མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་མ།  |  སོག་ཡིག་པར་མ།
 
ཏང་སྲིད་ཡིག་ཆ།
 

ཉིས་སྟོང་བཅུ་བདུན་ལོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲྭ་བ།  སྤེལ་དུས།:2017-06-08  རྩོམ་པ་པོ།:རང་རེའི་ལས་ཁུངས།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

མཚོ་ནུབ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ།

2017ལོའི་ཟླ3པའི་ཚེས7ཉིན་ཁུལ་གྱི་དམངས་ཆེན་སྐབས་བཅུ་བཞི་པའི་

གྲོས་ཚོགས་ཐེངས་གཉིས་པའི་སྟེང་།

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན།  ཡོན་ཉིན།  

འཐུས་མི་རྣམ་པ།

ངས་ད་ལྟ་མཚོ་ནུབ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར།   ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས།  

2016ལོའི་བྱ་བ་གཙོ་བོ།

2016ལོ་ནི་ལོ་ལྔའི་འཆར་འགོད་བཅུ་གསུམ་གྱི་འཕེལ་རྒྱས་འགོ་ཚུགས་པའི་ལོ་ཡིན་ལ། སྐབས་བཅུ་བཞི་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིབྱ་བ་འགོ་ཚུགས་པའི་ལོ་ང་ཡིན།ཁུལ་ཨུའི་ཡང་དག་པའི་འགོ་ཁྲིད་བརྟན་པོའི་འོག  ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཁྱད་པར་དུ་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའིབླང་བྱ་གལ་ཆེནལག་བསྟར་ནན་ཏན་བྱས་པ་ཡིན།  ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པཁྲིམས་ལྟར་རྒྱལ་ཁབ་སྐྱོང་་བཅས་གཅིག་གྱུར་གང་ལེགས་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རང་འགན་ནན་ལེནདང་། བྱ་བ་ཏན་ཏིག་གིས་སྒྲུབ་པ། མགྱོགས་མྱུར་གྱིས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་བདེ་སྐྱིད་བཅས་ལྡན་པའི་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་ཞིག་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་འཇོག་པར་ཧུར་བརྩོན་བྱས།

གཅིགཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་ཁོང་དུཆུད་དེཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་བསྐྲུན་སླད་བསམ་ཕྱོགས་གསར་པ་ཞིག་མངོན་པ།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་རང་འགུལ་གྱིས་དང་ལེན་བྱེད་པ་དང་ཏང་ཨུའི་ཟིལ་ཤུགགས་སྲུང་སྐྱོང་དང་འགོ་ཁྲིད་གཅིག་གྱུར་གཅིག་སྡུས་བྱེད་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ནུས་འདོན་སྤེལ་དང་།ཧུར་ཐག་གིས་འགན་ནུས་ཀྱི་གནས་བབས་ལེགས་པོ་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཁག་ཐེག་དང་སྒུལ་ཤུགས་སུ་བསྒྱུར།

ཐོག་མཐའ་བར་གསུམ་དུ་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱས་པ།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པརྒྱུན་འཁྱོངས་བྱས་ནས།བྱ་བའི་ལག་ལེན་ལ་མཛུབ་སྟོན་དང་བྱ་བར་སྐུལ་འདེད་གཏོང་རྒྱུ།ཆབ་སྲིད་སློབ་སྦྱོང་དང་ཏང་གཤིས་སྦྱོང་བརྡར་མངོན་གསལ་དོད་པ།དུས་སྐབས་གསར་འི་དམངས་ཆེནབྱ་བའི་གནས་ཐིག་གཏན་ཁེལ་དང་ཁ་ཕྱོགས་ཁོང་དུ་ཆུད་ནསཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་དེ་དམངས་ཆེན་གྱིས་ཁྲིམས་ལྟར་འགན་ནུས་ལག་བསྟར་གྱི་བརྒྱུད་རིམ་ཧྲིལ་བོར་ཁྱབ་སྟེ།འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་ལས་ལྷག་པར་དུ་སྲོག་ཤིང་གི་འདུ་ཤེས་དང་མིག་དཔེར་ལྟ་བའི་འདུ་ཤེས་དེ་བསམ་བློའི་དེད་དཔོན་དང་། འགན་འཁྲི་སྒྲུབ་པའི་རྩ་བར་བཟུང་སྟེ།ཐོག་མཐའ་བར་གསུམ་དུཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་དེ་ལག་བསྟར་བྱེད་པ་ནི་དམངས་ཆེན་བྱ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ནང་གནས་ཀྱི་བླང་བྱར་བཟུང་ཞིང་དམངས་ཆེན་བྱ་བ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་བསྐྱོད་པར་ཁག་ཐེག་བྱས།

ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ཀྱི་འདུ་ཤེས་ཆགས་སུ་འཆུགས། ཁུལ་ཨུའི་ཡང་དག་པའི་འགོ་ཁྲིད་འོག་དམངས་ཆེན་བྱ་བ་ལེགས་པོསྒྲུབ་པ་རྒྱུན་འཁྱོངས་དང་།ཁྱོན་ཡོངས་ནས་ཁུལ་ཨུའིདགོངས་དོན་གོ་བ་ཡང་དག་ལེན་པ་དང་ཁུལ་ཨུའི་འདོད་མོས་ལག་བསྟར་དོན་འཁྱོལ་བྱས་ཏེ། གལ་ཆེ་བའི་ནད་དོན་དང་དོན་དག་བཅས་ཐད་ཀར་དུ་ཁུལ་ཨུ་་སྙན་སེང་ཞུ་བའི་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེཏང་གི་འགོ་ཁྲིད་ལ་དམ་པོར་བརྟེན་པ་དང་དམངས་ཆེན་གྱིབྱ་བར་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་གནངསཏང་ཙུའུ་ཡི་ཆབ་སྲིད་ཀྱི་འགོ་ཁྲིད་པ་དངདམངས་ཆེན་བྱ་བའི་འགོ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་གིས་ཕྲག་ཏུ་བླངས་ཏེ།རྒྱུན་ཨུ་ལྷན་ཁང་གི་ཏང་ཙུའིབྱ་བའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་མ་ཟད་ལག་བསྟར་ནན་པོ་བྱས་པསཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་དང་ལྟ་སྐུལའཐུས་མི་བྱ་བ་སོགས་ཀྱི་འགན་དབང་ཡང་དག་སྤྱོད་པར་ནུས་ལྡན་གྱིས་འགན་སྲུང་བྱསལས་དོན་གལ་ཆེ་ཐག་གཅོད་བྱེད་པའི་དབང་ཆ་དང་མི་དོན་བསྐོ་འཐེན་གྱི་དབང་ཆ་བཅས་ཁྲིམས་ལྟར་ཡང་དག་པར་སྤྱད་དེ། ཁུལ་ཨུའི་ཐབས་ཇུས་ནི་རང་འགུལ་གྱིས་ཁྲིམས་བཀོད་གོ་རིམ་བརྒྱུད་དེ་ཁུལ་ཡོངས་མི་དམངས་ཡོངས་ཀྱི་འདོད་བློ་དང་འགུལ་སྤྱོད་དུ་འགྱུར་བར་ཁག་ཐེག་བྱས་པ་དང་།  2016ལོར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ལས་ཁུངས་ཀྱི་ལས་བྱེད་པ་མི་ཐེངས86བསྐོ་འཐེན་བྱས་པ་དང་།ལྷག་པར་དུ་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོའི་གྲོས་ཚོགས་གྲོལ་རྗེས་སུདུས་ཐོག་ཏུ་ཁུལ་སྲིད་གཞུང་གི་གྲུབ་ཆའི་སྡེ་ཁག་སོ་སོའི་མི་སྣ་བསྐོ་གཞག་ལ་གྲོས་འཆམ་བྱུང་བ་དང་།དེ་ཉིད་སྐབས་གསར་པའི་སྲིད་གཞུང་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་རྒྱུའི་ཐད་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས།གསར་དུ་བསྐོས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ལ་རྩ་འཛུགས་བྱས་ཏེ་རྩ་ཁྲིམས་ལ་དམ་བཅའ་བཞག་པས།རྩ་ཁྲིམས་ཀྱི་དབང་གྲགས་རང་བཞིན་གང་ལེགས་ཀྱིས་གསལ་པོར་མངོན་ཞིང་། བསྐོ་གཞག་བྱས་པའི་མི་སྣས་མི་དམངས་ལ་འགན་འཁུར་་དང་། དམངས་ཆེན་གྱི་ལྟ་སྐུལ་དང་དུ་ལེན་བྱེད་པའི་འདུ་ཤེས་མངོན་གསལ་གྱི་ཇེ་དྲག་དུ་ཕྱིན་ཡོད།

གཉིས། ནན་ཏན་གྱིས་ཁྲིམས་སྐྱོང་ཉིང་བཅུད་ཁོང་དུ་ཆུད་པ་བརྟན་པོའི་ངང་ལག་བསྟར་བྱས་ཏེ།  ཁྲིམས་འཛུགས་སྤུས་ཚད་མཐོར་འདེགས་ཐད་གནད་འགག་གསར་བ་ལས་བརྒལ་བ་མངོན་འགྱུར་བྱུང་།རྒྱུན་ཨུ་ཁང་གིས་ཏང་ཨུའི་ཁྲིམས་འཛུགས་ལ་འགོ་ཁྲིད་བྱེད་པ་དང་།དམངས་ཆེན་གྱིས་ཁྲིམས་འཛུགས་ལ་གཙོ་ཁྲིད་བྱེད་པཁྲིམས་འཛུགས་ཀྱི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་།མཐུན་སྦྱོར་དང་རམ་འདེགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཁྲིམས་འཛུགས་སྤུས་ཚད་མཐོ་རུ་བཏང་ཞིང་། ལོ་ཧྲིལ་པོར་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བསྡོམས་པས1ཆོག་མཆན་སྙན་སེངཞུབ་དང་། ཐོག་མའི་འདྲི་གཅོད་བྱསཔ1ཡོད།བརྟག་དཔྱད་ཞིབ་འཇུག་དང་རིག་པས་སྒྲུབ་པ2ཡོད

ས་གནས་ཁྲིམས་འཛུགས་བྱ་བར་སྐུལ་འདེད་བཏང་རྒྱུན་ཨུ་ལྷན་ཁང་གི་དགོས་མཁོའི་ཕྱོགས་སྟོན་རྒྱུན་འཁྱོངས་བྱས་ཏེམཚོ་ནུབ་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་འབུར་ཐོནཐད་ཤུགས་སྣོན་བྱས་ནསསྔར་ལས་ལྷག་པར་ཁྲིམས་འཛུགས་བྱ་བ་ལེགས་བཅོས་བྱེད་རྒྱུར་རྒྱུན་སྐྱོང་བྱས། 2016ལོའི་ཟླ5བའི་ཚེས22ཉིན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་གནངས་ཏེ་མཚོ་ནུབ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བར་སྐུལ་འདེད་གཏོང་བའི་སྲོལ་ཡིག་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་དེས། མི་རིགས་སོ་སོམཉམ་གཅིག་ཏུ་མཐུན་སྒྲིལ་ཡར་ཐོན་ཡོང་བ་དང་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད་བཅའ་ཁྲིམས་ཀྱི་འགན་ལེན་བྱེད་པར་འདོན་སྤྲོད་བྱས་པ་རེད གྲོང་ཁྱེར་དང་གྲོང་རྡལ་གྱི་དོ་དམ་བྱ་བ་ཚད་ལྡན་དུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དོ་དམ་སྲོལ་ཡིག་འཆར་ཟིན་མ་ཡིག་ལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མ་ཞུ་དག་ཐེངས་དང་པོ་བྱས་པ་དང་།གཙོ་བོ་སྡེ་ཁག་གི་འགན་འཁྲི་སོགས་ཀྱི་ཐད་ནས་དག་བཅོས་བྱ་རྒྱུའི་བསམ་འཆར་བཏོན་བྱུང་།ཆུའི་ཐོན་ཁུངས་དོ་དམ་དང་གཏེར་ཁའི་ཐོན་ཁུངས་དོ་དམ་བྱ་བར་ཚད་མཐོན་པོའིངང་མཐོང་ཆེན་བྱས་པ་དང་།དུས་སྔོན་དུ་ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག་དང་གཏེར་ཁའི་ཐོན་ཁུངས་དོ་དམ་སྲོལ་ཡིག་གི་དག་བཅོས་བྱེད་པའི་བརྟག་ཞིབ་བྱ་བར་ཞུགས་པ་ཡིན། སྲོལ་ཡིག་ཁྲོད་དུ་གནས་པའི་གཅིག་མཐུན་མིན་པ་དང་འོས་འཚམས་མིན་པ་དང་ཡང་ན་གནད་དོན་མཐུན་སྦྱོར་མིན་པའི་གནད་དོན་ལ་ཧུར་ཐག་གིས་ཐག་གཅོད་བྱས།

ཁྲིམས་འཛུགས་ཀྱི་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ གསར་དུ་བཟོ་བཅོས་བྱས་པའི་ཁྲིམས་འཛུགས་སྐོར་གྱི་བཅའ་ཁྲིམས་ལས་གནངས་བའི་དབང་ཆ་ལ་བསྟུན་ཏེཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་ལ་ཕབ་པའི་ཚད་གཞིའི་བླང་བྱ་ལ་ལྟརནན་ཏན་གྱིས་མཚོ་ནུབ་ཁུལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་དོ་དམ།ཁོར་ཡུག་སྲུང་སྐྱོང་ལོ་རྒྱུས་རིག་གནས་སྲུང་སྐྱོབ་སོགས་ཐད་ཀྱི་ཁྲིམས་འཛུགས་དགོས་མཁོ་ལེགས་སྒྲིག་བྱེད་པ་དང་།ཧུར་ཐག་གིས་ཁྲིམས་འཛུགས་ལས་བྱེད་མི་སྣ་གསོ་སྦྱོང་དང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གྲབས་འཛུགས།ཁྲིམས་འཛུགས་གྲོན་དངུལ་འགན་སྲུང་སོགས་ཀྱི་བྱ་བ་ལེགས་པོ་བསྒྲུབས།2016ལོའི་ཟླ6པའི་ཚེས3ཉིན་ལ་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་གནངས་སྟེརང་རེའི་ཁུལ་ནི་ཞིང་ཆེན་ཡོངས་ཀྱི་ཁྲོད་དུ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཏན་འབེབས་ཀྱི་དབང་ཆ་ཡོད་པའི་རང་སྐྱོང་ཁུལ་དུ་གྱུར་བ་དང་།  དེ་ལས་མཚོ་ནུབ་ས་ཁུལ་གྱི་ཁྲིམས་འཛུགས་བྱ་བར་ལེ་ཚན་གསར་བ་ཞིག་འགོ་ཚུགས་པ་མཚོན་ཡོད། ཁྲིམས་འཛུགས་བློ་འདོན་ཕྱོགས་ཀྱི་ཆེད་མཁས་པའི་དོ་དམ་བྱེད་ཐབས་གཏན་ལ་ཕབ་སྟེ། ཞིང་ཆེན་ནང་ཁུལ་གྱི་བཅའ་ཁྲིམས་ཆེད་མཁསགྲགས་ཅན་པ7གདན་ཞུ་ཞུས་ཏེ་ཁྲིམས་འཛུགས་བློ་འདོན་འི་འགན་འཁུར་ཞིང་ཁྲིམས་འཛུགས་བྱ་བ་ཞིབ་ཚགས་ཅན་དུ་གཏོང་བར་རིག་སྟོབས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱས་པ་རེ

གསུམ། ལྟ་སྐུལ་གྱི་ཕན་འབྲས་མཐོར་འདེགས་གཏོང་བ་ཁོང་དུ་ཆུད་དེ། ཁྱོན་ཡོངས་ནས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་མཛད་རྗེས་གསར་བ་མངོན་པ།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཕེལ་རྒྱས་ལ་ཞབས་ཞུ།  སྐུལ་འདེད་དང་འགན་སྲུང་ལ་སྐུལ་སྤེལ་གཏོང་དགོས་པར་དམིགས་ནསཁྲིམས་ལྟར་ལྟ་སྐུལ་གྱི་འགན་དབང་སྤྱད། ལོ་གཅིག་རིང་ལ།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགསཐེངས6བསྡུསཔ་དང་།གཞུང་གཅིག་ཁང་གཉིསཀྱི་ཆེད་དོནབྱ་བའི་སྙན་ཞུ་ཁག10ལ་གསན་འཇོག་དང་གྲོས་ཞིབ་བྱས་པ། ཁྲིམས་འཛིན་ཞིབ་བཤེར་ཐེངས5སྤེལ་བ་དང་།ཆེད་དོན་བརྟག་ཞིབ་ཐེངས8སྤེལ་བ།ཆེད་དོན་འདྲི་རྩད་ཐེངས1བྱས་པས་ལྟ་སྐུལ་བྱ་བ་དེ་ས་ཀྱང་ཡང་དག་ཅིང་ཕན་ནུས་ལྡན་པར་གྱུར་ཡོད།

དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་གྱི་ལྟ་སྐུལ་ལ་ཤུགས་བསྣན་པརྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་སྐྱོན་བྲལ་ངང་འཁོར་སྐྱོད་ཐུབ་པར་ཚད་མཐོན་པོའི་དོ་ཁུར་བྱེད་པ་དང་། 2016ལོའི་ལོ་སྟོད་དུ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལརྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ2015ལོར་ཁུལ་རིམ་པ་དང་སྲིད་འཛིན་ཨུ་ཡོན་ལྷན་ཁང་གསུམ་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་ནོར་སྲིད་ཀྱི་གཏོང་ཡོང་གཞན་དག་ལ་རྩིས་བཤེར་བྱེད་པ་སོགས་ཀྱི་བྱ་བའི་སྐོར་གྱི་སྙན་ཞུ་ཉན་ལེན་དང་གྲོས་ཞིབ་བྱསཏེསྔོན་རྩིས་བཅའ་ཁྲིམས་ལག་བསྟར་བྱེད་ཚུལ་གྱི་ཁྲིམས་འཛུགས་ཞིབ་བཤེར་བྱ་རྒྱུར་རྩ་འཛུགས་བྱས་ཏེ་སྤེལ་ཞིང། ནོར་སྲིད་ཀྱི་གཏོང་ཡོང་སྔོན་རྩིས་དང་ངེས་རྩིས་ལེགས་སྒྲིག་དང་སྲིད་གཞུང་གིས་མ་རྩ་མཉམ་འདྲེས་སྐྱི་དངུལ་སོགས་དང་འབྲེལ་བའི་བརྗོད་བྱ་ལ་དུས་ཐོག་ཏུ་གྲོས་ཐག་བཅད་དེ།མགྱོགས་མྱུར་སྒོས་སྒྲིག་གཞི་ལེགས་སྒྲིག་དང། བྱེད་ཐབས་དང་གོམ་སྟབས་སྒྱུར་ཚད་མགྱོགས་གཏོང་གི་བླང་བྱ་བཏོན་ནས།ཁྲལ་དོན་ཕྱོགས་བསྡུས་བཅོས་སྐྱོང་གི་ནུས་ཤུགས་ཇེ་ཆེར་གཏོང་བ་དངསྔོན་རྩིས་དོ་དམ་ལ་ཤུགས་སྣོན་བྱེད་པ་སོགས་ཀྱི་གྲོས་ཞིབབསམ་འཆར་མཐོང་ཆེན་བྱས་ཏེནོར་སྲིད་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ནོར་སྲིད་མ་དངུལ་བེད་སྤྱོད་བྱེད་པའི་ཕན་འབྲས་མཐོ་རུ་གཏོང་བར་ཤུགས་བསྣན་ནས། དངོས་གནསམི་དམངས་ཀྱི་དོན་དུདངུལ་ཁུག་ནན་སྲུང་དང་། དཔལ་འབྱོར་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་  ཁུལ་ཡོངས་ཀྱིསནུས་ཁུངས་གསར་འི་ཐོན་ལས་འཕེལ་རྒྱུས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱསདབུལ་སྐྱོར་འཁྲེགས་གཏོར་སོགས་ཀྱི་བྱ་བར་དམིགས་ཏེབརྟག་དཔྱད་ཞིབ་འཇུག་དང་གཟིགས་ཞིབ་གནང་སྟེ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བྱ་བ་ལེགས་བསྒྱུར་དང་ལེགས་བཅོས་སྐོར་གྱི་བསམ་འཆར་བཏོན་ནསའབྲེལ་ཡོད་ཕྱོགས་ལ་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་སྟེང་དུ་འབབ་པར་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་དང་། རང་འགུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་འདོན་སྤྲོད་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གྱི་བླང་བྱ་དང་བཅས་འཕྲོད་པར་བྱས་ཏེ།  ཐོན་རྫས་ཀྱི་སྒྲིག་གཞི་ལེགས་བསྒྱུ་དང་དཔལ་འབྱོར་འཁོར་སྐྱོད་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་

དམངས་འཚོའིདཀའ་གནད་ལ་ལྟ་སྐུལ་བྱེད་ཚད་ཤུགས་ཆེ་རུ་བཏང་བརྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མང་ཚོགས་ཀྱི་རེ་སྒུག་དང་བསྟུན་ནསསྤྱི་ཚོགས་ཀྱིས་ཐུགས་ཁུར་བྱེད་པའི་གནད་དོན་ལ་ལན་འདེབས་་དང་།མི་རིགས་སློབ་གསོ་དང་ཁོར་ཡུག་སྲུང་སྐྱོང། ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་སྤྱོད་ཚུལ་སོགས་ཀྱི་བྱ་བ་སྤེལ་ཚུལ་ལ་དམིགས་ཏེ་བརྟག་ཞིབ་བྱས་ཏེ། དཀའ་གནད་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ནསམང་ཚོགས་ཀྱི་བདེ་སྡུག་ཁེ་ཕན་སྲུང་སྐྱོང་དང་ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱསནང་དོནལྡན་པའི་གནད་སྨིན་ཆ་ཚང་ཞིག་འཚོལ་ཞིབ་བྱས་ཏེ་ཞིབ་ཚགས་ངང་འབྲེལ་གཏུག་དང་ཕྲ་ཞིང་ཞིབ་པའི་བརྟག་དཔྱད་བྱེད་པ།བསམ་པ་རྣམ་དག་གིས་དྲི་བར་དྲིས་ལན་འདེབས་པ།ཞིབ་ཚགས་ངང་ལྟ་སྒྲུབ་བྱེད་པ་བཅས་ཀྱི་ཆེད་དོན་འདྲི་རྩད་བྱེད་སྟངས་གྲུབ་ཏུ་བཅུག་སྟེ།རོང་འབྲོག་ས་ཁུལ་གྱི་ཐོན་ལས་གསོ་སྤེལ་དང་རོང་འབྲོག་པའི་ནུས་རྩལ་གསོ་སྦྱོང་།མཐའ་འགྲམ་དུ་ཡོད་པའི་དབུལ་བོའི་མི་གྲངསལ་དབུལ་སྐྱོར་སོགས་དབུལ་སྐྱོར་གསར་སྤེལ་བྱ་བ་དང་འབྲེལ་བ་ཡོད་ཀྱི་གནད་དོན་ལ་བསྟུན་ནས་ཆེད་དོན་འདྲི་རྩད་དང་།   ཁུལ་སྲིད་གཞུང་གི་ལས་བགོས་འགན་གཉེར་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་ཚོགས་འདུའི་སྟེང་ཞུགས་ནས་དྲིས་ལན་འདེབས་པ་དང་། འབྲེལ་ཡོད་དོན་ཚནལ་ལན་འདེབས་ཁས་ལེན་བྱསཏེ།འབྲེལ་ཡོད་ཕྱོགས་ཀྱི་བྱ་བ་ལེགས་བཅོས་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ལྡན་ནོ། 2015ལོའི་ཆེད་དོན་འདྲི་རྩད་བསྒྲུབས་པའི་གནས་ཚུལ་ལ་ཕྱི་མིག་ལྟ་བའི་བྱ་བ་རྩ་འཛུགས་བྱས་ཏེ་སྤེལ་ཞིང་། ཁུལ་སྲིད་གཞུང་གིས་བུལ་ཏོག་གསུམ་ཞེས་པའི་ཁེ་ལས་ཀྱི་རླངས་ལས་ཨན་ལེན་པ་དང་གཤེར་རོ་འདོན་སྐོར་གྱི་ཆེད་དོན་འདྲི་རྩད་ལན་འདེབས་དོན་ཚན་བསྒྲུབས་པའི་གནས་ཚུལ་སྐོར་གྱི་སྙན་ཞུའི་གྲོས་ཞིབ་ཉན་ལེན་བྱས་ཏེ་འབྲེལ་ཡོད་སྡེ་ཁག་གིས་ཁྱོན་ཡོངས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དང་།  སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལབྱེད་པརསྐུལ་འདེད་བཏང་ཞིངམང་ཚོགས་ཀྱི་འཚོ་བ་ལེགས་བསྒྱུར་དང་མི་དམངས་ཇེ་སྐྱིད་དུ་གཏོང་ཆེད་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་བཏོན་ཡོད

བཅའ་ཁྲིམས་བྱ་བའི་ལྟ་སྐུལ་ལ་ཤུགས་བསྣན་པཉུང་ལ་དོན་སྙིང་ལྡན་པ་དང་ཕན་འབྲས་ལྡན་པབཅས་ཀྱི་རྩ་དོན་ལྟར།  གཙོ་བོ་མཚོ་སྔོན་ཞིང་ཆེན་ཁྲིམས་ལུགས་དྲིལ་སྒྲག་སྲོལ་ཡིག་དང་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་སྲོལ་ཡིགམཚོ་ནུབ་ཁུལ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་དོ་དམ་སྲོལ་ཡིགམཚོ་ནུབ་ཁུལ་སོག་རིགས་བོད་རིགསསྐད་ཡིག་བྱ་བའི་སྲོལ་ཡིག་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་ལེན་བསྟར་ཚུལ་ལ་ཁྲིམས་འཛིན་ཞིབ་བཤེར་མཛདཁུལ་སྲིད་གཞུང་གིས་གོང་འབུལ་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་གྲོང་ཁྱེར་དང་རྫོང་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཟོས་པའི་འབྲེལ་ཡོད་ཀྱི་གྲོས་ཆོད་ཆོད་དོན་་ཁྲིམས་མཐུན་རང་བཞིན་གྱིས་ཞིབ་བཤེར་མཛད་པ་དང་།ནུས་ཤུགས་ཡོད་རྒུས་ཁྲིམས་ལུགས་གཅིག་གྱུར་ཡོང་བ་སྲུང་སྐྱོང་བྱདམངས་ཆེན་གྱིས་ཁྲིམས་ལྟར་རྒྱལ་སྐྱོང་གི་ཇུས་གཞི་ལག་བསྟར་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་སྐུལ་འདེད་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། གནད་དོན་གྱི་ཕྱོགས་སྟོན་རྒྱུན་འཁྱོངས་དང་།ཁྲིམས་ལྟར་ལྟ་སྐུལ་བྱེད་རྒྱུར་རྒྱུན་འཁྱོངས་བྱས་ཤིང་།་གཞུང་གཅིག་ཁང་གཉིསཀྱིས་ཁྲིམས་བསྟར་དང་ཁྲིམས་འཛིན་བྱ་བའི་ལྟ་སྐུལ་གྱི་ཤུགས་ཆེ་རུ་བཏང་སྟེ་སྲིད་འཛིན་དབང་ཆ་དང་འདྲི་གཅོད་དབང་ཆ་དང་ཞིབ་དཔྱོད་དབང་ཆ་བཅས་བཀོལ་སྤྱོད་ཡང་དག་པར་ཁག་ཐེག་བྱས་ནས།་གཞུང་གཅིག་ཁང་གཉིསཀྱིས་ཁྲིམས་ལྟར་སྲིད་སྐྱོང་དང་ཁྲིམས་འཛིན་དྲང་གཞག་ཡོང་བསྐུལ་འདེད་བཏང2016ལོར་བརྟག་དཔྱད་ཞིབ་འཇུགཟབ་སྤེལ་དང་རྒྱ་ཆེ་བའི་ངང་ནས་དམངས་འདོདཕྱོགས་བསྡུབྱས་པའི་རྨང་གཞིའི་ཐོག ཁུལ་ཡོངས་ཀྱི་ལོ་ལྔའི་བདུན་གྱི་ཁྲིམས་སྐྱོང་དྲིལ་བསྒྲགསསློབ་གསོ་སྤེལ་བའི་གྲོས་ཆོད་བཀོད་དེ་ལོ་ལྔའིསྐོར་ཐེངས་བདུན་པའི་ཁྲིམས་ལུགས་ཁྱབ་གདལ་གཏིང་ཟབ་ཀྱིས་སྤེལ་བར་ནུས་ལྡན་གྱིས་འགན་སྲུང་བྱས།

དམངས་ཆེན་གྱི་ཡིག་སྐུར་ངོ་གཏུག་བྱ་བར་ཤུགས་བསྣན་པརྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་རེས་མོས་ཀྱིས་སྣེ་ལེན་བྱེད་པའི་ལམ་ལུགས་འཛུགས་པ་ཁྱབ་གདལདུ་བཏང་སྟེདུས་བཅད་ལྟར་མང་ཚོགས་ངོ་གཏུག་ཏུ་ཡོང་བ་སྣེ་ལེན་བྱས་པ་དང་།དུས་ཐོག་ཏུ་ཡིག་སྐུར་ངོ་གཏུག་གི་ཡི་གེ་སྣ་ཚོགས་ཐག་གཅོད་བྱས་ནས་དངོས་ཡོད་གནད་དོན་ཐག་གཅོད་བྱེད་རོགས་བྱས།མང་ཚོགས་སྐོར་ཞིག་གིས་བཏོན་པའི་བསམ་འཆར་ཆེ་ཤསདང་སྤྱི་ཚོགས་སྟེང་ཤུགས་རྐྱེན་ཅུང་ཆེ་འི་གྱོད་གཞི་དག་ལ་ཆེད་དམིགས་མི་སྣ་མངགས་ནས་བརྟག་དཔྱད་རྒྱུས་ལོན་དང་རྗེས་སྙེག་ལྟ་སྐུལ་ལག་བསྟར་བྱསལོ་གཅིག་གི་རིང་ལ།རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྡོམས་པས་དམངས་ཆེན་འཐུས་མི་དང་མང་ཚོགས་ཀྱི་ཡིག་བསྐུར་ངོ་གཏུག17དང་མི་ཐེངས33བདག་སྤྲོད་བྱས་ཏེདུས་ལྟར་བདག་སྤྲོད་དང་ལེན་དང་དུས་ཐོག་ཏུ་ལན་འདེབས་པདང་ལྷག་པར་དུ་བཅའ་ཁྲིམས་དང་ཞུ་གཏུག་དང་འབྲེལ་འི་ཡིག་བསྐུར་ངོ་གཏུག་ལ་གཙོར་བཟུང་སྟེ་ལྟ་སྐུལ་ཡང་དག་བྱས་པ་དང་།མང་ཚོགས་ཀྱི་ཁེ་དབང་འགན་སྲུང་དངསྤྱི་ཚོགས་ཀྱི་འགལ་བ་ཐག་གཅོད་བྱེད་པར་འབད་དེ། སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱས་པ་ཡིན

བཞི།དམངས་ཆེན་འཐུས་མིའི་ནུས་པ་གཙོ་བོ་འདོན་སྤྲོད་བྱེད་པ་ཏན་ཏིག་གིས་དམ་འཛིན་བྱས་ཏེ།འཐུས་མིའི་ཁྲིམས་མཐུན་འགན་ནུས་ལག་བསྟར་ལ་ཁག་ཐེག་བྱེད་པར་གོམ་པ་གསར་བ་སྤོས།  

       རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་འདུ་ཤེས་གཙོ་བོ་བཞེངས་སྐྲུན་དང་ཞབས་ཕྱི་འཐུས་ཚང་།རྐྱེན་སྲོལ་འགན་སྲུང་བྱེད་པ། འཐུས་མིའི་བར་གྱི་འབྲེལ་འདྲིས་ལ་སྟེགས་བུ་བསྐྲུན་པ།བྱ་བའི་བྱེད་སྟངས་ལེགས་བསྒྱུར་བཅས་བྱས་ཏེ།འཐུས་མིའི་འགན་ནུས་ལག་བསྟར་བྱེད་པར་འགན་སྲུང་ཐོབ་པར་འབད་བརྩོན་བྱས་ཐོག  འཐུས་མིའི་བྱ་བར་འཕེལ་རིམ་གསར་བ་བླངས།

      འཐུས་མིའི་འགན་ནུས་ལག་བསྟར་བྱེད་པའི་ཞབས་ཕྱི་ཇེ་དྲག་ཏུ་བཏང་བ།གསར་དུ་བདམས་པའི་འཐུས་མི་རྣམས་ལ་གསོ་སྦྱོང་བྱེད་པའི་བྱ་བ་སྤེལ་ཏེ། སྔ་གཞུག་ཏུ་ཁུལ་ཨུའི་ཏང་གི་སློབ་གྲྭ་དང་ཞ་མཱིན་སློབ་ཆེན་ནས་གསོ་སྦྱོང་འཛིན་གྲྭ་ཐེངས་གཉིས་ལ་སྤེལ་བ་དང་།འཐུས་མི230གསོ་སྦྱོང་བྱས།ནུས་ཤུགས་ཡོད་པའི་སྒོ་ནས་དམངས་ཆེན་འཐུས་མིའི་འགན་ནུས་ལག་བསྟར་བྱེད་པའི་ཆུ་ཚད་ཇེ་མཐོར་བཏང་།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་འཐུས་མིར་འབྲེལ་འདྲིས་བྱེད་པ་དང་དམངས་ཆེན་འཐུས་མིས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་བྱ་བར་ཤུགས་སྣོན་བྱས་ནས། འཐུས་མི་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན་པ། དུས་ཐོག་ཏུ་འཐུས་མི་རྣམས་ལ་འབྲེལ་ཡོད་ཡིག་ཆའི་ཡིག་ཚགས་བསྐུར་ཏེ།ཕན་ནུས་ལྡན་པའི་སྒོ་ནས་འཐུས་མི་རྣམས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་ནང་ཞུགས་པའི་ཐབས་ལམ་རྒྱ་བསྐྱེད་ཅིང་།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སུ་ཞིང་ཆེན་དང་ཁུལ་དམངས་ཆེན་འཐུས་མི་30ལྷག་ཟུར་ཞུགས་བྱས་པ་དང་།དམངས་ཆེན་འཐུས་མི་རྣམས་ཞིབ་རྟོག་དང་། ལྟ་སྐོར། ཁྲིམས་བསྟར་ཞིབ་བཤེར།ཆེད་དོན་བློ་འདྲི་སོགས་བྱ་འགུལ་ནང་མི་ཐེངས260ཞུགས།འཐུས་མིའི་འགན་ནུས་ལག་བསྟར་དེབ་ཆུང་དཔར་སྒྲིག་བྱས་པ་དང་།འཐུས་མིའི་འགན་ནུས་ལག་བསྟར་བྱས་པའི་ཡིག་ཚགས་ཐོ་འགོད་བྱ་བ་སྤེལ་ནས།འཐུས་མིའི་འགན་ནུས་ལག་བསྟར་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་།

     གཞུང་སྒྲུབ་ཁང་གཉིས་དང་སྟེགས་བུ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ།རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་གྱིས་གཞུང་སྒྲུབ་ཁང་གཉིས་དང་སྟེགས་བུ་གཅིག་གི་འཛུགས་སྐྲུན་བྱེད་པ་དེ་འཐུས་མིའི་བྱ་བ་སྐུལ་འདེད་བྱེད་པའི་འདྲེན་ཐག་དང་གཞི་འཛིན་ས་ཞིག་ཏུ་བརྩིས་ནས། ནན་ཏན་གྱིས་ལག་བསྟར་དང་ཚད་ལྡན་ངང་དོ་དམ་བྱེད་པ། ཕན་ནུས་ལྡན་པའི་སྒོ་ནས་འཁོར་བསྐྱོད་བྱས་ཏེ། སྔོན་ལ་འཐུས་མི་སྣེ་ལེན་ཁང་བཙུགས་པ་དང་། དམངས་ཆེན་འཐུས་མིས་དྲ་སྟེང་ནས་འགན་ནུས་ལག་བསྟར་སྟེགས་བུ་དངོས་སུ་འཁོར་བསྐྱོད་བྱས་པས། ཁུལ་ཡོངས་ཀྱི་དམངས་ཆེན་འཐུས་མིའི་ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པར་བརྡ་འཕྲིན་མཉམ་སྤྱོད་ཕྱོགས་ལ་ཐད་འབྲེལ་རླངས་འཁོར་ལྟ་བུའི་ནུས་པ་ཐོན་ཡོད།གྲོང་ཁྱེར་དང་རྫོང་། སྲིད་འཛིན་ཁུལ་ནས་འཐུས་མི་སྣེ་ལེན་ཁང8བཙུགས་པ་དང་།ཁུལ་ཡོངས་ཀྱི་ཞང་དང་གྲོང་རྡལ35སྲང་ལམ8ནས་འཐུས་མི་འབྲེལ་གཏུག་བྱེད་ས43བཙུགས་ཡོད་ལ།  དམངས་ཆེན་གྱི་དྲ་བ་རྒྱབ་རྟེན་དུ་བྱས་ཏེ་དམངས་ཆེན་འཐུས་མིའི་དྲ་སྟེང་ནས་འགན་ནུས་ལག་བསྟར་བྱེད་པའི་སྟེགས་བུ43བཙུགས་པས། གཞི་རིམ་ནས་དམངས་ཆེན་འཐུས་མིའི་བྱ་འགུལ་སྤེལ་བའི་ས་གནས་ཡོད་པ་དང་།འབྲེལ་གཏུག་བྱེད་པའི་ཐབས་ལམ་ཡོད་པ། འགན་ནུས་ལག་བསྟར་ལ་སྟེགས་བུ་ཡོད་པ།ཕན་ཚུན་ལ་རྟེན་ས་ཡོད་པས། འཐུས་མིའི་འགན་ནུས་ལག་བསྟར་ལ་གསོན་ཤུགས་ཀྱིས་ཁེངས་འདུག

ཤུགས་ཆེན་པོའི་འཐུས་མིའི་བསམ་འཆར་ལྟ་སྒྲུབ་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་བསམ་འཆར་ལྟ་སྒྲུབ་བྱེད་པ་དེ་འཐུས་མིའི་ཁེ་དབང་འགན་སྲུང་བྱེད་པར་བརྩིས་ནས་སྲིད་གཞུང་དང་མི་དམངས་ཁྲིམས་ཁང་།མི་དམངས་ཞིབ་བཤེར་ཁང་སོགས་ཀྱི་བྱ་བའི་ལེགས་བཅོས་ལམ་ཕྱོགས་སྐུལ་འདེད་བཏང་སྟེ་རྒྱུན་མཐུད་སྒོས་བསམ་འཆར་སྒྲུབ་ཤུགས་ཆེ་རུ་གཏོང་དགོས། ཁུལ་གྱི་སྐབས་བཅུ་གསུམ་པའི་དམངས་ཆེན་གྱི་ཐེངས་བདུན་པའི་ཚོགས་འདུའི་ཁྲོད་བསྡོམས་པའི་འཐུས་མིའི་བསམ་འཆར་ལྔ་བཞི་བསྡུ་ལེན་བྱས་པ་དང་ཕལ་ཆེར་ཡོད་ཚད་ཐག་གཅོད་བྱས་པ་དང་མཇུག་འབྲས་འཐུས་མི་ཡོངས་ལ་གསལ་བསྒྲགས་བྱས།འཕྲོད་བསྟེན་མ་ལག་གི་ཆེད་ལས་ལག་རྩལ་མི་སྣས་མཐོ་རིམ་ལས་ཐོབ་ལས་བསྐོས་འབྲེལ་ཡོད་བསམ་འཆར་སོགས་བསམ་འཆར་ལྔ་ལྷག་ལོ་མཇུག་གི་ལྟ་སྒྲུབ་བྱ་བ་གཙོ་བོར་བཟུང་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་བགོས་འགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་སྒྲུབ་པ་ཡིན།  རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་འདུམ་འགྲིག་བྱེད་པ་དང་ལས་བགོས་ལྟར་ཁ་གཏད་ཀྱིས་སྒྲུབ་པ་དང་ཆེད་ལས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཁ་གཏད་འབྲེལ་གཏུག་གི་ཐབས་ལམ་སྤྱད་ཏེ་ལྟ་སྒྲུབ་ལ་ཡིག་ཆའི་ལྟ་སྐུལ་དང་ཡུལ་དངོས་ཟུར་བཤེར།དངོས་སུ་སོང་ནས་ཞིབ་བཤེར་བྱེད་པ་བཅས་ཀྱི་ཐབས་ལམ་ཕྱོགས་བསྡུས་བེད་སྤྱོད་བྱས་ནས་ཤུགས་ཆེན་པོའི་ལྟ་སྒྲུབ་ཀྱི་ནུས་ཤུགས་ཆེ་རུ་བཏང་སྟེ་ནུས་ཤུགས་ཡོད་དགུས་ལན་སྟེར་བར་གཙོ་བོར་འཛིན་པ་དང་དོན་དངོས་སྒྲུབ་པར་དཀའ་བར་གྱུར་བའི་གནད་དོན་ཐག་གཅོད་བྱས་པ་དང་། འཐུས་མིའི་བསམ་འཆར་དངོས་འབེབས་བྱས་པའི་ཚད་དང་འཐུས་མིའི་ཡིད་ཚིམས་ཚད་ལོ་རེ་བཞིན་མཐོར་འདེགས་སུ་འགྲོ་བཞིན་ཡོད་ལ་འཐུས་མི་སྐོར་ཞིག་གིས་དོ་སྣང་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་གནད་དོན་ཐག་གཅོད་བྱས་ཟིན།  

སྐབས་བརྗེའི་འདེམས་བསྐོ་བྱ་བ་བདེ་བླག་ངང་ལེགས་འགྲུབ་བྱུང་། ཁུལ་ཨུའི་འགོ་ཁྲིད་འོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྐབས་བརྗེ་བྱ་བའི་མཛུབ་སྟོན་ལ་ཤུགས་སྣོན་བྱས་ཏེ་ངེས་པ་དོན་གྱིས་ཆབ་སྲིད་ཀྱི་འགན་འཁྲི་ལེགས་པོར་སྒྲུབ། སྐབས་བརྗེ་བྱ་བའི་གླེང་བྱ་ཡང་དག་པའི་སྒོ་ནས་ཤེས་སུ་འཇུག་པ་དང་དུས་ལྟར་ཏུ་ཞིབ་འཇུག་བྱས་ནས་ཁུལ་ཡོངས་ཀྱི་རྫོང་དང་ཞིང་དམངས་ཆེན་གྱི་སྐབས་བརྗེ་བྱ་བའི་བཀོད་སྒྲིག་བསམ་འཆར་ལེགས་པོ་སྒྲུབ་དགོས་པ་བཏོན།  ཁུལ་གྱི་སྐབས་བཅུ་བཞི་བའི་དམངས་ཆེན་འཐུས་མིའི་མི་གྲངས་བགོ་བྱ་དང་འདེམས་བསྐོའི་གནད་དོན་ཁྲིམས་ལྟར་ཐག་གཅོད་བྱེད་དགོས། སེམས་ཞིབ་མོས་སྒོས་རྩ་འཛུགས་བཀོད་སྒྲིག་དང་ཞབས་ཕྱི་འགན་སྲུང་དང་མཛུབ་སྟོན་འདུམ་འགྲིག་ལ་ཤུགས་སྣོན་བྱས་ཏེ་ཁུལ་དང་རྫོང་།ཞང་རིམ་པ་གསུམ་གྱི་དམངས་ཆེན་སྐབས་བརྗེ་བྱ་བ་ཁྲིམས་ལྟར་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས། སྐབས་བརྗེ་བྱ་བའི་ཁྲོད་གཏན་འགོག་དགུའི་སྒྲིག་ཁྲིམས་བླང་བྱ་གཟབ་ནན་གྱིས་དངོས་འབེབས་དང་དུས་ནམ་ཡང་སྒྲིག་ཁྲིམས་སྔོན་ལ་བཞག་ནས་སྐབས་བརྗེ་བྱ་བའི་སྒྲིག་ཁྲིམས་ཀྱི་གཟབ་ནན་རང་བཞིན་ལ་སྲུང་སྐྱོབ་བྱས་ཏེ་སྐབས་བརྗེ་བྱ་བའི་དྭངས་གཙང་གི་ཁོར་ཡུག་ལ་ཁག་ཐེག་བྱེད་དགོས། འཐུས་མིའི་ཆབ་སྲིད་འདུ་ཤེས་དང་སྤུས་ཚད། སྒྲིག་གཞི་སོགས་འབུར་དུ་ཐོན་པར་ལྟ་སྐྱོབ་བྱེད་དགོས་པ་དང་འཐུས་མིའི་འདེམས་བྱའི་འོས་མིའི་འོས་སྦྱོར་དང་ཞིབ་བཤེར་གྱི་བརྒྱུད་རིམ་ལ་གཟབ་ནན་གྱིས་སྒྲུབ་དགོས།ཧུར་བརྩོན་སྒོས་འཐུས་མིའི་སྒྲིག་གཞི་ལེགས་སྒྲིག་བྱས་ཏེ་འཐུས་མིའི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས།  ཁུལ་ཡོངས་ཀྱི་སྐབས་གསར་བའི་དམངས་ཆེན་འཐུས་མི་ཉིས་བརྒྱ་ལྔ་བཅུ་དང་། གྲོང་ཁྱེར་དང་རྫོང་དམངས་ཆེན་འཐུས་མི་ལྔ་བརྒྱ་དགུ་བཅུ་གོ་བདུན། ཞང་དང་གྲོང་རྡལ་གྱི་དམངས་ཆེན་འཐུས་མི་སྟོང་གཅིག་ཉིས་བརྒྱ་དོན་ལྔ་བདེ་བླག་ངང་བདམས་ཐོན་བྱུང་།རྩ་ཁྲིམས་དང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་གྱི་གཏན་འཁེལ་གཞིར་བཟུང་ནས་ཁུལ་དང་གྲོང་ཁྱེར་།རྫོང་དང་ཞང་།   གྲོང་རྡལ་ཡོངས་ཀྱིས་སྐབས་གསར་བའི་དམངས་ཆེན་འཐུས་མིའི་གྲོས་ཚོགས་ཐེངས་དང་པོ་བསྡུས།

ལྔ།དུས་རབས་གསར་བའི་དམངས་ཆེན་བྱ་བར་དམ་འཛིན་བྱས་ཏེ།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་སྟོབས་ཆེར་སྐྱེདལ་རྣམ་པ་གསར་བ་མངོན།

   རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་བཅོས་བསྒྱུར་གསར་སྐྲུན་གྱི་དུས་རབས་སྙིང་སྟོབས་ལ་གོམས་པར་བྱས་ཏེ།རྒྱུན་འཁྱོངས་ལྷོད་མེད་ཀྱིས་སློབ་སྦྱོང་ལ་དོ་སྣང་དང་སྤྱོད་པ་ལ་དོ་སྣང་བྱེད་པ།དོ་དམ་དང་དངོས་འབེབ་ལ་དོ་སྣང་བྱས་པས། དམངས་ཆེན་བྱ་བར་སྔར་ལས་གསར་སྐྲུན་དང་ཕན་ནུས་རང་བཞིན་ལྡན།

      འབྲེལ་ཡོད་སྲིད་ཇུས་དངོས་འབེབས་ལ་སྐུལ་འདེད་བྱས།   རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི2015ལོའི་ཡིག་ཆ་ཨང18པ་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང14པའི་དགོངས་དོན་དངོས་འབེབས་བྱས་པར་ཏན་ཏིག་གིས་སྐུལ་འདེད་བྱས་ནས། རྫོང་དང་ཞང་གི་དམངས་ཆེན་བྱ་བ་དང་འཛུགས་སྐྲུན་ལ་སྔར་ལས་ཕུན་སུམ་ཚོགས་པར་བཏང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏིང་ཟབ་པའི་སྒོ་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རྫོང་དང་ཞང་གི་དམངས་ཆེན་བྱ་བ་དང་འཛུགས་སྐྲུན་སྐོར་གྱི་ཡིག་ཆའི་དགོངས་དོན་དང་ཆེད་དོན་རྟོག་ཞིབ་བྱས་པའི་རྨང་གཞིའི་སྟེང་།ཁུལ་ཨུའི་བླང་བྱ་ལྟར།ཁུལ་ཡོངས་ཀྱི་རྫོང་དང་ཞང་དམངས་ཆེན་གྱི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས།ཧུར་བརྩོན་དང་རང་འགུལ་གྱིས་ལག་བསྟར་བསམ་འཆར་སྐོར་ཞིག་ཟིན་བྲིས་བཀོད་ནས།ཁུལ་ཡོངས་ཀྱི་རྫོང་དང་ཞང་དམངས་ཆེན་བྱ་བའི་གྲོས་ཚོགས་བསྡུས།  གནས་བབ་གསར་བའི་འོག་རྫོང་དང་ཞང་དམངས་ཆེན་གྱི་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་གནས།འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ལྟ་སྐུལ་མཛུབ་སྟོན་གནང་ནས་རྫོང་དང་ཞང་དམངས་ཆེན་གྱི་བྱ་བ་དང་འཛུགས་སྐྲུན་ཁྲོད་གནས་པའི་གནད་དོན་དང་དཀའ་ངལ་ཧུར་བརྩོན་གྱིས་མཐུན་སྦྱོར་དང་སེལ་རོགས་བྱས་པས། ངེས་པ་དོན་གྱིས་ཞིང་ཆེན་དང་ཁུལ་གྱི་རིགས་སོ་སོའི་བྱེད་ཐབས་དངོས་འབེབས་དོན་འཁྱོལ་བྱས།གྲོང་ཁྱེར་དང་རྫོང་ཏང་ཨུ་ཡིས་ཧུར་བརྩོན་སྒོས་ཕན་ནུས་བྱེད་ཐབས་སྤྱད་དེ།སྐབས་བརྗེ་འདེམ་བསྐོ་དང་མཉམ་དུ་དངོས་འབེབས་བྱས། རྫོང་དང་ཞང་དམངས་ཆེན་སྡེ་ཁག་གི་སྒྲིག་གཞི་བསྟུད་མར་འཐུས་ཚང་དུ་བཏང་།བྱ་བའི་ནུས་པ་རྒྱུན་མཐུད་ངང་ཤུགས་སྣོན་བྱས་ཏེ།མི་སྣའི་བཀོད་སྒྲིག་མུ་མཐུད་དུ་ལེགས་བཅོས་དང་།རིགས་སོ་སོའི་འགྲོ་སོང་ལ་ཁག་ཐེག་དང་།རྨང་གཞི་སྒྲིག་ཆས་མངོན་གསལ་སྒོས་ལེགས་བཅོས་ཐོབ།རྫོང་དང་ཞང་དམངས་ཆེན་གྱི་འཛུགས་སྐྲུན་ལ་ཐོད་བརྒལ་གསར་བ་མངོན་འགྱུར་བྱུང་ཡོད།

སྡེ་ཁག་གི་ཀུན་སྤྱོད་ལེགས་བཅོས་དམ་འཛིན་བྱས་པ། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་བསྟར་བྱ་འགུལ་དང་།གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་བཏང་སྟེ།ཏན་ཏིག་གིས་གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་པ་དང་།མུ་མཐུད་དུ་དམངས་ཆེན་སྡེ་ཁག་གི་བསམ་བློ་དང་སྤྱོད་སྟངས།ནུས་པའི་འཛུགས་སྐྲུན་དང་ཏང་གི་སྲིད་གཙང་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ་ཡིན།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཐུན་མོང་གི་སློབ་སྦྱོང་ལམ་ལུགས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུ་པ། ཆེད་དོན་འཆད་ཁྲིད་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ། ཆེད་མཁས་པ་གདན་འདྲེན་བྱས་ཏེ་སློབ་ཁྲིད་གནང་ནས་ཆབ་སྲིད་ཀྱི་བྱང་ཚད་དང་ཁྲིམས་སྐྱོང་གི་བྱང་ཚད།གཞུང་ལུགས་ཀྱི་ཆུ་ཚད་ཇེ་མཐོར་བཏང་། ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ལ་དམིགས་པའི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས།མིག་དཔེར་འཛིན་པའི་འདུ་ཤེས།ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་ཀྱི་སྒྲིག་ལམ་སྲུང་བའི་འདུ་ཤེས་བཞེངས་སྐྲུན་བྱས་ཡོད།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བླང་བྱ་དོན་འཁྱོལ་བྱས་ཏེ།ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་ལམ་ལུགས་ཇེ་དྲག་དང་། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་མུ་མཐུད་དུ་དངོས་འབེབས་བྱས་པ་ཡིན།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མི་ལ་འབྲེལ་འདྲིས་དང་མང་ཚོགས་ལ་ཞབས་ཕྱི་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ།དུས་བཅད་ནང་འཐུས་མི་ལ་འབྲེལ་འདྲིས་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་།གནས་གཏན་རོགས་སྐྱོར་དང་རྟོག་ཞིབ་ལྟ་སྐུལ་སོགས་ཀྱི་བྱ་བའི་འགན་ཁུར་ཏན་ཏིག་གིས་སྐུལ་འདེད་བྱས་པ་ཡིན་ལ།ནུས་ཤུགས་ཡོད་རྒུས་འབྲེལ་གཏུག་གནས་དང་གནས་འབྲེལ་དུད་ཁྱིམ་གྱི་དཀའ་ངལ་སེལ་རོགས་བྱས་པས།སྡེ་ཁག་གི་ལས་བྱེད་པས་མང་ཚོགས་ལ་འབྲེལ་འདྲིས་དང་གཞི་རིམ་ལ་ཞབས་ཕྱི་སྒྲུབ་པ་ནི་རྒྱུན་རྣམ་ཅན་གྱི་བྱ་བར་གྱུར་འདུག

 སྡེ་ཁག་གི་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་པ།སྡེ་ཁག་གི་ལས་བྱེད་གསོ་སྦྱོང་བྱེད་པ་གཙོར་བཟུང་ནས།འཁོར་སྐྱོད་ལ་ཁག་ཐེག་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ།ཞབས་ཕྱིའི་རོགས་འདེགས་ཀྱི་ནུས་པ་ཇེ་མཐོར་བཏང་།ཞང་དང་རྫོང་དམངས་ཆེན་གྱི་འཛུགས་སྐྲུན་དང་སྐབས་བརྗེ་འདེམས་བསྐོ།དབུལ་སྐྱོར་མཁྲེགས་གཏོར་སོགས་གནད་སའི་བྱ་བ་དཀྱིལ་སྙིང་དུ་བཟུང་ནས།ཁྱབ་ཁོངས་དང་རིམ་པ། བརྗོད་བྱ་མང་པོའི་སྒོ་ནས་རྟོག་ཞིབ་ཞིབ་མཇུག་སྤེལ་པ་དང་།རྟོག་ཞིབ་སྙན་ཞུ་བྲིས་ནས་བསམ་འཆར་དང་གྲོས་གཞི་བཏོན་ནས།གནས་བབ་གསར་བའི་འོག་གི་དམངས་ཆེན་བྱ་བ་ལེགས་པོར་སྒྲུབ་པར་ཤེས་རིག་གིས་རོགས་སྐྱོར་གནང་བ་ཡིན།དམངས་ཆེན་གསར་འགྱུར་དྲིལ་སྒྲོག་བྱ་བར་ཤུགས་སྣོན་དང་བཅོས་བསྒྱུར་བྱས་ཏེ།དམངས་ཆེན་གྱི་ལམ་ལུགས་ལེགས་བཅོས་དང་དམངས་ཆེན་གྱི་བྱ་བའི་གྲུབ་འབྲས།འཐུས་མིའི་འགན་ནུས་ལག་བསྟར་བྱས་པའི་སྤྱོད་བཟང་མངོན་ཡོད། ཞིང་ཆེན་དང་ཁུལ་ནང་ཁུལ་གྱི་གསར་འགྱུར་སྨྱན་བྱེད་དང་མཉམ་ལས་ཀྱི་འབྲེལ་བ་བཙུགས་པར་ཤུགས་སྣོན་བྱས་ཏེ།མཚོ་ནུབ་དམངས་ཆེནདུས་དེབ་དང་དྲྭ་ཚིགས་བཟང་བོ་སྤེལ་ནས།མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་དང་དམངས་ཆེན་བྱ་བ་དྲིལ་སྒྲོག་གི་ཤུགས་ཚད་ཆེ་རུ་གཏོང་བར་ཤུགས་སྣོན་བྱས་པ་ཡིན།བསམ་བློའི་དཔལ་ཡོན་འཛུགས་སྐྲུན་དང་གཞི་གསུམ་འཛུགས་སྐྲུན།མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་སོགས་བྱ་བ་ཏན་ཏིག་གིས་སྐུལ་འདེད་བྱས་ཤིང་།ཧུར་བརྩོན་བྱས་པ་བརྒྱུད། རྒྱུན་ལས་ཨུ་ཡོན་ལྷན་ཁང་སྡེ་ཁག་ཞིང་ཆེན་རིམ་པའི་དཔལ་ཡོན་ལས་ཁུངས་དང་མི་རིགས་མཐུན་སྒྲིལ་སྔོན་ཐོན་ཡར་ཐོན་ཁུལ་འཛུགས་སྐྲུན་བྱེད་པའི་དཔེ་སྟོན་སྡེ་ཁག་ཏུ་བདམས།

གོང་འོག་མཉམ་འབྲེལ་ལ་དོ་ཁུར་བྱས་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བ་དེ་ངེས་པར་དུ་སྒྲུབ་དགོས་པའི་འགན་ཁུར་ཞིག་ཏུ་བརྩིས་ནས།ཁྲིམས་སྲོལ་འཆར་ཟིན་6གི་བསམ་འཆར་བསྡུ་བའི་བྱ་བ་ལེགས་འགྲུབ་བྱུང་བ་དང་།ཚན་རྩལ་གྲུབ་འབྲས་དང་སྤྱི་ཚོགས་ཚན་རིག་ཕྱོགས་ཀྱི་སྲོལ་ཡིག་ཁྲིམས་འཛུགས་ཁྱབ་གདལ་སོགས་ཆེད་དོན་རྟོག་ཞིབ་མཐུན་སྦྱོར་བྱས་ནས་སྤེལ་བ་ཡིན།ཞིང་ཆེན་དམངས་ཆེན་འཐུས་མི་རྩ་འཛུགས་བྱས་ཏེ་ཆེད་ལྡན་སྐྱེ་དངོས་ཐོན་ལས་དང་ཆུ་བེད་སྒྲིག་ཆས་འཛུགས་སྐྲུན།ལཱིས་ཐོན་ལས་འཕེལ་རྒྱས་སོགས་ཀྱི་བྱ་བ་དཀྱིལ་སྙིང་དུ་བཟུང་ནས་ཆེད་དོན་རྟོག་ཞིབ་དང་ལྟ་ཞིབ་གྱི་བྱ་བ་སྤེལ། མུ་མཐུད་དུ་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་གྱི་བྱ་བར་མཛུབ་སྟོན་དང་འབྲེལ་འདྲིས་བྱེད་པར་ཤུགས་སྣོན་བྱས་པ་དང་།རིགས་སོ་སོའི་གསོ་སྦྱོང་འཛིན་གྲྭ་དང་ཆེད་དོན་གྲོས་ཚོགས་འཚོགས་པ་སོགས་རྣམ་པ་སྣ་མང་བརྒྱུད་ནས་བྱ་བར་མཛུབ་སྟོན་གྱི་ནུས་པ་ཐོན་ཡོད་ལ། བྱ་བར་དམ་པོར་འབྲེལ་པ་དང་བསམ་བློ་བརྗེ་རེས་བྱས་ཏེ།དམངས་ཆེན་བྱ་བའི་ཕྱོགས་ཡོངས་ལ་ཕན་འབྲས་མངོན་གསལ་འབྱུང་།

   འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་གི་ནང་དུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་གྲུབ་འབྲས་མི་དམན་པ་བླངས་ཡོད་ལ།དེ་ནི་ཁུལ་ཨུའི་ཡང་དག་པའི་མགོ་ཁྲོད་འོག  ཁུལ་དམངས་ཆེན་འཐུས་མི་དང་།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་ཞུགས་མི་སྣ་དང་སྡེ་ཁག་གི་བྱ་བའི་མི་སྣ་ཡོངས་ཀྱིས་འབད་བརྩོན་ལྷོད་མེད་ངང་བྱ་བ་བསྒྲུབས་པའི་གྲུབ་འབྲས་ཡིན་ལ།སྲིད་གཞུང་གཅིག་དང་མི་དམངས་ཁྲིམས་ཁང་ཞིབ་དཔྱོད་ཁང་གིས་བྱ་བར་རོགས་འདེགས་གནང་བའི་གྲུབ་འབྲས་ཡིན།གྲོང་ཁྱེར་དང་རྫོང་སོ་སོའི་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། སྲིད་འཛིན་ཁུལ་གྱི་དམངས་ཆེན་བྱ་བའི་ཨུ་ཡོན་ལྷན་ཁང་། ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པའི་གྲུབ་འབྲས་ཡིན། འདི་ནས་ངས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།

 དེ་དང་མཉམ་དུ།  ང་ཚོའི་རིག་པ་གསལ་བའི་སྒོ་ནས་ཤེས་དགོས་པ་ཞིག་ནི།བཅའ་ཁྲིམས་ཁྲིམས་ལུགས་ཀྱི་གཏན་ཁེལ་དང་ཁུལ་ཨུའི་བླང་བྱ།འཐུས་མི་དང་མི་དམངས་མང་ཚོགས་ཀྱི་རེ་མདུན་དང་བསྡུར་ན།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་དབང་ལག་བསྟར་དང་བྱ་བ་སྒྲུབ་པ།འཐུས་མི་ལ་ཞབས་ཕྱི་སྒྲུབ་པའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས་པས། ང་ཚོས་སྔར་ལས་མཐོང་ཆེན་བྱས་ཏེ། ཁེངས་སྐྱུང་ངང་ཕྱོགས་སོ་སོའི་བསམ་འཆར་ལ་ཉན་ནས།ངེས་པ་དོན་གྱིས་ལེགས་བཅོས་བཟང་བོ་བྱས་ཐོག   སྔར་ལས་བཟང་བོའི་སྒོ་ནས་ཁྲིམས་ལྟར་སྲིད་སྐྱོང་བའི་འགན་དབང་ལག་བསྟར་དང་བྱ་བ་ལེགས་པོར་སྤེལ་རྒྱུ་ཡིན།

2017ལོའི་བྱ་བར་བཀོད་སྒྲིག

2017ལོ་ནི་འདོན་སྤྲོད་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་དུ་སྤེལ་བའི་ལོ་ཞིག་ཡིན་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱབ་ཁ་ལོན་མིན་དང་ཏན་ཏན་ཏིག་ཏིག་བཞི་རྐང་ཚུགས་པར་སྐུལ་འདེད་བྱེད་པའི་ཆེས་གལ་ཆེ་བའི་ལོ་ཞིག་ཀྱང་ཡིན།    ང་ཚོའི་ཏང་གིས་སྐབས་བཅུ་དགུ་བའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་འཚོགས་རྒྱུུ་ཡིན་པ་དང་། རང་ཞིང་ཆེན་གྱིས་ཀྱང་སྐབས་བཅུ་གསུམ་པའི་ཏང་གི་འཐུས་མི་ཚོགས་ཆེན་འཚོགས་རྒྱུ་ཡིན་པས། སོ་སོའི་བྱ་བ་ལེགས་པོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྤྱི་ཁོག་གི་བླང་བྱ་ནི།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་གལ་ཆེན་གྱི་མཛུབ་སྟོན་ལ་བསྟུན་ཏེ། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལ་ལག་བསྟར་དང་། འཕེལ་རྒྱས་གསར་བའི་འདུ་ཤེས་སྲ་བརྟན་འཛུགས་པ་དང་དོན་ཐོག་ཏུ་འཁྱོལ་བ།  འཕོ་འགྱུར་བཞི་ཡིས་མཚོ་སྔོན་བདག་སྐྱོང་དང་སྲིད་དོན་ལེགས་སྒྲིག་བྱེད་པའི་བསམ་ཕྱོགས་གསར་བ་དང་སྔོན་གྲས་སུ་བསྐྱོད་པ་བཞིའི་བླང་བྱ་གསར་བ་དེ་བརྗོད་བྱ་གཙོ་བོར་བཟུང་སྟེ། ཏང་གི་འགོ་ཁྲིད་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཕན་ཚུན་མཐུན་པར་གཅིག་གྱུར་ཡོང་བར་རྒྱུན་འཁྱོམས་བྱེད་དགོས་ལ།ནན་ཏན་གྱིས་རྩ་ཁྲིམས་དང་བཅའ་ཁྲིམས་གྱིས་གནང་བའི་འགན་དབང་ལག་བསྟར་བྱས་ནས།བློ་བརྟན་འགྱུར་མེད་ཀྱི་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་དང་། རྨད་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་ཏང་གི་འཐུས་མི་ཚོགས་ཆེན་རྒྱལ་ཁའི་ངང་འཚོགས་པར་བསུ་དགོས།   བསམ་འཆར་ཡིན་ན་གཤམ་གྱི་བྱ་བ་འདི་དག་ལེགས་པར་བསྒྲུབ་དགོས་ཏེ།

གཅིག   ཚན་རིག་དང་མཐུན་པར་དམངས་གཙོའི་ཁྲིམས་འཛུགས་ལ་སྐུལ་འདེད་བྱས་ཏེ།  ཁྲིམས་འཛུགས་ཀྱི་རྒྱུ་སྤུས་སྔར་ལས་མཐོར་འདེགས་སུ་གཏང་དགོས།  

ཁྲིམས་འཛུགས་ཀྱི་རྒྱུ་སྤུས་མཐོ་རུ་འདེགས་པའི་གནད་འགག་དེ་དམ་འཛིན་བྱས་ཏེ། དམངས་ནི་རྩ་བར་འཛིན་པ་དང་ཁྲིམས་འཛུགས་ནི་དམངས་ལ་ཕན་པའི་འདུ་ཤེས་དམ་པོར་སྲུང་ཞིང་།  ཚན་རིག་གི་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས་རྒྱུན་འཁྱོངས་བྱས་ཏེ།  དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་བྱ་བའི་ཁྲོད་ཀྱི་སྣེ་འཁྲིད་ནུས་བ་འདོད་སྤེལ་བྱ་དགོས།  ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཏན་འབེབ་དབང་ཆ་ཐོབ་པའི་གོ་སྐབས་དང་བསྟུན་ཏེ། དཔལ་འབྱོར་སྤྱི་ཚོགས་ཡོངས་ལ་འབྲེལ་བ་དང་མི་དམངས་མང་ཚོགས་ཀྱི་སྤྱིར་བཏང་དུ་དོ་ཁུར་བྱེད་པ། ས་གནས་ཁྱད་ཆོས་མངོན་གསལ་ཡིན་པ།  མྱུར་དུ་བཟོ་བཅོས་འཐུས་ཚང་སྔོན་ཐོན་བཅས་སྔོན་ཐོན་བཞིའི་རྩ་དོན་ལྟར། རྗེས་ཕྱོགས་ལོ་ལྔའི་ཁྲིམས་འཛུགས་ཀྱི་འཆར་གཞི་འཐུས་ཚང་དང་གཏན་འབེབས་བྱ་དགོས་ལ། མུ་མཐུད་དུ་མཁར་གྲོང་གི་དོ་དམ་སྲོལ་ཡིག་ཁྲིམས་འཛུགས་འཕེལ་རིམ་ལ་སྐུལ་འདེད་དང་། ལོ་སྟོད་ལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྤྲད་དེ་ཐེངས་གཉིས་པའི་གྲོས་ཞིབ་མཛད་དེ།  ལོ་འདིའི་ནང་དུ་ཞིང་ཆེན་གྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྤྲད་དེ་གྲོས་ཞིབ་བྱེད་པར་བརྩོན་ལེན་བྱ་དགོས། རྩྭ་ཐང་སྲུང་སྐྱོང་སྲོལ་ཡིག་གི་ཁྲིམས་འཛུགས་བརྟག་དཔྱད་ཞིབ་འཇུག་དང་འཆར་ཟིན་འགོད་པ་བཅས་ཀྱི་བྱ་བ་སྤེལ་དགོས། གཏེར་ཁའི་ཐོན་རྫས་ཐོན་ཁུངས་དོ་དམ་སྲོལ་ཡིག་དང་ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག་སོགས་བཟོ་བཅོས་དང་འཆར་ཟིན་འགོད་པའི་བྱ་བ་ལ་སྐུལ་འདེད་དང་།   ལོ་འདིའི་ནང་དུ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྤྲད་དེ་ཞིབ་གྲོས་མཛད་པར་བརྩོན་ལེན་བྱ་དགོས།  ཁྲིམས་འཛུགས་གོ་རིམ་ཁྲོད་དུ་འཆར་ཟིན་དང་ཞིབ་གྲོས།  བཟོ་བཅོས། བརྡས་ཐག་གཅོད་པ་སོགས་ཀྱི་བྱ་བ་གཅིག་གྱུར་གྱིས་མཐུན་སྦྱོར་བྱེད་པར་ཤུགས་སྣོན་བྱ་དགོས། གཏིང་ཟབ་པའི་སྒོ་ནས་ཁྲིམས་འཛུགས་བརྟག་དཔྱད་ཞིབ་འཇུག་སྤེལ་བ་དང་། ཁྲིམས་འཛུགས་ལས་གཞིའི་རིགས་སྒྲུབ་འཐུས་ཚང་དུ་གཏང་བ། ཁྲིམས་འཛུགས་དཔྱད་ཞིབ་གདེང་འཇོག་ཚད་རྩིས་ཡུན་རིང་བའི་ནང་རྐྱེན་གསར་འཛུགས་དང་འཐུས་ཚང་དུ་གཏང་དགོས། མི་དམངས་མང་ཚོགས་ཀྱིས་གོ་རིམ་ལྡན་པའི་ངང་ཁྲིམས་འཛུགས་བྱ་བར་ཞུགས་པའི་ཐབས་ལམ་རྒྱ་བསྐྱེད་དེ།  ཁྲིམས་འཛུགས་ཀྱི་ཚན་རིག་རང་བཞིན་དེ་ཇེ་དྲག་ཏུ་གཏང་དགོས།  ཐབས་ལམ་གང་མང་སྤྱད་དེ་སློབ་སྦྱོང་སློབ་གསོ་ལ་ཤུགས་སྣོན་པ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ལ།   རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ཁྲིམས་འཛུགས་ནུས་བ་དང་ཆུ་ཚད་ཇེ་མཐོར་གཏང་དགོས།  

གཉིས། ལྟ་རྟོག་གི་རྣམ་པ་གསར་གཏོད་བྱས་ཏེ།  སྔར་བས་ལྟ་རྟོག་བྱ་བའི་ཕན་འབྲས་ཇེ་དྲག་ཏུ་གཏང་དགོས།  

གཏིང་ཟབ་པའི་སྒོ་ནས་ལྟ་རྟོག་གི་ཁྲིམས་ལུགས་ལག་ལེན་དོན་འཁྱོལ་བྱས་ཏེ། ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་འཛིན་དྲང་བདེན། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ལ་སྐུལ་འདེད་བྱེད་པ་ནི་དམིགས་འབེན་དུ་བཟུང་སྟེ།ཁུལ་གྱི་སྐབས་བཅུ་གཉིས་པའི་ཏང་གི་འཐུས་མི་ཚོགས་ཆེན་ཐོག་བཏོན་པའི་བྱེད་ཐབས་དང་བླང་བྱ་སོ་སོ་ལ་ནན་ཏན་གྱིས་སྐུལ་འདེད་བྱ་དགོས། གནད་དོན་ཀྱི་ཁྲིད་སྟོན་རྒྱུན་སྐྱོང་སྟེ། བཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་དང་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་གནད་དོན་གལ་ཆེན་ལ་དམིགས་པ་དང་། འདོན་སྤྲོད་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་དང་སྟོང་ལྔའི་ཐོན་ལས་གཅིག་བསྡུས་ཀྱིས་འཛུགས་པ། འཕེལ་རྒྱས་ཐད་ཀྱི་ཞན་ཆ་ལ་ཁ་གསབ་རྒྱག་པ་སོགས་ཀྱི་འབྲེལ་ཡོད་གནད་དོན་སྐོར་ལ་དམིགས་ནས། བཟོ་ལས་དབྱིབས་སྒྱུར་རིམ་འཕར་དང་ལས་གཞི་གཙོ་བོའི་འཛུགས་སྐྲུན།  ཁྱད་ལྡན་སྐྱེ་དངོས་ཐོན་ལས་ཀྱི་འཕེལ་རྒྱས།  ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར།  དབུལ་མཐར་སྲ་བརྟན་དང་མཐོར་འདེགས་བྱེད་པ།  སྨན་བཅོས་འཕྲོད་བསྟེན་དཔུང་ཁག་འཛུགས་སྐྲུན་དང་སྲིད་གཞུང་གི་སྔོན་རྩིས་ངེས་རྩིས་སོགས་ཀྱི་བྱ་བའི་གྲོས་ཞིབ་ལ་ཆེད་དོན་སྙན་ཞུ།  ཆེད་དོན་བརྟག་དཔྱད་དང་ལྟ་ཞིབ་སྤེལ་བར་མངོན་གསལ་དུ་བཏང་སྟེ།  ཟས་རིགས་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་སྤྱི་ཚོགས་བདེ་སྐྱོང་གི་གཅིག་བསྡུས་བཅོས་སྐྱོང་སྲོལ་ཡིག་དང་མི་རིགས་མཐུན་སྒྲིལ་སྔོན་ཐོན་ལས་དོན་སྐུལ་འདེད་སྲོལ་ཡིག་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་གནས་ཚུལ་ལ་ཁྲིམས་འཛིན་ཞིབ་བཤེར་མཛད་དགོས། ཁུལ་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་བྱ་བའི་གནས་ཚུལ་དེ་སྲིད་གཞུང་ལ་ཆེད་དོན་འདྲིར་རྩད་གཅོད་དགོས་པ་དང་ཁས་བླངས་པའི་བྱ་བ་དག་ལས་སྒྲུབ་གནས་ཚུལ་ལ་རྗེས་སུ་དེད་དེ་ལྟ་སྒྲུབ་བྱ་དགོས།མུ་མཐུད་དུ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བའི་གནད་དོན་གལ་ཆེན་གདམ་སྟེ།  ཁྲིམས་ལྟར་ཆེད་དོན་བློ་འདྲི་སྤེལ་བ་དང་།    འབད་བརྩོན་གྱིས་དཔལ་འབྱོར་བསྟུན་མར་འཕེལ་རྒྱས་དང་དམངས་འཚོ་བསྟུན་མར་ལེགས་བསྒྱུར།  སྤྱི་ཚོགས་བདེ་འཇགས་འཆམ་མཐུན་བཅས་ཡོང་བར་སྐུལ་འདེད་བྱ་དགོས། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཉེས་དོན་འདྲི་གཅོད་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་དམངས་དོན་སྲིད་འཛིན་ཞིབ་དཔྱོད་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་གྲོས་ཞིབ་ཉན་ལེན་དང་།   ཁྲིམས་འཛིན་དྲང་བདེན་ལ་ནན་སྲུང་དང་སྤྱི་ཚོགས་བདེ་འཇགས་ལ་ཡར་སྐུལ་བྱ་དགོས། མུ་མཐུད་དུ་ལྟ་རྟོག་གྲོས་གཞིའི་འདེམས་པའི་ནང་རྐྱེན་དང་ལྟ་རྟོག་ཆ་འཕྲིན་ཁྱབ་བསྒྲགས་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ།  ཆེད་དོན་འདྲི་གཅོད་དང་བྱ་བར་དཔྱད་མོལ།  ཡིད་འཚིམ་ཚད་དཔྱད་བསྡུར་བཅས་རྒྱུན་རྣམ་ཅན་ལ་སྐུལ་འདེད་བྱ་དགོས།      འཐུས་མི་དང་མང་ཚོགས་ཀྱིས་བཏོན་པའི་མངོན་གསལ་གྱི་བསམ་འཆར་དང་གནད་དོན་ལ་དམིགས་ཏེ།  ཁྲིམས་ལྟར་ནུས་ལྡན་གྱིས་ལྟ་རྟོག་དང་མགོ་མཇུག་ཏུ་ནན་འཛིན་བྱས་ཏེ།སྔར་ལས་ལྟ་རྟོག་བྱ་བའི་ཕན་འབྲས་ཇེ་དྲག་ཏུ་གཏང་དགོས།   ཏང་གིས་ལས་བྱེད་པ་དོ་དམ་བྱེད་པའི་རྩ་དོན་དང་དམངས་ཆེན་གྱིས་ཁྲིམས་ལྟར་བསྐོ་འཐེན་དབང་ཆ་ལག་བསྟར་བྱེད་པ་གཉིས་གཅིག་གྱུར་བྱེད་པར་རྒྱུན་སྐྱོང་སྟེ།  མུ་མཐུད་དུ་མི་དོན་བསྐོ་འཐེན་བྱ་བའི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ།  བསྐོ་བཞག་སྔོན་གྱི་ཞིབ་བཤེར་དང་གོ་གནས་འཐེན་རྗེས་ཀྱི་ལྟ་རྟོག་བྱེད་ཚད་ཇེ་དྲག་ཏུ་གཏང་དགོས།

གསུམ།   ཞབས་ཞུའི་འགན་སྲུང་ཇེ་དྲག་ཏུ་བཏང་སྟེ།  སྔར་བས་འཐུས་མིའི་ལས་འགན་ལག་བསྟར་བྱེད་ནུས་ཇེ་མཐོར་གཏང་དགོས།

གཏིང་ཟབ་པའི་སྒོ་ནས་འཐུས་མིའི་བཅའ་ཁྲིམས་ལག་ལེན་མཐར་ཕྱིན་བྱས་ཏེ།  འཐུས་མི་དང་ལྷག་པར་དུ་འཐུས་མིའི་འགན་གསར་དུ་བཞེས་པ་ལ་ལས་འགན་ལག་བསྟར་གྱི་གསོ་སྦྱོང་ཇེ་དྲག་ཏུ་བཏང་སྟེ། ཧུར་ཐག་སྒོས་འཐུས་མིའི་འགན་སྒྲུབ་ཀྱི་ནུས་པ་མཐོར་འདེགས་བྱ་དགོས།    རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚོགས་འདུའི་མི་སྣས་ཨུ་ཡོན་འབྲེལ་གཏུག་བྱེད་པ་དང་ཨུ་ཡོན་གྱིས་འཐུས་མི་ལ་འབྲེལ་གཏུག་བྱེད་པ།  འཐུས་མིས་མང་ཚོགས་ལ་འབྲེལ་གཏུག་བྱེད་པ་བཅས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་གཏིང་ཟབ་ཏུ་སྤེལ་དགོས།  འཐུས་མི་རྩ་འཛུགས་བྱས་ནས་ལྟ་རྟོག་དང་ཆེད་དོན་གྱི་བརྟག་དཔྱད་ཞིབ་འཇུག་སྤེལ་པ་དང་། མུ་མཐུད་དུ་འཐུས་མི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བ་ལ་ཞུགས་པར་རྒྱ་བསྐྱེད་དེ།  འཐུས་མིའི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་དང་སྲིད་འཛིན་གྱི་བྱ་བ་ཤེས་པ།    སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འཆར་བཤད་པ་བཅས་ཀྱི་ཐབས་ལམ་རྒྱ་བསྐྱེད་དགོས། ཚན་ཁག་གཉིས་དང་སྟེགས་བུ་གཅིག་གི་འཛུགས་སྐྲུན་བྱེད་པའི་ཐད་ལ་སྤུས་ཚད་དང་གྲུབ་འབྲས་མཐོར་འདེགས་སུ་གཏང་བར་སྐུལ་འདེད་བྱ་དགོས། སྡེ་བ་དང་གཞིས་ཁུལ་ནས་འཚོལ་ཞིབ་བྱས་ཏེ་དམངས་ཆེན་གྱི་འཐུས་མི་འབྲེལ་གཏུག་བྱ་བའི་ས་ཚུགས་འཛུགས་པ་དང་།   དམངས་ཆེན་འཐུས་མི་འབྲེལ་གཏུག་ཐབས་ལམ་གཞི་རིམ་དུ་བསྲིང་པ་དང་། མུ་མཐུད་དུ་ཁུལ་ཡོངས་ཀྱི་དམངས་ཆེན་བྱ་བའི་རིམ་པ་སོ་སོའི་ཚད་གཞི་ཅན་དང་ཚན་རིག་ཅན་གྱི་ཆུ་ཚད་དུ་གཏང་བར་འཛུགས་སྐྲུན་བྱེད་པར་མཐོར་འདེགས་བྱ་དགོས།མཚོ་ནུབ་ཁུལ་དམངས་ཆེན་འཐུས་མི་ཚན་ཆུང་གི་བྱ་འགུལ་འགྲོ་རིམ་དང་སྒྲིག་སྲོལ་ཞིབ་ཕྲགཏན་འབེབས་བྱས་ཏེ། འཐུས་མི་ཚན་ཆུང་གིས་སྤེལ་བའི་བྱ་འགུལ་ལ་མཛུབ་སྟོན་བྱ་དགོས། སྐབས་གསར་བའི་འཐུས་མི་ཚན་ཆུང་གི་འཛུགས་སྐྲུན་ལེགས་པོར་སྒྲུབ་སྟེ། ཚོགས་འདུ་གྲོལ་བའི་སྐབས་སུ་འཐུས་མིའི་ཞུགས་པའི་བྱ་འགུལ་གྱི་རྩ་འཛུགས་དང་། སྐུལ་མ་དང་འགན་སྲུང་གི་ནང་རྐྱེན་བཅས་འཐུས་ཚང་དུ་གཏང་དགོས།  བྱ་འགུལ་གྱི་རྣམ་པ་གསར་གཏོད་དང་བྱ་འགུལ་གྱི་ནང་དོན་སྣ་འཛོམས་ཡིན་པ། བྱ་འགུལ་གྱི་ཕན་འབྲས་བཅས་ཇེ་དྲག་ཏུ་གཏང་དགོས།     འཐུས་མིའི་གྲོས་གཞི་འཐུས་ཚང་དང་ཞིབ་དཔྱད་ནང་རྐྱེན་སྒྲུབ་པའི་བསམ་འཆར་བཅས་འཛུགས་སྐྲུན་བྱ་དགོས།འཐུས་མིའི་བསམ་འཆར་དང་བསྒྲུབ་པའི་གནས་ཚུལ་དྲ་ཐོག་ནས་ཁྱབ་བསྒྲགས་བྱེད་པའི་བྱ་བ་འཚོལ་ཞིབ་དང་སྐུལ་འདེད་གཏང་དགོས། འཐུས་མིའི་བསམ་འཆར་ནན་ཏན་གྱིས་བསྒྲུབ་པ་དང་།  རྗེས་འདེད་ཀྱི་བསྒྲུབ་རྒྱུ་ལྟ་སྐུལ་ཇེ་དྲག་ཏུ་བཏང་སྟེ།སྔར་བས་ལས་སྒྲུབ་ཀྱི་སྤུས་ཚད་མཐོར་འདེགས་གཏང་དགོས། ཕུལ་བྱུང་གི་དམངས་ཆེན་འཐུས་མི་དང་སྔོན་ཐོན་གྱི་འཐུས་མིའི་བྱ་འགུལ་ཚན་ཆུང་།འཐུས་མིའི་བསམ་འཆར་བསྒྲུབ་བའི་སྔོན་ཐོན་ལས་ཁུངས་དཔྱད་འདེམ་བྱ་འགུལ་རྩ་འཛུགས་བྱས་ནས་སྤེལ་ཏེ། འཐུས་མི་ལས་འགན་སྒྲུབ་པའི་སྤྲོ་སེམས་ལ་སྐུལ་མ་བྱ་དགོས།  

བཞི།  ཆབ་སྲིད་ཀྱི་སྒྲིག་ལམ་ནན་མོ་བྱས་ཏེ།  སྔར་ལས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཛུགས་སྐྲུན་ཐད་ལ་ཇེ་དྲག་ཏུ་གཏང་དགོས།  

རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་གི་རྩ་འཛུགས་དམངས་ཆེན་གྱི་བྱ་བའི་ཁྲོད་དུ་འགོ་ཁྲིད་ཀྱི་སྲོག་ཤིང་གི་ནུས་པར་འདོད་སྤྲོད་བྱེད་པ། ཁྱོན་ཡོངས་སུ་གཟབ་ནན་གྱིས་ཏང་སྐྱོང་བའི་གཙོ་ཕུང་གི་འགན་འཁྲི་ལག་བསྟར་ནན་མོར་བྱེད་པ་དང་།  ཏང་གི་ཆབ་སྲིད་འཚོ་བ་གཟབ་ནན་གྱི་སྐྱོང་བ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་ལུགས་སྲོལ་ནན་མོར་སྲུང་བ།   དར་ཆ་གསལ་སྒྲེང་གིས་ཆབ་སྲིད་བརྩི་སྲུང་བྱས་ཏེ། དོན་ཐོག་ཏུ་འཁྱོལ་བར་ནན་ཏན་གྱིས་གཟུང་དགོས།  མུ་མཐུད་དུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་བྱ་འགུལ་དང་རྣམ་གསུམ་ནན་གསུམ་ཆེད་དོན་སློབ་གསོའི་འབྲས་བུ་སྲ་བརྟན་དུ་གཏང་བ། ནན་ཏན་གྱིས་སློབ་པ་གཉིས་དང་བྱེད་པ་གཅིག་གི་སློབ་སྦྱོང་སློབ་གསོའི་སྐུལ་འདེད་གཏང་དགོས།  གཏིང་ཟབ་པའི་སྒོ་ནས་འགྱུར་དགོས་བ་བཞི་ལ་དམིགས་པ་དང་།    མཚོ་ནུབ་མཚོ་སྔོན་ཞིང་ཆེན་གྱི་སྔོན་གྲས་སུ་བསྐྱོད་པའི་བསམ་བློ་བཅིངས་འགྲོལ་ཆེན་མོ་དང་གྲོས་བསྡུར་ཆེན་མོའི་བྱ་འགུལ་ལ་སྐུལ་འདེད་དང་། གཅིག་གྱུར་གྱིས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བསམ་བློ་ཆབ་སྲིད་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ངོ་རྒོལ་བྱ་བ་སོགས་ལེགས་པོར་བསྒྲུབ་སྟེ། ལས་ཁུངས་གྱི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཚད་མཐུད་དང་སྒྲིག་ལམ་ལག་བསྟར་གྱི་ཚད་མཐུད། ཀུན་སྤྱོད་ཚད་མཐུད།  འདོད་སྤེལ་གྱི་ནུས་བ་ཚད་མཐུད་བཅས་ཁག་ཐེག་ཏན་ཏིག་བྱ་དགོས།  རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་གི་རྩ་འཛུགས་ཀྱི་ཐུན་མོང་གི་སློབ་སྦྱོང་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ།    རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་པ། ཆབ་སྲིད་བྱང་ཚད་དང་ཁྲིམས་ལུགས་བྱང་ཚད། ལས་འགན་སྒྲུབ་པའི་ཆུ་ཚད་བཅས་ཇེ་མཐོར་གཏང་དགོས།   རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ནང་རྐྱེན་སྤྱོད་པ་དང་གྲོས་བསྡུར་གྱི་གོ་རིམ་འཐུས་ཚང་དང་། ཁྲིམས་ལྟར་གོ་རིམ་གྱི་དོན་དག་སྒྲུབ་པ་དང་ཐུན་མོང་གྲོས་བསྡུར་ཐག་བཅད་བྱས་པའི་དོན་ཚན་སྐོར་རྒྱུན་འཁྱོངས་བྱས་ནས།  སྔར་ལས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་སུ་གཏང་དགོས།  རྫོང་དང་ཞང་གི་དམངས་ཆེན་བྱ་བའི་འཛུགས་སྐྲུན་མཛུབ་སྟོན་བྱེད་པར་ཇེ་དྲག་ཏུ་བཏང་སྟེ། ཧུར་ཐག་གིས་ཁུལ་ཡོངས་ཀྱི་དམངས་ཆེན་གྱི་སྤྱི་ཁོག་བྱ་བའི་ཆུ་ཚད་ཡར་སྐུལ་གཏང་དགོས།  ཁྱོན་ཡོངས་ནས་ཀྲུང་དབྱང་དང་ཞིང་ཆེན།  ཁུལ་ཨུའི་ཐག་གཅོད་པ་དང་བླང་བྱ་སོ་སོ་དོན་ཐོག་ཏུ་འཁྱོལ་ཏེ། དངོས་དོན་འཚོལ་གཉེར་དང་དངོས་གཉེར་ལེགས་སྒྲུབ་གྱི་སྙིང་སྟོབས་གྱིས་སྐབས་བ་གསར་བའི་དམངས་ཆེན་གྱི་བྱ་བ་སོ་སོ་ནན་ཏན་གྱིས་ལེགས་པོ་བསྒྲུབ་དགོས།

འཐུས་མི་རྣམ་པ། ཏན་ཏན་ཏིག་ཏིག་བཞི་ཡི་དགོངས་དོན་གལ་ཆེན་གྱིས་རེ་བ་ནན་པོར་བཅོལ་བ་དང་།   འཕོ་འགྱུར་བཞི་ཡི་འཕེལ་རྒྱས་བསམ་ཕྱོགས་ལ་འབད་བརྩོན་ལྷོད་མེད་བྱས་ཏེ།   དེང་རབས་ཅན་གྱི་སྟོབས་འབྱོར་ཁུལ་གྱི་དཔེ་རིས་རྔམ་བརྗིད་ལྡན་ཞིང་རྒྱ་ཆེ།  ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་སྐོར་དུ་དམ་པོའི་ངང་ནས་མཐུན་སྒྲིལ་བྱས་ཏེ། ཁུལ་ཨུའི་སྲ་བརྟན་གྱི་འགོ་ཁྲིད་འོག།  འགན་འཁྲི་སེམས་ལ་བརྟན་པོར་བཅངས་པ་དང་ཡིད་ཆེས་ཀྱི་ཁེངས་པ། ནན་ཏན་གྱིས་དཀའ་སྤྱད་འབད་བརྩོན་དང་།  ཡར་རྒྱས་བརྩོན་ལེན་བཅས་བྱས་ནས།  ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་འབྱོར་ཕྱུག་དཔལ་ཡོན་ལྡན་ཞིང་འཆམ་མཐུན་བདེ་སྐྱིད་ཀྱི་དེང་རབས་ཅན་གྱི་སྟོབས་འབྱོར་ཁུལ་ཞིག་བསྐྲུན་པར་སྐུལ་འདེད་བྱས་ཏེ་རྒྱལ་ཁ་གསར་བ་ཐོབ་དགོས་ལ།  གྲུབ་འབྲས་ལེགས་པོའི་སྒོ་ནས་ཏང་གི་སྐབས་བཅུ་དགུ་བའི་ཚོགས་ཆེན་དང་ཞིང་ཆེན་གྱི་ཐེངས་བཅུ་གསུམ་པའི་ཏང་གི་འཐུས་མི་ཚོགས་ཆེན་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱ་དགོས་སོ།།

གོང་མ།:༢༠༡༧ལོའི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ།

ཞོལ་མ།:ཉིས་སྟོང་བཅུ་བདུན་ལོའི་སྲིད་གྲོས་ལས་དོན་སྙན་ཞུ།

分享到: 更多
copyright@2007 www.haixi.gov.cn All Rights Reserved
པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
ICP 05001235