཕྱོགས་བསྒྱུར་ནས་ཁ་བཤད་དོན་ལ་གནས་ཤིང་སློབ་པ་དང་བཀོལ་བ་ཟུང་དུ་སྦྲེལ་བའི་སྟེང་དུ་འབད་པར་དམིགས་ཏེ། མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དང་སྲིད་ཞུགས་སྲིད་གླེང་གི་ཤེས་རབ་ཀྱི་འཁེལ་ཚད་མུ་མཐུད་དུ་ཇེ་མཐོར་གཏང་དགོས། གསུམ་ནི་ཨུ་ཡོན་གྱི་སློབ་སྦྱོང་དང་གསོ་སྦྱོང་ཇེ་ལེགས་སུ་བཏང་།ཁུལ་ཨུའི་གཅིག་གྱུར་གྱི་བླང་བྱ་ལྟར།  ལོའི་སྔོན་དུ་གསར་བདམས་ཨུ་ཡོན90རྩ་འཛུགས་སྒོས་ཁུལ་ཨུའི་ཏང་གི་སློབ་གྲྭར་གཞུང་ལུགས་སློབ་སྦྱོང་གི་གསོ་སྦྱོང་འཛིན་གྲྭ་སྤེལ། ཆེད་མཁས་པ་གདན་ཞུ་བྱས་ཏེ་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་མི་དམངས་སྲིད་གྲོས་ཀྱི་གཞི་རྩའི་གཞུང་ལུགས་སོགས་ཀྱི་སྐོར་ནས་འཆད་འཁྲིད་གནངས། རྒྱ་ཆེའི་ཨུ་ཡོན་རྣམ་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་འཕེལ་རྒྱས་ལ་ཞབས་ཞུ་བྱེད་པའི་ནུས་པ་སྔར་བས་ཇེ་མཐོར་བཏང་།བཞི་ནི་སྲིད་གྲོས་ལས་ཁུངས་ཀྱི་ཁང་གསུམ་ཚོམས་གཅིག་གི་གཡུལ་སའི་བྱེད་ནུས་གང་ལེགས་བཏོན། ཏང་འཛུགས་འཆད་འཁྲིད་དང་ཡིག་རིས་སྒྱུ་རྩལ།  པར་རིས་འགྲེམ་སྟོན།  རང་འགུལ་དུ་རིག་གནས་ལོ་རྒྱུས་ལ་ལྟ་ཀློག་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ།སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་དང་ལས་རིགས་ཀུན་སྤྱོད། ཁྱིམ་སྲོལ་ལེགས་པོའི་དྲིལ་སྒྲོག་སློབ་གསོ་སྤེལ་ནས། མུ་མཐུད་དུ་རང་རེའི་ལས་བྱེད་མི་སྣའི་གཞུང་ལུགས་ཀྱི་བྱང་ཚད་དང་ཀུན་སྤྱོད་བློ་སྦྱོང་ཡར་སྐྱེད་ཡོང་པར་བཏང་།

གཉིས། རང་འགུལ་དུ་འགན་ནུས་ལག་བསྟར་བྱས་ཏེ།བཅོས་བསྒྱུར་གྱི་རྣམ་པ་ཆེན་མོར་ཞབས་ཞུ་བྱས།  

སྐབས་བརྗེའི་འདེམས་བསྐོ་བྱས་པ་ནས་བཟུང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྟེ་བའི་བྱ་བར་ཞབས་ཞུ་བྱེད་པ་ནི་སྲིད་གྲོས་བྱ་བའི་འོས་འགན་གལ་ཆེན་དུ་འཛིན་བཞིན་ཡོད།གཅིག་ནི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྐབས་སུ་ང་ཚོས་ཁུལ་ཡོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་སྔོན་སྐྱོད་རང་བཞིན་དང་སྤྱི་ཁོག་རང་བཞིན་གྱི་གནད་དོན་ལ་དམིགས་ཏེ།གྲོས་ཚོགས་སུ་བསམ་ཚུལ་བརྗོད་པ་དང་ཆེད་དོན་སྲིད་གླེང་།ཐུན་མོང་གྲོས་མོལ་སོགས་ཀྱི་རྣམ་པ་བརྒྱུད་དེ་ཞིབ་བསྡུར་ནན་མོ་བྱས་ཤིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར།དམངས་འཚོ་ལེགས་བསྒྱུར་སོགས་བརྗོད་དོན་གཙོ་བོ་བཅས་ལ་བསམ་འཆར་བསམ་གྲོས་རྣལ་མ་བཏོན་ནས་ཚོགས་ཆེན་གྱི་ཉམས་མྱོང་བརྗེ་རེའི་དཔྱད་གཏམ22གྲུབ། དེའི་ཁྲོད་དུཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོངདངཕན་ལྡན་ཕྱུགས་ལས་འཕེལ་རྒྱས་དང་ཚྭ་འདམ་མཐོ་སྒང་གི་ནུས་ལྡན་རོང་འབྲོག་ལས་འཁོར་རྒྱུག་དཔེ་སྟོན་ཁུལ་བསྐྲུན་པསོགས་ལ་མཉམ་མྱོང་བརྗེ་རེས་བྱས་ཤིང་ཚོགས་ཞུགས་འགོ་ཁྲིད་ཀྱི་ཁས་ལེན་དང་མཐོང་ཆེན་གནངས།གྲོས་ཚོགས་སྐབས་སུ་རྩ་འཛུགས་སྒོས་དཔལ་འབྱོར་ལས་སྒོའི་ཨུ་ཡོན་དང་ཞང་ཀང་ཨོ་མིན་གྱི་ཁེ་ལས་བ་གདན་ཞུ་བྱས་ཏེ། ལྷག་བསམ་འདོན་པ་དང་ཇུས་གཞི་འགོད་པ།  ཐབས་བཀོད་འབུལ་བ། འཕེལ་རྒྱས་ལ་སྐུལ་འདེད་ཅེས་པ་བརྗོད་དོན་ཡིན་པའི་ཁེ་ལས་པའི་བགྲོ་གླེང་དང་ཆེད་དོན་སྲིད་གླེང་དང་ཨུ་ཡོན་མཐུན་སྦྲེལ་གྲོས་ཚོགས་སྤེལ།སྟོང་ཅན་ལྔ་ཡི་ཐོན་ལས་ཚོགས་ཁག་དང་ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་མཚོ་ནུབ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་སྤྱི་ཁོག་ལ་འབྲེལ་བ་དམ་པོ་ཡོད་པའི་ཐད་ནས་བསམ་འཆར་ལྷུག་འདོན་བྱས་ཏེ་རིག་སྒོ་འབྱེད་པར་བྱས།གཉིས་ནི་ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་ཁོངས་མི་སོ་སོས་ཁུལ་ཨུའི་རྟོག་ཞིབ་ཆེན་མོ་མི་ལྔའི་ཚན་ཆུང་དང་ཁུལ་གྱི་ལས་དོན་གལ་ཆེན་ལྔའི་གཅིག་གྱུར་མཐུན་སྦྱོར་ཞབས་ཞུ་ཨུ་ཡོན་ལྷན་ཚོགས། ལས་དོན་གལ་ཆེན33གྱི་སྐུལ་འདེད་ཚན་ཆུང་། ཁུལ་གྱི་སྐབས་བརྗེ་འདེམས་བསྐོའི་བྱ་བའི་འགོ་ཁྲིད་ཚན་ཆུང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ལས་དོན། དབུལ་སྐྱོར་གསར་སྤེལ་དང་དེ་མིན་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཚན་ཆུང་གི་ཚན་གཙོ་དང་ཚན་གཙོ་གཞོན་པ་བཅས་ཀྱི་འགན་བཞེས་པའི་དུས་མཚུངས་སུ་བྱ་བའི་དགོས་མཁོ་ལྟར་གནས་སྐབས་སུ་ཁུལ་ཏང་ཨུ་དང་སྲིད་གཞུང་གི་ཆེད་དོན་བྱ་བའི་ལྟ་སྐུལ་ཚན་གཙོ་དང་དཔྱད་ལེན་ཚན་གཙོ་སོགས་ཀྱི་འགན་འཁུར། ལས་དོན་སོ་སོའི་ཁྲོད་དུ་འགོ་ཁྲིད་ཁོངས་མིས་ངལ་བ་ཁྱད་དུ་བསད་ནས་དཀའ་སྤྱད་འབད་བརྩོན་དང་གཞུང་དོན་ལྷུར་ལེན་བྱས་ཤིང་།འགན་ལེན་ཕོད་པའི་གསར་བརྗེ་བའི་སྙིང་སྟོབས་དང་ཕུན་སུམ་ཚོགས་པའི་བྱ་བའི་ཉམས་མྱོང་། སྤྱོད་སྟངས་བཟང་བོ་ལྡན་པ་བཅས་ཀྱི་སྒོ་ནས་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་སྤྲད་པའི་བྱ་བའི་འོས་འགན་སོ་སོ་ལེགས་པོར་འགྲུབ། གསུམ་ནི་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པས་སྣེ་འཁྲིད་དེ་རྒྱལ་ཡོངས་དང་ཞིང་ཆེན།ཁུལ་བཅས་ཀྱི་སྲིད་གྲོས་ཨུ་ཡོན་རྩ་འཛུགས་བྱས་ཏེ། གཏེར་ལེན་ཁ་དང་གཏེར་ལམ་དུ་ཕྱིན་ནས་གཙོ་གནད་ལྔའི་བྱ་བར་གཅིག་བསྡུས་སུ་གཟིགས་ཞིབ་བྱ་འགུལ་སྤེལ།མིན་དབྱང་ཚོགས་ཁག་ནུས་ཁུངས་གསར་བའི་སྒྲིག་ཆས་བཟོ་བའི་གནས་ཚུལ་དང་བུལ་རྐྱང་ཐོན་ལས་བསྐྲུན་པ། རྒྱལ་ཡོངས་གསེར་ནག་ཐོན་ལས་འཕེལ་རྒྱས་གནས་ཚུལ།གཏེར་ལེན་ཁ་བཟོ་ལས་གླིང་ཁུལ་འཛུགས་སྐྲུན། ཧིན་ཞིན་ཐཱན་སྐྱུར་ལའེ་སྡེབ་ཐོན་ལས་བཅས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་གཟིགས་ཞིབ་བྱས་ཤིང་། དུས་ལྟར་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་། དེ་མིན་འབྲེལ་ཡོད་སྡེ་ཁག་དག་ལ་གཟིགས་ཞིབ་སྙན་ཞུ་སྤྲད།བཞི་ནི་ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་ཁོངས་མི་ཚྭ་འདམ་སྐྱེ་ཁམས་བཅོས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་འཆར་འགོད་སྒྲིག་གཞིའི་ལས་དོན་སོ་སོར་ཧུར་ཐག་གིས་ཞུགས་ཤིང་།དེའི་སྐབས་སུ་རྒྱལ་ཁབ་ནགས་ལས་ཅུའི་རྟོག་བཤེར་འཆར་གཞིའི་བཟོ་འགོད་གླིང་དང་དེ་མིན་འབྲེལ་ཡོད་ཚན་རིག་ཞིབ་འཇུག་གླིང་གི་ཆེད་མཁས་པ་གདན་ཞུ་བྱས་ཏེ། ཆེད་མཁས་པའི་དཔུང་སྡེ་བཙུགས་ཏེ་ཚྭ་འདམ་སྐྱེ་ཁམས་བཅོས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་ཕྱོགས་བསྡུས་ཀྱི་ཚན་རིག་ཞིབ་འཇུག་བྱས་ནས།ཚྭ་འདམ་སྐྱེ་ཁམས་བཅོས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཐད་ཀྱི་ཆེད་མཁས་པའི་བསམ་འཆརགྲུབ་པ་མ་ཟད། མཚོ་སྔོན་ཞིང་ཆེན་ཚྭ་འདམ་ས་ཁུལ་གྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་སྤྱིའི་འཆར་འགོདབསྒྲིག་པར་འགོ་བརྩམས། དུས་མཚུངས་སུ་ང་ཚོས་ཚོང་འགུག་དངུལ་འདྲེན་གྱི་བྱ་བར་ཤུགས་བསྣན་ཞིང་། ཐེངས་གང་མང་གི་གྲོས་མོལ་བརྒྱུད་དེ་པེ་ཅིན་ཁོར་ཡུག་སྲུང་སྐྱོང་དངུལ་གཏོང་ཚད་ཡོད་ཀུང་སི་དང་ཀྲུང་གོའི་མི་རིགས་ཚོང་ཟོག་སྐུལ་འདེད་ལྷན་ཚོགས་ཀྱིས་རང་ཁུལ་གྱི་མི་རིགས་ཚོང་ཟོག་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་དང་འཕེལ་རྒྱས་སོགས་འབྲེལ་ཡོད་ལས་གཞི་འཛུགས་སྐྲུན་བྱེད་པར་མོས་མཐུན་བྱུང་། ལྔ་ནི་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཁུལ་བཟོ་ཚོང་ལྷན་ཚོགས་ཀྱི་གྲ་སྒྲིག་ལ་མཐུན་སྦྱོར་བྱས་པ་མ་ཟད་བཟོ་ཚོང་ལྷན་ཚོགས་ཀྱི་ཐེངས་བཞི་བའི་འཐུང་མི་ཚོགས་ཆེན་བསྡུས་ཤིང་། བཟོ་ཚོང་ལྷན་ཚོགས་ཀྱི་སྐབས་བརྗེའི་ལས་དོན་ལེགས་པོར་འགྲུབ། ཧྲུའུ་ཅི་གཞོན་པ་ཀྲང་ཅི་ཡོན་བཟོ་ཚོང་ལྷན་ཚོགས་ཀྱི་ཀྲུའུ་ཞི་རུ་བསྐོས།  

གསུམ། སྲིད་གྲོས་ཀྱི་བཟང་ཆ་བཏོན་ནས་ངེས་དོན་གྱིས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ལ་སྲུང་སྐྱོང་བྱས།

སྐབས་བརྗེའི་འདེམས་བསྐོ་བྱས་པ་ནས་བཟུང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཟང་ཆ་གང་ལེགས་བཏོན་ནས། དམངས་འཚོར་དོ་ཁུར་དང་དམངས་འཚོར་འགན་སྲུང་། དམངས་འཚོ་ལེགས་བསྒྱུར་བཅས་འོས་འགན་ལག་བསྟར་གྱི་རྒྱུ་རིམ་ཡོངས་སུ་ཟིན་པར་བྱས། གཅིག་ནི་སྲིད་གྲོས་ཀྱི་འབྲེལ་འདྲིས་རྒྱ་ཆེའི་བཟང་ཆ་གང་ལེགས་བཏོན་ནས་སྤྱི་ཚོགས་ཀྱི་གནད་སར་ཁ་ཕྱོགས་ཏེ་དམངས་ཀྱི་འདོད་བློ་ཚུར་སྣང་སྒོས་སློབ་གྲྭའི་བདེ་འཇགས་དོ་དམ་དང་སྤྱི་ཚོགས་འགན་སྲུང་། གཞིས་ཁུལ་དངོས་ལས་དོ་དམ། མི་རིགས་ཆོས་ལུགས།  སྤྱི་སྤྱོད་འགྲིམ་འགྲུལ་སོགས་གནད་དོན་ཐད་བསམ་འཆར་བསམ་གྲོས40ལྷག་བཏོན། དེའི་ཁྲོད་ཀྱི་གནད་དོན་གཙོ་བོ་དང་ལུགས་མཐུན་གྱི་བསམ་འཆར་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་དངོས་འབབ་བེད་སྤྱོད་བྱས།གཉིས་ནི་གྲོས་གཞི་བསྡུ་ལེན་ལ་ཤུགས་བསྣན།སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་ནས་བཟུང་རྒྱ་ཆེའི་ཨུ་ཡོན་རྣམ་པས་མང་ཚོགས་ཀྱིས་ཆེས་དོ་ཁུར་བྱ་ཡུལ་དང་དཀའ་གནད་ལ་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱས་ཤིང་། དུས་ལྟར་མང་ཚོགས་ཀྱི་བསམ་འཆར་ཕྱོགས་བསྡུས་བྱས་ནས་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱིས་མཚོ་ནུབ་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དང་།སྤྱི་ཕན་རང་བཞིན་གྱི་ལས་རྐང་གི་མི་སྣའི་གླ་ཕོག་ཇེ་མཐོར་གཏོང་བ་སོགས་ཀྱི་གནས་ཚུལ་ཡོད་པ་དང་དབྱེ་ཞིབ་ཡོད་པ།ཆོག་འཐུས་རང་བཞིན་ལྡན་པའི་གྲོས་གཞི78ཡོད།  དེའི་ཁྲོད་དུ་གྲོས་གཞི47གྲོས་ཐོ་བཀོད་དེ་ཞིབ་བཤེར་བྱས་ཤིང་། གྲོས་ཐོ་བཀོད་ཚད60.3%ལ་བསླེབས།ཁུལ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་སྒྲུབ་པར་སྤྲད་ཡོད། ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བའི་སྐབས་སུ་རང་ཁུལ་གྱི་ཞིང་ཆེན་སྲིད་གྲོས་ཨུ་ཡོན་རྣམ་པས་ཁུལ་ཏང་ཨུ་དང་ཁུལ་སྲིད་གྲོས་ལ་གྲོས་མོལ་ལེགས་པོ་བྱས་པ་བརྒྱུད་དེ། གྲོས་ཚོགས་སུ་ཐོན་ཁུངས་ས་གནས་ལེགས་སྡེབ་ལ་མ་དངུལ་མང་པོ་གཏོང་བར་རྒྱབ་སྐྱོར་དང་མཚོ་ནུབ་ཀྱི་ས་རྒོད་བེད་སྤྱོད། ནུས་ཁུངས་གསར་བའི་ཐོན་ལས་འཕེལ་རྒྱས་ལ་ཤུགས་སྣོན།  གཏེར་ལེན་ཁའི་དམངས་སྤྱོད་གནམ་གྲུ་འབབ་ཚིགས་ཀྱི་གནམ་གྲུ་གཏོང་ཐེངས་ཇེ་མང་དུ་གཏོང་བ་བཅས་སྐོར་ནས་མཚོ་ནུབ་ཀྱི་གྲོས་གཞི་གཙོ་བོ20བཏོན་ནས་སྲིད་གྲོས་ཨུ་ཡོན་གྱིས་ཞིང་ཆེན་རིམ་པར་སྲིད་ཞུགས་སྲིད་གླེང་གི་ནུས་པ་གང་ལེགས་བཏོན། ཁུལ་ཨུའི་འགོ་ཁྲིད་གཙོ་བོས་བླང་བྱ་ལྟར།  ཚྭ་འདམ་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་འཆར་འགོད་འགོ་རྩོམ་པའི་སྐོར་བསྒྲིག་པའི་གྲོས་གཞི་ཚགས་ཡོད་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་རྒྱལ་ཡོངས་སྲིད་གྲོས་ཚོགས་ཆེན་སྟེང་སྤྲོད་རྩི་ཡོད། གསུམ་ནི་དབུལ་སྐྱོར་གནད་ཕིགས་ཀྱི་ལས་དོན་གཟབ་ནན་ཏུ་སྤེལ་བ།  དབུལ་སྐྱོར་སྦྲེལ་གནས་ཐེམ་ཆེན་རྫོང་འབྲུག་ཁྱུང་ཡུལ་ཚོའི་གངས་དོང་སྡེ་བའི་མི་ཕྱུགས་འཐུང་ཆུ་དང་འཕྲིན་གཏོང་གནས་གཞི། མཉམ་ལས་ཁང་སོགས་ཕྱོགས་ནས་གནས་པའི་གནད་དོན་ལ་ཁ་གཏད་དེ་ཐེངས་གང་མང་ལ་བརྟག་དཔྱད་ཞིབ་འཇུག་དང་ཕྱོགས་སོ་སོར་གྲོས་མོལ་བརྒྱུད་དེ་ལས་གཞིའི་མ་དངུལ་སྒོར་ཁྲི70བརྩོན་ལེན་བྱས་ཏེ་གངས་དོང་སྡེ་བའི་གཞུང་ལམ་བསྐྲུན་པ་དང་སྤྱི་ལེ17.53ཅན་གྱི་སྡེ་བའི་ཟེགས་ལམ་བསྐྲུན།དབུས་ལམ་རྫོང་ཅི་རིན་སྐྱེ་ཁམས་རོང་འབྲོག་ལས་ཚད་ཡོད་ཀུང་སིར་མཐུན་སྦྱོར་བྱས་ཏེ། གངས་དོང་སྡེ་བའི་ཁུལ་རིམ་པའི་ཁྲི་སྒོར50ཅན་གྱི་ཐོན་ལས་འཕེལ་རྒྱས་མ་དངུལ་ཁེ་ལས་མ་རྐང་དུ་བཞག་ནས་ཁེ་ཕོགས་བགོས་ཏེ་ལོའི་ཁེ་ཕོགས10%ཡན་ལ་ཐོར་པར་ཁག་ཐེག་བྱས།སྡེ་བ་འདིའི་དབུལ་ཕོངས་ཁྱིམ་ཚང3གནས་གཞན་དུ་སྤོར་བ་དང་ཁྱིམ་ཚང11གི་ཉེན་ཁང་སླར་གསོ་བྱས་ཤིང་།  མ་མཐའ་ཡང་དབུལ་ཕོངས་ཁྱིམ་ཚང་རེ་རེའི་མི1གི་ལས་ཞུགས་བརྟན་པོར་བཏང་། ལོ་མཇུག་སྔོན་དུ་སྡེ་བ་ཡོངས་ཀྱི་དབུལ་ཐར་མངོན་འགྱུར་བྱས།  བཞི་ནི་འབྲེལ་འདྲིས་རྒྱ་སྐྱེད་དེ་མཉམ་དུ་འཕེལ་རྒྱས་ལ་བརྩོན་པ་དང་འཆམ་མཐུན་ལ་སྐུལ་འདེད་བྱས། ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་རང་རང་གི་སྦྲེལ་གནས་སུ་ཕྱིན་ཏེ་དཀའ་ཁག་མང་ཚོགས་ལ་ཁམས་འདྲི་དང་སྲིད་ཇུས་དྲིལ་སྒྲོག  ཕྱུགས་བསྒྱུར་རིག་ལམ་ལ་ཞིབ་འཇུག དངོས་ཡོད་གནད་དོན་ཐག་གཅོད་བཅས་བྱས་ཏེ་དམངས་སེམས་བཀུག་ཅིང་གཟེངས་བསྟོད་ཐོབ། འགོ་ཁྲིད་ཁོངས་མིས་རང་འགུལ་དུ་ཆོས་ལུགས་ལས་སྒོའི་མི་སྣ་དང་མི་རིགས་ཀྱི་མཚན་སྙན་ལྡན་པའི་མི་སྣ་བཅས་ལ་མཛའ་འབྲེལ་བཙུགས་ཏེ་ཁ་ཞེ་གཅིག་ཏུ་མཐུན་ཞིང་ལྟ་བ་གཞི་གཅིག་ཏུ་འབབ་པར་བྱས་ནས།ཁུལ་ཡོངས་ཀྱི་ཆབ་སྲིད་བརྟན་ཞིང་མི་རྣམས་བདེ་བར་འགོད་པར་སྐུལ་འདེད་ཀྱི་ནུས་པ་ལྡན། ཟླ1པོའི་ཚེས29ཉིན་ཁུལ་སྲིད་གྲོས་ཀྱིས2017ལོའི་གནམ་ལོ་གསར་བ་བསུ་བའི་སྤྲོ་ཚོགས་གཙོ་སྒྲུབ་མཛད་དེ། ཁུལ་གྱི་ཏང་སྲིད་འགོ་ཁྲིད་དང་སྤྱི་ཚོགས་ལས་སྒོ་སོ་སོའི་འཐུས་ཚབ་པ་ལྷན་དུ་འདུས་ཤིང་། རྡོག་རྩ་གཅིག་ཏུ་སྒྲིལ་ནས་ཇུས་གཞི་བཀོད་པ་དང་བསམ་འཆར་ལྷུག་པོར་བཏོན་ཞིང་འཕེལ་རྒྱས་སྐོར་ནས་གསུང་གླེང་མཛད།

བཞི། རང་སྟེང་འཛུགས་སྐྲུན་ལ་ཤུགས་བསྣན་ནས་སྲིད་གྲོས་བྱ་བའི་རྨང་གཞི་བརྟན་པོར་བཏིངས།

སྐབས་བརྗེའི་འདེམས་བསྐོ་བྱས་པ་ནས་བཟུང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་སྟེང་འཛུགས་སྐྲུན་ཐད་འབད་འབུངས་བྱས།གཅིག་ནི་ཀྲུང་གུང་མཚོ་ནུབ་ཁུལ་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག མྱུར་བར་སྐབས་གསར་བའི་སྲིད་གྲོས་ཏང་རྩ་འཛུགས་ཚན་ཁག་འགོ་ཁྲིད་བདམས་ཏེ། ཐེངས་དང་པོའི་ཏང་རྩ་འཛུགས་ཚན་ཁག་གི་གྲོས་ཚོགས་སྟེང་སྲོག་ཤིང་དང་སྤྱི་ཁོག་སེམས་པའི་བསམ་བློའི་རྨང་གཞི་བརྟན་སྐྲུན་དང་། སྲིད་གྲོས་ནི་འགོ་ཁྲིད་ལས་ཁུངས་གཙོ་བོ་བཞིའི་གྲས་ཤིག་ཡིན་པ་དང་སྲིད་གྲོས་ནི་ལས་ཁུངས་གལ་ཆེན་ཡིན་པ།  སྲིད་གྲོས་ནི་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པ་འདུས་པའི་སྡེ་ཁག་གི་གྲས་ཤིག་ཡིན་པའི་འདུན་མ་བཏོན་པ་ཡིན། ཚད་གཞི་མར་མི་ཆག་པ་དང་སྤྱི་སེམས་མི་བརྗེད་པ།  བླང་དོར་གསལ་འབྱེད། མདའ་མོ་སྟོང་སྤྲད་ཅེས་པའི་བསམ་བློ་ཡོད་པའི་སྒོས་ནས་འགོ་ཁྲིད་དམ་འཛིན་དང་དཔུང་སྡེ་སྣེ་འཁྲིད་བྱས་ཏེ། ངེས་དོན་གྱིས་སྲིད་གྲོས་ཏང་རྩ་འཛུགས་ཚན་ཁག་གི་ཉིང་བསྡུས་ཀྱི་སྲོག་ཤིང་བྱེད་ནུས་གང་ལེགས་བཏོན། གཉིས་ནི་ཨུ་ཡོན་ཇེ་མང་དུ་བཏང་སྟེ་བྱ་བའི་རྨང་གཞི་བརྟན་པོར་བཏིངས།  ཁུལ་སྲིད་གྲོས་ཏང་རྩ་འཛུགས་ཚན་ཁག་གིསམི་དམངས་སྲིད་གྲོས་ཀྱི་གྲོས་འཆམ་དམངས་གཙོའི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆརགྱི་བརྡ་སྦྱོར། མཚོ་གཞུང་སྤེལ2016ལོའི་ཡིགཨང21དགོངས་དོན་དངསྲིད་གྲོས་སྒྲིག་ཡིགགཏན་ཁེལ་ལྟར།  ཐེངས་མང་པོར་འབྲེལ་ཡོད་སྡེ་ཁག་ལ་ཡར་ཞུ་དང་མཐུན་སྦྱོར་བྱས་པ་མ་ཟད་ཁུལ་ཏང་ཨུས་གསར་དུ་བསྣན་པའི་སྐབས་བཅུ་གསུམ་པའི་ཁུལ་སྲིད་གྲོས་ཨུ་ཡོན64དང་རྒྱུན་ཨུ13ལ་མཆོག་མཆན་གནང་བར་སྤྲད་དེ། ཁུལ་སྲིད་གྲོས་ཨུ་ཡོན་གྱི་ཁེབས་ཚད་སྔར་བས་རྒྱ་སྐྱེད་པ་དང་སྲིད་གྲོས་ཀྱི་འགན་དབང་ལག་བསྟར་བྱ་ཆེད་རྨང་གཞི་ལེགས་པོ་བཏིངས། གསུམ་ནི་གཙོ་ཕུང་གི་འོས་འགན་དང་ལེན་བྱས་ཏེ། བཀའ་བརྡ་ལག་བསྟར་ནན་མོ་བྱས་ཤིང་། སྤྱོད་སྟངས་བཞིའི་ངོ་བོ་འགྱུར་བར་བཀག་སྡོམ་བྱས། ཁུལ་སྲིད་གྲོས་ལས་ཁུངས་ཀྱིས་གཞུང་དོན་སྣེ་ལམ་ཚད་གཞི་ལག་བསྟར་ནན་མོ་བྱས་ཏེ། གཞུང་དོན་སྣེ་ལམ་ལུགས་ལག་དང་གཞུང་དོན་ཟས་མལ་རྩིས་སྤྲོད་ལམ་ལུགས། གཞུང་སྤྱོད་རླངས་འཁོར་མཆན་འགོད་ལམ་ལུགས། གནང་ཞུའི་ལམ་ལུགས།གཏན་འཇགས་རྒྱུ་དངོས་དོ་དམ་དང་བེད་སྤྱོད་ལམ་ལུགས་བཅས་ལག་བསྟར་ནན་མོ་བྱས་ཏེ།  གཟབ་ནན་གྱིས་སྒྲིག་ལས་བཀོལ་ནས་ཏང་སྐྱོང་གི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད། བཞི་ནི་གནད་དོན་ལ་ཕྱོགས་ཏེ་རང་སྟེང་གཙང་སྤེལ་དང་རྒྱུན་ལྡན་གཟབ་ནན་ནི་དམིགས་འབེན་དུ་བཟུང་སྟེ་ཚད་མཐོའི་དམངས་གཙོའི་འཚོ་བའི་གྲོས་ཚོགས་བསྡུས་པ་མ་ཟད།རྫོང་རིམ་པ་ཡན་གྱི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་དམངས་གཙོའི་འཚོ་བའི་གྲོས་ཚོགས་ཀྱི་བསམ་འཆར་འགའ》(ཀྲུང་སྤེལ2016ཡིག་ཨང36གི་དགོངས་དོན་དང་ཁུལ་ཨུའི་བླང་བྱ་ལྟར། མྱུར་བར་ཞིབ་འཇུག་སྒོས་བཅོས་བསྒྱུར་འཆར་གཞི་བསྒྲིགས་ཤིང་དོན་འཁྱོལ་ཡོང་བར་ལྟ་སྐུལ་མཛད།

2016ལོར།  ཁུལ་སྲིད་གྲོས་ལ་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་རིམ་པའི་དཔལ་ཡོན་ལས་ཁུངས་ཀྱི་མཚན་སྙན་གནང་བ་དང་། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་མི་རིགས་མཐུན་སྒྲིལ་མདུན་སྐྱོད་དཔེ་ལེགས་ཐུན་མོང་དང་མཚོ་ནུབ་ཁུལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཁུལ་གྱི་སྔོན་ཐོན་ལས་ཁུངས་ཀྱི་མཚན་སྙན་གནངས།ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡིས་ཁུལ་ཡོངས་ཕྱི་ཕྱོགས་དྲིལ་སྒྲོག་སྔོན་ཐོན་ཐུན་མོང་གི་མཚན་སྙན་གནངས།

ཨུ་ཡོན་རྣམ་པ། སྐབས་བརྗེའི་འདེམས་བསྐོ་བྱས་པ་ནས་བཟུང་ཁུལ་སྲིད་གྲོས་ཀྱི་ལས་དོན་ཐད་གྲུབ་འབྲས་གསར་བ་མངོན་ནའང་གནས་བབ་གསར་བ་དང་འོས་འགན་གསར་བའི་བླང་བྱ་དང་། ཁུལ་ཏང་ཨུ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འདོན་བློ་བཅས་དང་བསྡུར་ཚེ་བར་ཐག་ངེས་ཅན་ལྡན།དཔེར་ན།  ཨུ་ཡོན་རྣམ་པ་སྲིད་ཞུགས་ཀྱི་ཧུར་བརྩོན་ལ་སྔར་བས་སྐུལ་སློང་ཅི་ལྟར་བྱེད་པ་དང་།སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་དང་ལས་ཞུགས་སྡེ་ཁག་སོ་སོ། ལས་སྒོ་སོ་སོ་བཅས་ཀྱི་བྱེད་ནུས་གང་ལེགས་ཅི་ལྟར་འདོན་པ། ཁུལ་དང་གྲོང་ཁྱེརརྫོངསྲིད་གྲོས་ཀྱི་བྱ་བའི་འབྲེལ་མཐུད་ལ་ནུས་ཤུགས་ཞན་ཞིང་མཛུབ་སྟོན་གནད་ལ་མི་འཁེལ་བའི་གནད་དོན་ཅི་ལྟར་ཐག་གཅོད་པ། རིམ་པ་སོ་སོའི་སྲིད་གྲོས་ལས་ཁུངས་ཀྱི་རང་སྟེང་འཛུགས་སྐྲུན་སྔར་བས་ཇེ་ལེགས་སུ་ཅི་ལྟར་གཏོང་བ་སོགས་ཕྱོགས་ནས་ང་ཚོས་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་ངེས་དོན་གྱིས་བཅོས་བསྒྱུར་བགྱི་དགོས།

2017ལོའི་བྱ་བའི་བཀོད་སྒྲིག

2017ལོར་ནི་ལོ་ལྔའི་འཆར་འགོད་བཅུ་གསུམ་གྱི་འཆར་གཞི་སྔ་མཐུད་རྗེས་སྤེལ་བྱེད་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྒྱལ་ཁ་ལོན་པའི་ལོ་གལ་ཆེན་ཞིག་ཡིན་ལ། ཏང་འཐུས་ཚོགས་ཆེན་སྐབས་བཅུ་དགུ་བ་དང་ཞིང་ཆེན་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་གསུམ་པ་བསྡུས་པའི་ལོ་ཡང་ཡིན། ལོ་གསར་བའི་ནང་དུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ལྷག་པར་དུ་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐིལ་ཕྱིན་བྱས་ཏེ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་མོ་གཉིས་ལ་རྒྱུན་འཁྱོངས་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་གདེང་ཚོད་ཟབ་མོ་ལོན་པ་དང་།  འཕེལ་རྒྱས་ཆེན་མོ་ལྔའི་འདུན་མ་བཞེངས་ཏེ་ནན་ཏན་གྱིས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དོན་འཁྱོལ་དང། ཞིང་ཆེན་ཏང་ཨུའི་དབྱིབས་བསྒྱུར་བཞི་དང་ཁུལ་ཏང་ཨུའི་ཞིང་ཆེན་ཡོངས་ཀྱི་སྔོན་དུ་སྐྱོད་པ་བཞི་མངོན་དུ་འགྱུར་བའི་བྱ་བའི་དམིགས་འབེན་སེམས་ཏེ། ཁྱོན་ཡོངས་ནས་ཁུལ་གྱི་ཏང་འཐུས་ཚོགས་ཆེན་བཅུ་གཉིས་ཀྱི་ཇུས་གཞི་བཀོད་སྒྲིག་ལག་ལེན་བྱས་ནས་ཧུར་ཐག་གིས་ཆབ་སྲིད་གྲོས་མོལ་ལ་ཤུགས་སྣོན་གསར་བ་ཡོད་པ་དང་དམངས་གཙོའི་ལྟ་རྟོག་ལ་བྱེད་ཐབས་གསར་བ་ཡོད་པ། སྲིད་ཞུགས་སྲིད་གླེང་ལ་ཐོད་བརྒལ་གསར་བ་ཡོད་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་བར་བྱེད་ཕྱོགས་གསར་བ་ཡོད་པ། སྒྲིག་ལམ་འཛུགས་སྐྲུན་ལ་འཕེལ་རིམ་གསར་བ་ཡོད་པ་བཅས་བྱས་ཏེ། འབྱོར་ཕྱུག་དང་དཔལ་ཡོན།  འཆམ་མཐུན། བདེ་སྐྱིད་བཅས་ལྡན་པའི་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་སྐྲུན་སླད་བྱས་རྗེས་བླ་མེད་འཇོག་དགོས།

གཅིག  ཕུགས་ཀྱི་འདུན་མ་བཞེངས་ཏེ། ཆབ་སྲིད་ཚད་ཐིག་མཐོ་ཚད་གསར་བར་བསྙེག་དགོས།

ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི་སྲིད་གྲོས་བྱ་བའི་ཆེས་གཞི་རྩའི་ཆབ་སྲིད་ཀྱི་སྒྲིག་ལམ་ཡིན། གཅིག་ནི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་མཐིལ་ཕྱིན་བྱེད་པ་ནི་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་དུ་བཟུང་སྟེ། ངེས་དོན་གྱིས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གསར་བས་བསམ་བློ་ཇེ་བརྟན་དང་ལག་ལེན་ལ་མཛུབ་སྟོན། གནད་དོན་ཐག་གཅོད།  བྱ་བར་སྐུལ་འདེད་བཅས་བྱས་ཏེ།  ནམ་ཡང་བསམ་བློ་དང་ཆབ་སྲིད། ལག་ལེན་བཅས་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་གཅིག་གྱུར་བྱ་དགོས། གཉིས་ནི་ཞིང་ཆེན་ཏང་ཨུའི་དབྱིབས་བསྒྱུར་བཞི་དང་ཁུལ་ཏང་ཨུའི་ཞིང་ཆེན་ཡོངས་ཀྱི་སྔོན་དུ་སྐྱོད་པ་བཞི་མངོན་དུ་འགྱུར་བའི་བྱ་བའི་དམིགས་འབེན་ལ་དམིགས་ཤིང་། སྐབས་གསར་བའི་བསམ་བློའི་བཅིང་འགྲོལ་ཆེན་མོའི་དཔྱད་གླེང་བྱ་འགུལ་ཟབ་སྤེལ་བྱས་ཏེ།མུ་མཐུད་དུ་ཤེས་རྟོག་ཟབ་མོ་ཡོད་པ་དང་ཐུན་མོང་ངོས་ཟིན་ཡར་འཕར་བ། བློ་འདུན་གཅིག་གྱུར།  སྙིང་སྟོབས་ཆེར་སྐྱེད། ཁ་ཕྱོགས་གསལ་སྟོན་བཅས་ཀྱི་སྒོ་ནས་མི་དམངས་གྲོས་མོལ་དམངས་གཙོ་དེ་མཚོ་ནུབ་བཅོས་བསྒྱུར་གྱི་རྣམ་པ་ཆེན་མོའི་གཞི་ཆགས་ས་དང་རྐང་ཚུགས་སར་འདྲིས་པར་ངོས་ཟིན་གང་ལེགས་དང་ཡང་དག་པའི་གདེང་ཚོད་བླངས་ཏེ། ཁུལ་ཡོངས་ཀྱི་ལས་དོན་སོ་སོར་གསར་གཏོད་དང་ཐོད་བརྒལ་གྱི་འཕེལ་རྒྱས་འབྱུང་བར་རོགས་འདེགས་དགོས།གསུམ་ནི་ཁྱོནཡོངས་ནས་ཁུལ་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་གཉིས་པ་དང་ཁུལ་ཨུའི་ཇུས་གཞི་བཀོད་སྒྲིག་སོ་སོ་དོན་འཁྱོལ་མཐིལ་ཕྱིན་བྱས་ཏེ། མ་འོངས་པའི་ལོ་ལྔའི་མཚོ་ནུབ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་དམིགས་འབེན་གལ་ཆེན་དང་འོས་འགན་གཙོ་བོར་ཤེས་རྟོག་ཟབ་མོ་དང་ཁྱོན་ཡོངས་ནས་གདེང་ཚོད་ཡོད་དགོས།  མཚོ་ནུབ་ཐོད་བརྒལ་འཕེལ་རྒྱས་ཀྱི་ཆེས་ལེགས་པོའི་བཟང་ཆ་དང་འདེགས་ནུས་གལ་ཆེན། གོ་སྐབས་གཙོ་བོ་སྤྱད་དེ། དམངས་འཚོ་དང་དམངས་སེམས་སྦྲེལ་མཐུད་ལ་གདེང་ཚོད་དགོས། སྲིད་གྲོས་ཀྱི་ཏང་ཤོག་སོ་སོ་དང་མི་དམངས་ཚོགས་ཁག  རིགས་སོ་སོ་དང་ལས་སྒོ་སོ་སོའི་མི་སྣར་མཐུན་སྒྲིལ་དང་སྲིད་ཞུགས་བྱེད་པར་སྐུལ་འཁྲིད་དགོས། སེམས་ཤུགས་ཆིག་སྒྲིལ་དང་འདོད་འདུན་སྤྱི་མཐུན་སྒོས་ཤེས་རབ་དང་སྟོབས་ཤུགས་མཚོ་ནུབ་ཀྱིས་སྔར་བས་འཕེལ་རྒྱས་རླབས་ཆེན་ལོན་པའི་ཐད་མཐུས་དགོས།

གཉིས།  ལྟེ་བའི་བྱ་བར་དམིགས་ཏེ། སྲིད་ཞུགས་སྲིད་གླེང་ལ་ཐོད་བརྒལ་གསར་བ་ཡོད་དགོས།

ལྟེ་བར་དམིགས་པ་དང་སྤྱི་ཁོག་ལ་ཞབས་ཞུ་བྱ་བ་ནི་མི་དམངས་སྲིད་གྲོས་ཀྱི་བྱ་བའི་རྩ་དོན་གལ་ཆེན་ཡིན།ཁུལ་གྱི་ཏང་འཐུས་ཚོགས་ཆེན་བཅུ་གཉིས་པར་བཏོན་པའི་དམིགས་འབེན་འཆར་གཞི་བཀོད་དེ། 2456ཞེས་པའི་བྱ་བ་སྤྱིའི་དམིགས་འབེན་མངོན་འགྱུར་བྱེད་པ་ནི་ཁུལ་ཡོངས་སྲིད་གྲོས་རྩ་འཛུགས་ཀྱིས་ད་སྔ་དང་མ་འོངས་པའི་དུས་སྐབས་སུ་ཧུར་བརྩོན་བྱེད་པའི་ཁ་ཕྱོགས་ཡིན། གཅིག་ནི་རྒྱལ་ཁབ་རིམ་པའི་ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་བསྐྲུན་པར་དམིགས་ཏེ། སྲོལ་རྒྱུན་ཐོན་ལས་ལེགས་པོ་བཅོས་བསྒྱུར་ཡར་འདེགས་དང་ཁེ་ལས་ལག་རྩལ་གསར་བརྗེ། ལས་རིགས་གསར་སྤེལ་བཅས་གཙོ་འཛིན་དགོས། ཨུ་ཡོན་རྩ་འཛུགས་བྱས་ཏེ་ཆེད་དོན་སྲིད་གླེང་འཚོགས་ནས་འཛུགས་སྐྲུན་རང་བཞིན་གྱི་ཇུས་གཞི་བསམ་གྲོས་འདོན་དགོས། གཉིས་ནི་སྟོང་ཅན་ལྔ་ཡི་ཐོན་ལས་ཚོགས་ཁག་གི་འཕེལ་རྒྱས་གཙོར་བཟུང་སྟེ། ནུས་ཁུངས་དང་རྒྱུ་ཆ་གསར་བའི་ཐོན་ལས་དང་ཁྱད་ལྡན་སྐྱེ་དངོས་ཐོན་ལས།  སྣུམ་རླངས་རྫས་འགྱུར་ཐོན་ལས། ཚྭ་མཚོའི་ཐོན་ཁུངས་གསར་འབྱེད་བེད་སྤྱོད་སོགས་ལས་དོན་གལ་ཆེན་ལ་དམིགས་ཏེ།སྔར་བས་གསོན་ཉམས་དོད་ཅིང་ནུས་པ་ལྡན་པའི་དམངས་གཙོའི་གྲོས་མོལ་སྤེལ་ནས་སྤུས་ཚད་སྔར་བས་ལེགས་ཤིང་གྲུབ་འབྲས་སྔར་ལས་མཐོ་བའི་གྲོས་མོལ་གྲུབ། གསུམ་ནི་ལས་གཞི་ཆེན་མོའི་འཛུགས་སྐྲུན་གཙོར་བཟུང་སྟེ། གལ་ཆེན་ལྔ་ཞེས་པའི་བྱ་བར་སྐུལ་འདེད་བྱས་པའི་གནས་ཚུལ་དང་གནམ་ཆུ་བཟོ་སྐྲུན། ཀྲུང་གོའི་མིག་དམར་མ་དཔེ་གནས་གཞི།  གནམ་གྲུ་ཆེན་མོའི་ལྷུ་སྒྲིག   དབྱིབས་ཆེན་ཀོན་ཧྥུ་འོད་ནུས་མ་ལག མཁའ་དབུས་གསོག་ནུས།  ན་གོར་མོའི་འགྲིམ་འགྲུལ་གལ་ཆེན། གཏེར་ལམ་སྤྱི་སྤྱོད་གནམ་གྲུ་འབབ་ཚིགས། ན་ལིན་ཀི་ལི་ཆུ་བེད་གཙོ་བོ་སོགས་ཀྱི་ལས་གཞི་གལ་ཆེན་བཅས་ལ་དམིགས་ཏེ། ཧུར་ཐག་གིས་གྲོས་མོལ་སྲིད་གླེང་བྱས་ནས་ཇུས་གཞི་བསམ་གྲོས་བཏོན་ཞིང་སྲིད་གྲོས་ཀྱི་བྱས་རྗེས་འཇོག་དགོས། བཞི་ནི་དཔལ་འབྱོར་འཕར་ཚད་གསར་བ་གསོ་སྤེལ་བྱེད་པ་གཙོར་བཟུང་སྟེ། མྱུར་བར་ཚོང་དོན་དངོས་རྒྱུག་ལས་རིགས་འཕེལ་རྒྱས་དང་དུང་ཕྱུར་སྟོང་དང་བརྒྱ་ཅན་གྱི་ཁེ་ལས་ཆུང་འབྲིང་གསོ་སྤེལ།བརྡ་འཕྲིན་འཛད་སྤྱོད། ཚན་རིག་གསར་གཏོད། ཚན་རིག་གསར་གཏོད། མི་འཇོན་ཐང་ཅན་གསོ་སྐྱོང་འདྲེན་སྤྱོད་ཟུང་དུ་སྦྲེལ་བ།  དབྱིབས་གསར་མཁར་གྲོང་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་སོགས་ལ་དམིགས་ཏེ་ནན་ཏན་གྱིས་ཀྲུའུ་ཞིས་གཟིགས་ཞིབ་བྱ་འགུལ་དང་དམངས་གཙོའི་དཔྱད་བསྡུར་སྤེལ་ནས། མཚོ་ནུབ་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས་ཆེད་དུ་ཇུས་གཞི་འདོན་སྤྲོད་བྱས།ལྔ་ནི་སྒོ་འབྱེད་འཕེལ་རྒྱས་གཙོར་བཟུང་སྟེ།  རང་འགུལ་དུ་རྒྱུད་གཅིག་ལམ་གཅིག་ཅི་ལྟར་མཐུན་སྦྱོར་བྱེད་པ་དང་ཚོང་སྐྱོར་ཚོང་འདེགས་ལས་འགུལ་ལེགས་པོར་སྤེལ་བ། མཚོ་ནུབ་གྲོགས་ཚོམས་རྒྱ་སྐྱེད།  ཀང་ཨོ་ཐའེ་ཆེད་ཞུའི་ཨུ་ཡོན་གྲོས་མོལ་ཕན་སྐུལ་རྐྱེན་སྲོལ་འཛུགས་པ་སོགས་ལ་དམིགས་ཏེ་ཇུས་གཞི་བཏོན་ནས། ལྷན་དུ་མཚོ་ནུབ་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་མོ་བྱེད་པ་དང་སྒོ་འབྱེད་རྒྱ་སྐྱེད། གསར་སྐྲུན་ལ་སྐུལ་འདེད་བྱེད་པ་བཅས་ལ་ཕན་པའི་མཁའ་དབུགས་བསྐྲུན་པར་བྱ།  

གསུམ།  ཆིག་སྒྲིལ་སྟོབས་ཤུགས་བརྒྱུད་མཆེད་བྱས་ཏེ།མཐུན་སྒྲིལ་འཆམ་མཐུན་ལ་ལག་ལེན་གསར་བ་ཡོད་དགོས།  

མཐུན་སྒྲིལ་དང་དམངས་གཙོ་ནི་སྲིད་གྲོས་བྱ་བའི་བརྗོད་དོན་གཙོ་བོ་གཉིས་ཡིན་ལ། སྲིད་གྲོས་སྔ་མཐུད་རྗེས་སྤེལ་གྱི་ཁ་ཕྱོགས་དང་འོས་འགན་ཡང་ཡིན། གཅིག་ནི་ཏང་ཤོག་ལ་མཐུན་སྒྲིལ་མཉམ་འབྲེལ་ལེགས་པོ་བྱ་དགོས།སྲིད་གྲོས་ཀྱི་ཚབ་མཚོན་རང་བཞིན་དྲགས་ཤིང་འབྲེལ་ཡུལ་རྒྱ་ཆེ་བ། ཁོངས་འཇུག་རང་བཞིན་ལྡན་པ་བཅས་ཀྱི་བཟང་ཆ་གང་ལེགས་སྤྱད་དེ། མུ་མཐུད་དུ་ཏང་ཤོག་སོ་སོ་དང་བཟོ་ཚོང་ལྷན་འབྲེལ། ཏང་ཤོག་ཏུ་མི་གཏོགས་པའི་མི་སྣ།  མི་དམངས་ཚོགས་ཁག་བཅས་ལ་འབྲེལ་གཏུག་ལེགས་པོ་བྱེད་པ་དང་། གསར་བྱུང་སྤྱི་ཚོགས་རིམ་པའི་མི་སྣར་འབྲེལ་གཏུག་བྱས་ནས། ཕུགས་སེམས་དང་བརྩོན་སེམས་ལྡན་པའི་མི་སྣ་གང་མང་སྐུལ་སློང་བྱེད་པར་འབད་དེ།མུ་མཐུད་དུ་མཐུན་སྒྲིལ་དམངས་གཙོའི་གྲོགས་ཚོམས་རྒྱ་སྐྱེད་དང་སྤྱི་ཚོགས་ཡོངས་ཀྱི་འདོད་བློ་དང་རེ་འདུན་ལྡན་པའི་ཆེས་ཆེ་བའི་སྤྱི་མཐུན་གཞི་གྲངས་འཚོལ་བར་འབད་བརྩོན་བྱས་ཏེ།དམངས་ཀྱི་བློ་སེམས་མཚོན་པའི་སྤྱི་སེམས་འགོད་དགོས། ཚོགས་ཆེན་སྟེང་གཏམ་བཤད་པར་བཀོད་སྒྲིག་དང་ཚོང་སྲིད་བགྲོ་གླེང་ལ་ཞུགས་པ། མཉམ་འབྲེལ་རྟོག་ཞིབ།  ཏང་ཤོག་གྲོས་གཞི་སྒྲུབ་པ།  སྡེ་བའི་གནས་ཚུལ་དང་དམངས་སེམས་ཚུར་སྣང་བྱེད་པ་སོགས་བརྒྱུད་དེ། ཏང་ཤོག་ཚོགས་ཁག་གིས་སྲིད་གྲོས་སུ་ནུས་པ་ཐོན་ཆེད་ཆ་རྐྱེན་དང་སྟེགས་བུ་བསྐྲུན་པར་འབད་དགོས། གཉིས་ནི་མུ་མཐུད་དུ་གྲངས་ཉུང་མི་རིགས་དང་ཆོས་ལུགས་ལས་སྒོའི་མི་སྣར་འབྲེལ་གཏུག་ལེགས་པོ་བྱས་ཏེ། མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས། མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་སྐྲུན་དང་ཁྲིམས་ལུགས་ཁྲིམས་སྲོལ་བཅས་ཀྱི་དྲིལ་སྒྲོག་སློབ་གསོ་ལེགས་པོ་སྤེལ་ནས་ཏང་སྲིད་དམངས་སྲོལ་བསྟུད་མར་ལེགས་བསྒྱུར་ཡོང་བར་སྐུལ་ཞིང་། ནན་ཏན་སྒོས་ཁོ་ཚོའི་བསམ་འཆར་བསྡུ་ལེན་དང་འདོད་བློ་ཚུར་སྣང་བྱས་ཏེ། ཆོས་ལུགས་མི་སྣའི་འཆམ་མཐུན་སྤྱི་ཚོགས་བསྐྲུན་པའི་ཁྲོད་དུ་ནུས་པ་བཏོན་ནས་སྤྱི་ཚོགས་འཆམ་མཐུན་དང་ཆོས་ལུགས་ཞི་མཐུན་ཡོང་བར་སྐུལ་བར་འབད་དེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཁུལ་བསྐྲུན་པའི་ལས་དོན་ལ་རོགས་འདེགས་མཛད་དགོས།  གསུམ་ནི་དམངས་འཚོ་ལེགས་བསྒྱུར་ནི་འོས་འགན་དང་ལེན་གྱི་གཞི་ཚུགས་ས་བྱས་ཏེ།འགན་འཁྲིའི་འདུ་ཤེས་ཆགས་སུ་བཅུག་ནས་འགན་ལེན་ཕོད་པའི་སྙིང་སྟོབས་སྐྱེད་དགོས། ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་དང་སྤྱི་ཚོགས་ལས་སྒོ་སོ་སོའི་དོ་ཁུར་བྱེད་པ།མི་དམངས་མང་ཚོགས་ཀྱི་རེ་བསྙེག་བྱེད་པའི་དམངས་འཚོའི་གནད་དོན་ནི་སྲིད་གྲོས་ཀྱི་གྲོས་མོལ་བརྗོད་བྱ་དང་དམངས་གཙོའི་ལྟ་རྟོག་གི་ནང་དོན་གཙོ་བོ། སྲིད་ཞུགས་སྲིད་གླེང་གི་ལས་དོན་གལ་ཆེན་དུ་འདེམས་ཏེ་ལག་ལེན་དངོས་འབབ་བྱ་དགོས། ལས་སྒོ་སོ་སོ་དང་རྒྱ་ཆེའི་ཨུ་ཡོན་རྣམ་པའི་ཆེད་ལས་ཀྱི་ཁྱད་ཆོས་དང་བཟང་ཆ་གང་ལེགས་བཏོན་ནས་དབུལ་སྐྱོར་མཁྲེགས་གཏོར་དང་རོང་འབྲོག་ཁུལ་བཅོས་བསྒྱུར། སྨན་བཅོས་འཕྲོད་བསྟེན།   རིག་གནས་ཡུལ་སྐོར་ཚོང་དོན་བཅས་མཐུན་སྦྱོར་འཕེལ་རྒྱས་འབྱུང་བར་སྐུལ་འདེད། སློབ་སྒྲུབ་རོགས་དངུལ་སོགས་ཀྱི་ཕྱོགས་ལ་དམིགས་ཏེ།  ནུས་པ་ཡོད་རྒུ་བཏོན་ནས་ཕན་ལྡན་དོན་བཟང་བསྒྲུབ་དགོས།བཞི་ནི་མུ་མཐུད་དུ་རིག་གནས་ལོ་རྒྱུས་དཔྱད་གཞིའི་ལས་དོན་ལ་ཤུགས་བསྣན་ནས། ལོ་རྒྱུས་དང་དངོས་ཡོད་རྐང་ཚུགས་པར་དམིགས་ཏེ། མཚོ་ནུབ་ཀྱི་གཏམ་རྒྱུད་ལེགས་པོ་འགོད་པ་དང་སྙིང་སྟོབས་དར་སྤེལ་བཏང་སྟེ།  ལོའི་ནང་དུ་ཚྭ་འདམ་རིག་གནས་ལོ་རྒྱུས་དཔེ་ཚོགས་སྤེལ་ཐེངས་དྲུག་པ་དངམཚོ་ནུབ་རིག་གནས་ལོ་རྒྱུས་དཔྱད་ཡིགསྤེལ་ཐེངས་ཉེར་གཅིག་པ་བསྒྲིགས་ཏེ་དཔར་སྐྲུན་བྱ་དགོས། མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དཔྱད་ཡིག་འཚོལ་སྒྲིག་དཔར་སྐྲུན་སྒྲིག་སྲོལབསྒྲིག་ཏེ་འདོན་དགོས། ཟླ7པའི་སྔོན་དུམཚོ་སྔོན་སོག་རིགས་ལོ་བརྒྱའི་དངོས་བྲིསརྩོམ་བསྡུ་ཞུ་དག་བྱ་བ་འགྲུབ་པར་མ་ཟད་ཞིང་ཆེན་སྲིད་གྲོས་ལ་སྤྲོད་དགོས། ལྔ་ནི་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་དང་ལྷན་དུ་བརྗོད་དོན་འདོན་པ་དང་རྟོག་ཞིབ་བྱེད་པ། གྲོས་མོལ་མཛད་པ། དོན་འཁྱོལ་བྱ་བའི་ཐུན་མོང་བཞིའི་བྱ་བའི་རྐྱེན་སྲོལ་ཚང་བསྐྲུན་བྱས་ཏེ། ཏང་ཨུ་དང་སྲིད་གཞུང་།དེ་མིན་འབྲེལ་ཡོད་སྡེ་ཁག་ལ་འབྲེལ་འདྲིས་བྱེད་པར་ཤུགས་བསྣན་ནས་བྱ་བའི་དོན་འཁྱོལ་ལ་སྐུལ་འདེད་དང་། མཉམ་དུ་མཚོ་ནུབ་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་བསྐྲུན་པར་མཛད་རྗེས་གསར་བ་འགོད་དགོས།

བཞི།གསར་གཏོད་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། གྲོས་མོལ་དམངས་གཙོར་ནུས་ཤུགས་གསར་བ་ཡོད་དགོས།  

མཚོ་ནུབ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་གདེང་ཚོད་བླངས་ཏེ།ཏང་ཨུ་དང་སྲིད་གཞུང་གི་བྱ་བ་གང་སར་བསྙེག་ན་སྲིད་གྲོས་བྱ་བ་དང་གྲོས་མོལ་དམངས་གཙོ་དེ་སར་འགྲིམས་དགོས་པའི་བླང་བྱ་ལྟར།  གྲོས་མོལ་སྲིད་གླེང་རྒྱ་ཆེར་སྤེལ་དགོས།  གཅིག་ནི་གྲོས་མོལ་གལ་ཆེན་གྱི་བྱ་འགུལ་གནས་ཚུལ་ཚོགས་ཐོག་ཏུ་བརྒྱུད་བསྒྲགས་བྱེད་པའི་ལམ་ལུགས་འཛུགས་དགོས་ཤིང་། ཁུལ་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་འགན་ལེན་བློ་མཐུན་གྱིས་གྲོས་མོལ་དུ་ཞུགས་པའི་སྲིད་གྲོས་ཨུ་ཡོན་ལ་གནས་ཚུལ་བརྒྱུད་བསྒྲགས་དགོས།འབྲེལ་ཡོད་སྡེ་ཁག་གདན་ཞུ་བྱས་ཏེ་དུས་བཅད་ལྟར་ཁུལ་ཡོངས་ཀྱི་བྱ་གཞག་གལ་ཆེན་སྤེལ་བའི་གནས་ཚུལ་བརྒྱུད་བསྒྲགས་བྱས་ཏེ། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱིས་འོས་འགན་ལེན་ཆེད་སྟབས་བདེ་དང་ཆ་རྐྱེན་བསྐྲུན་དགོས། གྲོས་མོལ་འབྲས་བུར་མཐོང་ཆེན་བྱེད་པ་དེ་དོན་འཁྱོལ་ཅན་དུ་བསྒྱུར་དགོས་ཤིང་། གཞུང་སྒྲུབ་ཁང་གཉིས་དང་ལྷན་དུ་གྲོས་མོལ་གྲུབ་འབྲས་སྤྱོད་པ་དང་དོན་འཁྱོལ། ཚུར་སྣང་གི་བྱེད་ཐབས།  དེ་མིན་དཔྱད་ལེན་རྐྱེན་སྲོལ་གཏན་འབེབ་དགོས།  གཉིས་ནིམཚོ་ནུབ་ཁུལ་སྲིད་གྲོས་ཀྱི་དུས་བཞིའི་གྲོས་མོལ་གྲོས་ཚོགས་ལམ་ལུགསབསྒྲིགས་ཏེ་འདོན་དགོས། ཁེ་སྐྱོར་དམངས་འདེགས་དང་སྒེར་དབང་དཔལ་འབྱོར་མྱུར་བར་འཕེལ་རྒྱས་གཏོང་བ། རོང་འབྲོག་ཁུལ་གྲོང་སྤོགྲོང་རྡལལས་རྩོལ་ལྷག་མའི་གསོ་སྦྱོང་དང་སྤོ་བསྒྱུར།ལས་ཞུགས་བྱ་གཞག་ལ་སྔར་བས་ཤུགས་སྣོན་དང་སྐུལ་འདེད་བྱེད་པ་སོགས་རྒྱུན་ཨུ་ཁང་གི་ཐེངས་བཞི་བའི་ཆེད་དོན་སྲིད་གླེང་སྤེལ་དགོས། གསུམ་ནི་དམངས་གཙོའི་ལྟ་རྟོག་ལ་སྔར་བས་ཤུགས་སྣོན་དགོས། ལོའི་ནང་དུསྲིད་གྲོས་མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཚོགས་ཀྱིས་དམངས་གཙོའི་ལྟ་རྟོག་འགན་ནུས་སྔར་བས་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་བསམ་འཆརབསྒྲིགས་པར་འགོ་རྩོམ་དགོས།  སྲིད་གྲོས་ཀྱི་དམངས་གཙོའི་ལྟ་རྟོག་གོ་འགོ་ཁྲིད་རྩ་འཛུགས་དང་ཁེ་དབང་འགན་སྲུང་། གནས་ཚུལ་ཚུར་སྣང་།འབྲེལ་འདྲིས་གྲོས་མོལ་བཅས་ཀྱི་རྐྱེན་སྲོལ་སྔར་བས་འཐུས་ཚང་དུ་གཏང་དགོས། ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་མཐའ་འཁྱོལ་དང་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་རྟོག་བྱ་བར་སྐུལ་འདེད་ཅེས་པའི་ཆེད་དོན་སྲིད་གླེང་རྒྱུ་ཨུ་གྲོས་ཚོགས་ལ་མཉམ་འབྲེལ་ལེགས་པོ་བྱ་དགོས།   རང་འགུལ་དུ་སྔོན་བསྐྱོད་དང་བརྗོད་དོན་གཅིག་ལ་མཉམ་དུ་གྲོས་མོལ་དང་གྲུབ་འབྲས་མཉམ་སྤྱོད། རིམ་འགར་སྤྱི་སྡོམ་བཅས་བྱ་དགོས།  བཞི་ནི་གྲོས་གཞིའི་ལས་དོན་དམ་འཛིན་བྱ་དགོས། གྲོས་གཞི་འཚོལ་སྒྲིག་རིམ་བཞིན་འབྲེལ་སྒུལ་སྤུས་འདེགས་རྐྱེན་སྲོལ་དུ་འཕར་བར་འཚོལ་ཞིབ་བྱས་ཏེ། གྲོས་གཞི་འབྱུང་ཡུལ་དང་སྲིད་གཞུང་གྲོས་མོལ་བྱེད་པའི་ལམ་ལུགས་འཛུགས་དགོས་ཤིང་།  ལྟེ་བའི་ལས་དོན་ལ་དམིགས་ཏེ་བརྗོད་དོན་གལ་ཆེན་གནད་དུ་བཟུང་སྟེ། ངེས་དོན་གྱིས་གྲོས་གཞིའི་སྤུས་ཚད་ཡར་འདེགས་དང་ཚུར་སྣང་བྱས་ཚད་ཇེ་མཐོར་གཏང་དགོས། གྲོས་མོལ་ནི་གྲོས་གཞི་སྒྲུབ་པའི་རྒྱུ་རིམ་ཡོངས་སུ་སིམས་པར་རྒྱུན་འཁྱོངས་དང་གྲོས་གཞི་བརྡ་འཕྲིན་ཅན་དུ་བསྐྲུན་པ་ལག་བསྟར་དགོས། ལོའི་ནང་དུ་གྲོང་ཁྱེརརྫོངཁུལ་བཅས་ཀྱི་གྲོས་གཞི་དྲ་ཐོག་ཏུ་སྤྲོད་སྒྲུབ་དང་གྲོས་གཞིའི་བརྡ་འཕྲིན་གྲངས་མཛོད་བསྐྲུན་པ་འགོ་རྩོམ་དགོས།གྲོས་གཞིའི་ཐོ་འགོད་དང་བསུབ་པ།  སྡེབ་པ།སྤོ་སྒྲུབ་བཅས་ཀྱི་ལས་དོན་ཚད་ལྡན་འཐུས་ཚང་དུ་གཏོང་བར་དམིགས་ཏེ།  ལོའི་ནང་དུསྲིད་གྲོས་མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་གཞི་སྒྲུབ་པའི་གྲོས་མོལ་ལག་བསྟར་བྱེད་ཐབསབསྒྲིགས་ཏེ་སྤེལ་དགོས།  

ལྔ།  སྒྲིག་ལམ་གྱི་འདུ་ཤེས་མངོན་པར་དོད་དེ།  རང་སྟེང་འཛུགས་སྐྲུན་ཐད་གོང་འཕེལ་གསར་བ་ཡོད་དགོས།

རང་ཉིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི་སྲིད་གྲོས་ཀྱི་གནས་བབ་གསར་བར་བསྟུན་པ་དང་ལས་འགན་གསར་བ་ལེགས་འགྲུབ་འབྱུང་བའི་ཁག་ཐེག་གཙོ་བོ་ཡིན།  གཅིག་ནི་ཨུ་ཡོན་གྱི་གཙོ་ཕུང་གི་ནུས་བ་འདོད་སྤེལ་བྱ་དགོས།  ཨུ་ཡོན་གྱི་ཆབ་སྲིད་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་གཙོར་བཟུང་ནས།  ལོ་འདིའི་ནང་ལ་ཁུལ་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ  ཧའེ་ནན་སན་ཡཱ།   བོད་ལྗོངས་ལྷ་ས་བཅས་ནས་སྐབས་བཞི་བའི་གཅིག་བསྡུས་གྱི་གསོ་སྦྱོང་སྤེལ་བར་འཆར་འགོད་བྱས།  མུ་མཐུད་དུ་ཆབ་སྲིད་བྱང་ཚད་དང་ལས་སྒོའི་ཤེས་བྱར་སློབ་སྦྱོང་བྱེད་པརཤུགས་བསྣན་ནས།   ཨུ་ཡོན་རྣམས་སྲིད་གྲོས་ལ་རྒྱུས་ལོན་ཡོད་པ་དང་གྲོས་མོལ་ཤེས་པ།    སྲིད་གྲོས་ལ་མཁས་པ་བཅས་ཀྱི་ནུས་བ་དང་ཆུ་ཚད་ཇེ་མཐོར་གཏང་དགོས། ལོ་འདིའི་ནང་དུ་ཁུལ་སྲིད་གྲོས་གཞུང་ལས་ཁང་གིས་ཨུ་ཡོན་འབྲེལ་གཏུག་ཚན་ཁག་འཛུགས་ཏེ།  སྔུན་སྣུར་ཨུ་ཡོན་གྱི་ཞབས་ཞུ་དོ་དམ་འགན་ནུས་ཇེ་མཐོར་བཏང་སྟེ་གྲངས་ཚོད་ཅན་གྱི་དོ་འགན་ལེན་ལག་བསྟར་བྱས།ཨུ་ཡོན་གྱི་འགན་སྒྲུབ་གློག་རྡུལ་ཡིག་ཚགས་དང་གྲོས་གཞིའི་གློག་རྡུལ་ཡིག་ཚགས་བཀོད་དེ།  ཨུ་ཡོན་འགན་འཛིན་དུས་ཡུན་ཀྱི་དངོས་གསུམ་སྟེདངོས་སུ་མྱོང་བ།དངོས་སུ་མཐོང་བ།  དངོས་སུ་གོ་ཐུས་ཡོད་པ།ལོ་རྒྱུས་ཀྱི་དཔྱད་ཡིག་ལྟར་ཨུ་ཡོན་དོ་དམ་དཔྱད་ལེན་ནང་དོན་དུ་འགོད་དགོས།  ལོའི་ནང་དུསྲིད་གྲོས་མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བྱ་བའི་འགན་ལེན་ཚད་གཞིཚོད་ལྟའི་ལག་ལེན)》འཆར་ཟིན་འགོད་དགོས།   ཨུ་ཡོན་ཕྱི་འཐེན་ནང་འདྲེན་གྱི་རྐྱེན་སྲོལ་ཚང་བསྐྲུན་བྱས་ཏེ།སྐབས་བབ་ཨུ་ཡོན་གཅིག་བསྡུས་སུ་རྟོག་ཞིབ་བཀོད་སྒྲིག་ལམ་ལུགས་ལག་བསྟར་བྱས་ནས་ཨུ་ཡོན་རྣམ་པའི་འགན་སྒྲུབ་གྱི་ཧུར་ཐག་རང་བཞིན་དང་རང་འགུལ་རང་བཞིན་ལ་སྐུལ་མ་གཏང་དགོས།གཉིས་ནི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞི་རང་བཞིན་གྱི་ནུས་བ་འདོད་སྤེལ་བྱེད་དགོས།  ཆེད་དོན་ཨུ་ཡོན་ལྷན་ཁང་གི་བསམ་བློའི་འཛུགས་སྐྲུན་དང་རྩ་འཛུགས་འཛུགས་སྐྲུན།   སྤྱོད་ཚུལ་འཛུགས་སྐྲུན།  ལམ་ལུགས་འཛུགས་སྐྲུན་བཅས་ལ་ཤུགས་བསྣན་ཏེ།  ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྒྲིག་གཞི་ཇེ་ལེགས་སུ་གཏང་ཞིང། རིག་གནས་ལོ་རྒྱུས་ཀྱི་དཔྱད་ཡིག་རྒྱུ་ཆ་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་།  མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་བཅས་དོར་ཏེ་བསྐྱར་སྒྲིག་བྱས་ནས་སློབ་སྦྱོང་དང་རིག་གནས་ལོ་རྒྱུས་ཀྱི་དཔྱད་ཡིག་རྒྱུ་ཆའི་ཨུ་ཡོན་ལྷན་ཁང་།མི་རིགས་ཆོས་ལུགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་བཅས་འཛུགས་ཏེ་གོང་འོག་མཐུན་སྦྱོར་ལེགས་པོ་བྱས། ངེས་དོན་གྱིས་བྱ་བའི་གསོན་ཤུགས་དང་གྲུབ་འབྲས་ལ་ཤུགས་སྣོན་དགོས།  ཆེད་དོན་ཨུ་ཡོན་ལྷན་ཁང་དང་ཁུལ་ཐད་གཏོངས་ལས་ཁུངས་བར་གྱི་ཁ་གཏད་འབྲེལ་གཏུག་ལ་ཤུགས་བསྣན་ནས། དམངས་ཀྱི་གནས་ཚུལ་དང་སྲིད་དོན་གསལ་བོ་ཡིན་པའི་སྟེགས་བུ་འཛུགས་པ་དང་།  ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་འགན་སྒྲུབ་པའི་སྤྲོ་སེམས་ལ་སྐུལ་དགོས།  ཆེད་དོན་དང་ཁྱད་པར།གསར་བ་བཅས་ཀྱི་སྟེང་ནས་བྱ་བ་སྒྲུབ་པ་དང་ཧུར་བརྩོན་བྱས་ཏེ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལམ་ལུགས་འཛུགས་ཏེ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་འགན་ནུས་དང་བཟང་ཆ་གང་ལེགས་ངོམ་དགོས།    ལོ་འདིའི་ནང་ལསྲིད་གྲོས་མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་སྒྲིག་སྲོལབསྒྲིག་པར་འགོ་རྩོམ་དགོས།  ལམ་ལུགས་དངོས་འབབ་སྟེང་ནས་ཆེད་ལས་ཨུ་ཡོན་ལྷན་ཁང་གི་བྱ་བ་ཚད་ལྡན་དུ་གཏང་དགོས། གསུམ་ནི་ལས་དབྱེ་ནུས་པ་འདོད་སྤེལ་བྱ་དགོས།  ལས་དབྱེ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ལས་དབྱེ་མི་སྣ་བསྡུས་བའི་བྱ་བའི་ལམ་ལུགས་འཛུགས་པ་དང་།  ལས་དབྱེ་བྱ་འགུལ་སྟེགས་བུ་འཛུགས་པ་དང་། ལས་དབྱེ་བྱ་འགུལ་བྱེད་ཐབས་གསར་གཏོད། ཨུ་ཡོན་གྱིས་ལས་དབྱེ་ལ་ངོས་ཟིན་དང་ཁོངས་འཇུག་ཚོར་སྐྱེད་ལ་ཤུགས་སྣོན་དགོས། ལས་དབྱེ་གྲོས་མོལ་ཚོགས་འདུ་དང་ལས་དབྱེ་གྲོས་གཞིའི་ལམ་ལུགས་འཚོལ་ཞིབ་སྒོས་བསྒྲིག་དགོས། ལས་དབྱེ་ཁྱད་ཆོས་ལྡན་པའི་གཟིགས་ཞིབ་དང་བརྟག་དཔྱད་ཞིབ་འཇུག   གྲོས་མོལ་བྱ་འགུལ་བཅས་སྤེལ་བས།  ཨུ་ཡོན་གྱིས་རང་གི་གནས་བབ་དང་ལས་དབྱེ་སྤྱི་ཁོག་བཅས་ཟུང་འབྲེལ་སྔས་ལས་དམ་པོར་བཏང།ལས་དབྱེ་སྤྱི་དམངས་རིམ་པར་ཆབ་སྲིད་ནང་དུ་ཞུགས་པའི་ཐབས་ལམ་གྱི་ནུས་བ་དང་སྟེགས་བུའི་གནས་བབ་ལེགས་པོར་རྒྱ་བསྐྱེད་དགོས།  བཟོ་ཚོང་མཉམ་འབྲེལ་ཨུ་ཡོན་ལྷན་ཚོགས་ཀྱི་མཉམ་འབྲེལ་ཐད་ལ་ཤུགས་བསྣན་ཏེ། བཟོ་ཚོང་མཉམ་འབྲེལ་སྲིད་གྲོས་ལས་དབྱེ་ཁྲོད་དུ་ནུས་བ་གཙོ་བོར་མངོན་གསལ་ཡིན་དགོས། བཞི་ནི་སྙིང་རུས་ལྷོད་མེད་ཀྱིས་ཆེས་བཟང་ཤོས་ཀྱི་སྲིད་གྲོས་ལས་ཁུངས་འཛུགས་དགོས། ཆབ་སྲིད་ཀྱི་བརྟན་ཤུགས་འབུར་ཐོན་ཡིན་པ་དང་སྲོལ་བཟང་ལེགས་པོ་དར་སྤེལ། ནུས་རྩལ་བཙོ་སྦྱངས་སྦྱོང་བརྡར་བཅས་བྱས་ཏེ།  ཧུར་ཐག་སྒོས་གསར་གཏོད་ཕུལ་དུ་བྱུང་བ། བཟོད་སྒོམ་ཁོག་རྒྱ་ཆེ་བ།     དོན་དངོས་གཉེར་བ་དྲང་བདེན་ཡིན་པ། དྲིན་ལན་འཇལ་ཐུབ་པ་བཅས་མཚོ་ནུབ་གསར་བའི་སྙིང་སྟོབས་དར་སྤེལ་བཏང་སྟེ་ལས་བྱེད་པའི་འདུ་ཤེས་བསྐྱར་གསོ་དགོས། རྣམ་འགྱུར་མི་དྲང་བ་དང་སྤྲོ་སེམས་ཡལ་བས་སྲིད་དོན་ལྷོད་གཡེང་གི་གནང་ཚུལ་མེད་པར་བཟོ་དགོས། མུ་མཐུད་དུ་སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོ་དང་དམངས་གཙོ་འཚོ་བའི་ཚོགས་འདུའི་དག་ཐེར་ལེགས་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། སྒྲིག་ལམ་འཛུགས་པ་དང་སྒྲིག་ལམ་སྲུང་པ་བཅས་བྱ་དགོས།། འགོ་ཁྲིད་ལས་བྱེད་པའི་དཔེ་ཀློག་ཟིན་བྲིས་གཅིག་སྤྱོད་དཔྱད་ཞིབ་ལམ་ལུགས་དང་གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་ཏུ་ཕྱིན་པའི་ཟིན་བཀོད་གཅིགཟིན་དེབ་གཅིག།དཔེ་དེབ་གཅིག(《ཟིན་བཀོད་གཅིག་ནི་རྟོག་བཤེར་ཞིབ་འཇུག་ཟིན་བཀོདདངགཞི་རིམ་མང་ཚོགས་དང་འབྲེལ་གཏུག་གི་དངོས་བཀོད་ཟིན་དེབ》《ལོ་མཇུག་རྟོག་བཤེར་ཞིབ་འཇུག་གནས་ཚུལ་ཕྱོགས་བསྒྲིགས》)      བཅས་གཏན་ཁེལ་དོན་འཁྱོལ་བྱ་དགོས། ངེས་དོན་གྱིས་བྱ་བའི་སྤྱོད་ཚུལ་ལེགས་བཅོས་བྱ་དགོས།  ཧུར་ཐག་སྒོས་གཞི་རིམ་གྱི་བྱ་བའི་སྒྲིག་ལམ་དང་དུས་ཐོག་ཏུ་སྒྲིག་ལམ་ལག་བསྟར་བྱེད་པ།  ཉིན་རེར་སྒྲུབ་པ་དང་ཟླ་མཇུག་སྤྱི་བསྡོམས་བྱེད་པ་དར་སྤེལ་བཏང་སྟེ།  མུ་མཐུད་དུ་ཞབས་ཞུ་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་གཏང་དགོས།  ཁང་གསུམ་དང་ཚོམས་གཅིགཏང་ཡོན་བྱ་འགུལ་ཁང་དང་ཡིག་རིས་འགྲེམ་སྟོན་ཁང་།རིག་གནས་ལོ་རྒྱུས་དཔྱད་ཡིག་ལྟ་ཀློག་ཁང་དང་འཆད་ཁྲིད་ཚོམས་ཆེན  དང་དེབ་གཅིག་ཚགས་གཅིག (《མཚོ་ནུབ་སྲིད་གྲོས།》《 གཞིས་ཁུལ་དང་དམངས་སེམས་མཚོན་པའི་ཆེད་བརྗོད་ཚགས་པར》) བཅས་ཀྱི་གཤིན་ས་བེད་སྤྱོད་ལེགས་པོ་བྱ་དགོས།ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་དང་མི་སྣ་མིང་གྲངས་ཅན་གདན་འདྲེན་བྱས་ནས་འཆད་ཁྲིད་སྤེལ་ཏེ་ལས་བྱེད་པའི་བྱང་ཚད་ཇེ་མཐོར་གཏང་དགོས། ལོ་འདིའི་ནང་དུ་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་མཉམ་འབྲེལ་བྱས་ནས་ཟླ་འཕྲིན་བརྡ་ཁྱབ་ལམ་ལུགས་འཛུགས་པ་མ་ཟད། སྲིད་གྲོས་ཀྱི་བྱེད་སྒོའི་འགྲན་བསྡུར་བྱ་འགུལ་ཐེངས་གཅིག་སྤེལ་ཏེ། སློབ་སྦྱོང་དང་དྲིལ་སྒྲོག་གི་ཚ་རླབས་འཕྱུར་དགོས།   ལས་ཁུངས་ལས་བྱེད་པའི་བསམ་བློ་ཡངས་ཤིང་རིག་ལམ་མྱུར་དགོས་པར་སྐུལ་ནས་གོ་ས་དམག་ལས་དམན་ཀྱང་། ཁོག་རྒྱ་དཔོན་ལས་ཡངས་དགོས་ཞེས་པའི་བསམ་བློ་བཞེངས་ཏེ།   མུ་མཐུད་དུ་མདུན་བསྐྱོད་དང་སྔར་ལས་བཟང་ཞིང་ལེགས་པ་བརྩོན་ལེན་བྱ་དགོས།

ཨུ་ཡོན་དང་བློ་མཐུན་རྣམ་པ།   འཆར་འགོད་ཀྱི་དཔེ་རིས་བཀོད་ཟིན། ཕུགས་བསམ་གྱི་ལམ་ཁ་ཡངས་པོར་ཕྱེས།  ང་ཚོ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་པོ་བྱས་ཏེ། ཀྲུང་གུང་མཚོ་ནུབ་ཁུལ་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག།  སྔར་ཡོད་ཀྱི་ཀུན་སློང་མི་བརྗེད་པར་བསྟུད་མར་མདུན་བསྐྱོད་དང་།མཉམ་དུ་ཚྭ་འདམ་རྟགས་ཅན་གྱི་གྲུ་གཟིངས་ལ་བསྡད་དེ།  གྲུ་གཡོར་བཏེགས་ནས་མྱུར་མོས་རྒྱང་ལ་བཞུད་དགོས། མཚོ་ནུབ་ནི་འབྱོར་ཕྱུག་དང་དཔལ་ཡོན།  འཆམ་མཐུན།  བདེ་སྐྱིད་བཅས་ལྡན་པའི་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་དུ་བསྐྲུན་ཆེད་སྔར་ལས་ལྷག་པའི་བྱས་རྗེས་ཆེན་པོ་བཞག་སྟེ། སྔར་ལས་ལྷག་པའི་གྲུབ་འབྲས་བླངས་ནས་ཀྲུང་གུང་སྐབས་བཅུ་དགུ་བའི་ཏང་འཐུས་ཚོགས་ཆེན་དང་ཞིང་ཆེན་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་གསུམ་པ་འཚོགས་པར་ལེགས་སྐྱེས་སུ་འབུལ་དགོས་སོ།།

 

གོང་མ།:ཉིས་སྟོང་བཅུ་བདུན་ལོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ།

ཞོལ་མ།:ཡིག་ཆ་ཨང་དང་པོའི་དོན་སྤྱི་དང་བླང་བྱ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235