མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་མ།  |  སོག་ཡིག་པར་མ།
 
ཏང་སྲིད་ཡིག་ཆ།
 

༢༠༡༧ལོའི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲྭ་བ།  སྤེལ་དུས།:2017-06-08  རྩོམ་པ་པོ།:རང་རེའི་ལས་ཁུངས།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

མཚོ་ནུབ་ཁུལ་གྱི2016 ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་
ལག་བསྟར་བྱས་ཚུལ་དང2017 ལོའི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ།

2017ལོའི་ཟླ3པའི་ཚེས6ཉིན་མཚོ་ནུབ་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་

གྲོས་ཚོགས་ཐེངས་གཉིས་པའི་ཐོག


                                     མཚོ་ནུབ་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་།  

ཁུལ་མི་དམངས་སྲིད་གཞུང་གི་མངག་བཅོལ་དང་ལེན་བྱས་ཏེ།  ད་ལྟ2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང2017ལོའི་འཆར་གཞིའི་མ་ཟིན་ཁུལ་གྱི་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པས་གྲོས་ཞིབ་རྒྱུ་ཡིན་པ་མ་ཟད།  ད་དུང་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་།གྲོས་ཚོགས་སུ་ཟུར་ཞུགས་བྱེད་པའི་བློ་མཐུན་རྣམས་ཀྱིས་དགོངས་འཆར་གནང་རོགས

གཅིག  2016ལོར་ཁུལ་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་གཞི་རྩའི་གནས་ཚུལ།

2016ལོར་སྤྱི་ཁོག་གནས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བ་སོགས་ཀྱི་འགལ་རྐྱེན་མདུན་དུ།ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཁུལ་ཨུའི་འགོ་ཁྲིད་བརྟན་པོའི་འོག།  ཁུལ་དམངས་ཆེན་གྱིས་ཁྲིམས་ལྟར་ལྟ་སྐུལ་དང་ཁུལ་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་འོག་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ནི་ལས་འགན་དང་པོ་ཡིན་པ་རྒྱུན་འཁྱོངས་དང་།གནས་བབ་གསར་བ་དང་ལས་འགན་གསར་བ།  བླང་བྱ་གསར་བབཅས་ལ་རང་འགུལ་གྱིས་འཚམ་པ་བྱེད་པ་དང་། ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། བློ་ཐག་རྦད་ཆོད་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་དང་།   བརྟན་པོར་འཕར་བ་དང་། མ་འཇོག་ཆེ་བ་དང་། བཅོས་སྒྱུར་ལ་སྐུལ་འདེད། དམངས་ཕན་སོགས་ཀྱི་བྱ་བ་སྣ་ཚོགས་གཅིག་འདོམས་ལེགས་པོ་བྱས། ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར487ལེགས་འགྲུབ་བྱས་པ་དང་བརྒྱ་ཆའི8.5འཕར། དེའི་ནང་དུ་ཐོན་ལས་དང་པོའི་སྒོར་དུང་ཕྱུར28.1དང་བརྒྱ་ཆའི10.7འཕར། ཐོན་ལས་གཉིས་པའི་སྒོར་དུང་ཕྱུར326.7དང་བརྒྱ་ཆའི7འཕར། ཐོན་ལས་གསུམ་པའི་སྒོར་དུང་ཕྱུར132.2དང་བརྒྱ་ཆའི12འཕར།  ས་ཁུལ་གྱི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་སྒོར་དུང་ཕྱུར560ལེགས་འགྲུབ་བྱས་པ་དང་བརྒྱ་ཆའི7.4འཕར།  གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར271.2ལེགས་འགྲུབ་བྱས་པ་དང་བརྒྱ་ཆའི7.4འཕར།  ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར45.2ལེགས་འགྲུབ་བྱས་པའི་དུས་མཚུངས་སུ་བརྒྱ་ཆའི702འཕར། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར23263དང་བརྒྱ་ཆའི9.1འཕར། གྲོང་དང་གྲོང་གསེབ་ཀྱི་རྒྱུན་སྡོད་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར27720དང་བརྒྱ་ཆའི9.1འཕར། གྲོང་གསེབ་རྒྱུན་སྡོད་མི་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར11539དང་བརྒྱ་ཆའི9འཕར། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་སྤྱི་འབོར་སྒོར་དུང་ཕྱུར89.8དང་བརྒྱ་ཆའི10.3འཕར།  ན་གོར་མོ་དང་གཏེར་ལེན་ཁ་གྲོང་ཁྱེར་གཉིས་ཀའི་སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་སོ་སོར་བརྒྱ་ཆའི0.9དང་བརྒྱ་ཆའི2ནང་དུ་ཚོད་འཛིན་བྱས་མཐར།  མཚོ་ནུབ་ཁུལ་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྲོས་ཚོགས་ཐེངས་བདུན་པའི་ཐོག་གཏན་ཁེལ་བྱས་པའི་ལོ་འཁོར་དམིགས་འབེན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའིའགོ་ཡག་པོ་ཞིག་ཚུགས་ཡོད།

ལོ་གཅིག་རིང་ང་ཚོས་གཙོ་བོ་ཕྱོགས་བརྒྱད་ཀྱི་ཐད་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད་དེ།

གཅིགའཁོར་སྐྱོདདམ་འཛིན་དང་བརྟན་པོའི་ངང་འཕར་བར་དོ་སྣང་བྱས་ཏེ།   བཟོ་ལས་དཔལ་འབྱོར་ཆག་མཚམས་བཞག་ནས་ཡར་འཕར་ཡོང་བར་སྐུལ་འདེད་བཏང་བ།   གཅིག་ནི་སྲིད་ཇུས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ཡོད།  ནན་ཏན་གྱིས་ཞིང་ཆེན་དང་ཁུལགྱི་ཐབས་ཇུས་བཀོད་སྒྲིག་ནང་བྱན་ཆུད་པར་བྱས་ཏེ།   སྤྱིའི་ཁ་ཕྱོགས་དང་སྲིད་ཇུས་ཀྱི་བྱེད་ཕྱོགས་ཆེན་པོ་དེ་བྱ་བའི་ཇུས་གཞི་དང་ལག་བསྟར་ཐབས་ལམ་རྒྱུན་འཁྱོངས་བྱས། མཚོ་ནུབ་ཀྱི་བཅོས་སྒྱུར་དང་གོང་སྤེལ་ལས་དོན་གྲོས་ཚོགས་འཚོགས་རྗེསཁྱབ་ཁོངས9ལ་ལག་བསྟར་བསམ་འཆརདོན་ཚན46བཏོན་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ལ་གཏོགས་པའི་ཁེ་ལས11ལ་དོན་དག་ལག་བསྟར་གྱི་འགན་འཁྲི་ལས་བགོས་ཇུས་གཞི་གཏན་འབེབ་བྱས་ཤིང་།  སྔ་རྗེས་སུ་མ་འཇོག་གིས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་དང་ནུས་ཁུངསགསར་བའི་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱ་ཐབས།མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་དང་དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་བྱེད་ཐབས་དོན་ཚན་བཅུ་གཉིསསྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་སྟངས་ཁྱབ་གདལ་གྱི་ལག་བསྟར་བསམ་འཆར་སོགས་སྲིད་ཇུས་རབ་དང་རིམ་པ་གཏན་ཁེལ་བྱས་པསཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཐོབ  གཉིས་ནི་དཔལ་འབྱོར་ཕྱོགས་བསྡུས་སྙོམས་སྒྲིག་ལ་ཤུགས་སྣོན་བརྒྱབ་པ།ཐོག་མཐའ་བར་གསུམ་དུ་ཐོན་སྐྱེད་དམ་འཛིན་དང་བརྟན་པོའི་ངང་གསོག་འཇོག་དང་། འཕར་ཚད་ཆེ་བ་བཅས་ལེགས་པོར་བསྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་ཤུགས་བསྣན་ནས་ཟླ་རེ་བཞིན་ཞིབ་འཇུག་བརྡར་གཅོད་དང་དུས་ཚིགས་ལྟར་ཕྱོགས་བསྡུས་མཐའ་འཁྱོངས་དང་།མགོ་འབུར་ཙམ་གྱི་རང་བཞིན་དང་འཕེལ་ཕྱོགས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་གནད་དོན་བཅས་ལ་དམིགས་སའི་རང་བཞིན་ལྡན་པའི་གྲོས་འགོ་འདོན་བྱེད་ཐབས་བཏོན།  གཙོ་གནད་ལྔའིལས་དོན་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་ཞབས་ཞུ་ཨུ་ཡོན་ལྷན་ཁང་དབུ་བརྙེས་ཏེ།  དེའི་འོག་ཏུ་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བའི་་ཆུང་33བཙུགས་པས་སྟོབས་ཤུགས་གཅིག་སྒྲིལ་གྱིས་གཙོ་གནད་ལས་འགན་འགག་སྒྲོལ་བྱས།  བཟོ་ལས་དཔལ་འབྱོར་འཁོར་སྐྱོད་དང་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ལས་གཞི་བཀོད་འདོམས་པུའུ་གཉིས་བཙུགས་ཏེ། བཟོ་ལས་འཁོར་སྐྱོད་དང་ལས་གཞི་གལ་ཆེན་གྱི་བཀོད་འདོམས་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་དང་།སྟོབས་ཤུགས་གཅིག་བསྡུས་ཀྱིས་འཕར་སྣོན་འགན་སྲུང་དང་། མ་དངུ་འཇོག་པཪ་སྐུའདེད་བྱསཚོང་འགུག་སྐུལ་འདེད་ཀྱི་ཞབས་ཞུ་ཨུ་ཡོན་ལྷན་ཁང་བཙུགས་ནས།  ཁུལ་དང་དོ་དམ་ཨུ་ཡོན་ལྷན་ཁང་།  གྲོང་ཁྱེར་དང་རྫོང་གི་ལས་དོན་ཨུ་ཡོན་ལྷན་ཁང་དང་མཉམ་བསྲེས་གཞི་གཅིག་གི་ཚོང་འགུག་ཞབས་ཞུའི་ལམ་སྲོལ་ཆེན་པོ་འཐུས་ཚང་དུ་བཏང་མཐར།ཚོང་འགུག་དངུལ་འདྲེན་ལས་དོན་འཕྲེད་ཕྱོགས་དང་གཞུང་ཕྱོགས་ཁྱབ་འགྱེད་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།   གསུམ་ནི་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ། གཙོ་གནད་ལས་རིགས་དཔལ་འབྱོར་འཁོར་སྐྱོད་དང་གཙོ་གནད་ཐོན་རྫས་མཁོ་སྤྲོད། ཐོན་ནུས་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ལམ་ལུགས་བཙུགས་ཏེ་རིམ་པ་གསུམ་གྱི་ལྟ་ཞིབ་ཚད་ལེན་ཆ་འཕྲིན་སྟེགས་བུའི་འཁོར་སྐྱོད་ལམ་སྲོལ་འཐུས་ཚངདང་། ལྟ་ཞིབ་ཚད་ལེན་གྱི་ཆེ་ཚད་དང་ཟབ་ཚད་ཆེ་ཆེར་བཏང་  འཁོར་སྐྱོད་བརྟན་སྲུང་དང་གོང་འཕར་བརྟན་བརླིང་གི་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར1བཙུགས།ཐོན་སྐྱེད་བརྟན་ཙམ་ཡོང་བ་དང་ཁྲོམ་རའི་སྔོན་དཔག་ཡག་པོའི་ཁེ་ལས་ཀྱི་སྲིད་ཇུས་ཐོག་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས།ཁེ་ལས་སྣེ་ཁྲིད་དེ་ཐོན་སྐྱེད་རྒྱ་བསྐྱེད་དང་། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཁྲོད་ཀྱི་གནད་དོན་དང་དཀའ་ངལ་དུས་ཐོག་ཏུ་ཐག་གཅོད་བྱས།  ནོར་ཁྲལ་དང་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ།རིམ་རྩིས་བྱས་ན་ཁེ་ལས་རིགས་ཁག་གི་ཁྲལ་གྲོན་ཆག་ཡང་དང་རྩ་ཆག་བཏང་བ་སྒོར་དུང་ཕྱུར19.2དང་། སྐྱེལ་འདྲེན་གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་བ་དང་རང་བྱུང་སོལ་རླངས་ཀྱི་རིན་གོང་ཁ་གསབ་སོགས་ཀྱི་སྲིད་ཇུས་རྗེས་འདེད་འཛིན་སྤྲོད་དངུལ་ལེན་བྱས་ཤིང་།རིམ་རྩིས་བྱས་ན་ཁེ་ལས་ཀྱི་མ་གནས་སྒོར5373ཇེ་དམའ་རུ་བཏང་།  ཚྭ་མཚེའུ་ཚོགས་པ་དང་ཅུན་མིང་རྫས་འགྱུར་བཟོ་ལས་ལ་སྐུལ་འདེད་བྱས་ཏེ་འོད་ཤུགས་གློག་འདོན་ཁེ་ལས་སུ་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར2.5ཉོས་པ་དང་། གློག་རིན་སྒོར2640གྲོན་ཆུང་བྱས  ལས་བཅོལ་བུན་དངུལ་གྱི་བྱེད་ཐབས་ལ་བརྟེན་ནས་ཆིན་ཧྭསོལ་འགྱུར་མཚོ་ནུབ་ཧྭ་ཅན་ལ་དངུལ་བུན་སྒོར་དུང་ཕྱུར2.3བརྒྱུད་གཏོང་བྱས།   ཙང་ཀོ་ཅཱ་ལུད་ཁྲོམ་ར་འདོན་པར་གཞོགས་འདེགས་བྱས་ཏེ་བསྡུ་རུབ་བྱས་པའི་མ་དངུལ་སྒོར་དུང་ཕྱུར20ཡིན། ལོ་ཧྲིལ་པོར་ལྕགས་ལམ་སྐྱེལ་འདྲེན་གྱིས་ཏུན་ཁྲི2201ལེགས་འགྲུབ་བྱས་པ་དང་བརྒྱ་ཆའི1.5འཕར། གློག་མཁོ་འདོན་བྱེད་འབོར་གྱི་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར54.9དང་བརྒྱ་ཆའི7.1འཕར།  ས་ཁུལ་ཁྲོད་ཀྱི་དངུལ་ཁང་ལས་རིགས་ཀྱི་བཅོལ་དངུལ་གྱི་ལྷག་གྲངས་སྒོར་དུང་ཕྱུར534.2དང་བརྒྱ་ཆའི13.5འཕར།  དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར410.5དང་ལྗོངས་ཕྱིའི་དངུལ་རྩའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར393.9དང་།དངུལ་བུན་ལྷག་གྲངས་སྤྱི་ཁོག་གི་བརྒྱ་ཆའི4.2འཕར། བཞི་ནི་གོང་འོག་ཐོན་ལས་མཐུད་སྦྲེལ་ལ་སྐུལ་འདེད་བཏང་བ།ཆེ་རུ་བཏང་སྟེ་གོང་འོག་ཐོན་ལས་མཐུད་སྦྲེལ་བྱེད་ཤུགས་ཆེ་རུ་བཏང་ནས།གོང་འོག་ཐོན་ལས་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་ཏང་བ་དང་འབྲེལ་མཐུད་ཡོང་བར་དངུལ་གྲངས་སྒོར་དུང་ཕྱུར206མངོན་འགྱུར་བྱས། ཁུལ་ནང་ཁུལ་གྱི་ཁིལ་ཅཱ་དང་། གསེརཞ་ཉེ་དང་ཏི་ཚ་།གཏེར་རྡོ་ལེགས་སྒྲུག་སོགས་སྟོད་རྒྱུད་ཀྱི་ཁེ་ལས་དང་ཟི་སྐྱུར་ཅཱ་དང་།གསེར་བཙོ་སྦྱང་དང་། ཞ་ཉེ་དང་ཏི་ཚ་བཙོ་སྦྱང་སོགས་སྨད་རྒྱུད་ཁེ་ལས་དང་འབྲེལ་མཐུད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།  ལྔ་ནི་ཁེ་ལས་འབྲིང་ཆུང་གོང་དུ་སྤེལ་བར་རོགས་སྐྱོར་བྱས་།སྣེ་ཁྲིད་ཁེ་ལས་སྐྱེད་སྲིང་ལ་ཤུགས་སྣོན་རྒྱ་པ་དང་། གསར་འཕར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་དུད་ཚང23དང་དཔལ་འབྱོར་སྐུལ་ཁྲིད་བརྒྱ་ཆའི་ཚེག1.8འཕར། གཞི་ཁྱོན་ཡན་གྱི་བཟོ་ལས་དང་ཁེ་ལས་དུད་ཚང132གྱི་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར393.8དང་།ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར37དང་།  ཁྲོམ་རའི་བྱེད་པོ་རིགས་སོ་སོའི་དུད་ཚང1334 གསར་སྣོན་བྱས་པ་དང་བརྒྱ་ཆའི13.6འཕར།

གཉིསདམ་འཛིན་བྱེད་པར་དོ་སྣང་བྱས་ཏེལས་གཞིདམ་འཛིན་དང་མ་འཇོག་སྐུལ་གཏོང་ལ་དོ་སྣང་བྱས་ཏེ་མ་འཇོག་སྐུལ་སྤེལ་གྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་གཅིག་ནི་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ།  སྐུལ་འདེད་གསུམ་གཅིག་འཛིན་གཅིག་སྐུལཞེས་པའི་བྱེད་སྒོ་ཤུགས་ཆེན་གྱིས་སྤེལ་ནས་ལས་གཞི་འགངས་ཆེན་གྱི་བཀོད་འདོམས་སྙོམ་སྒྲིག་ཤུགས་ཆེར་བཏང་སྟེ།སྟོབས་ཤུགས་གཅིག་བསྡུས་ཀྱིས་འཕར་སྣོན་འགན་སྲུང་དང་མ་དངུ་འཇོག་པཪ་སྐུའདེད་བྱས  གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པའིདམིགས་འབེན་གཉིསཀྱི་དོ་དམ་ལམ་ལུགས་དང་འདེགས་སྐྱོར་རང་བཞིན་གྱི་དམིགས་ཚད་གཙོ་བོའི་ཟླའི་ལྟ་ཞིབ་ཚད་ལེན་བྱེད་པའི་མ་ལག་དང་སྔོན་བརྡ་གཏོང་བའི་ལམ་ལུགས་བཙུགས་ཏེ།   གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་འཕར་ཚད་དེ་ལོ་གོང་མ་ལས་བརྒྱ་ཆའི་ཚེག16.8མཐོ་རུ་ཕྱིནཔས་ནུས་ལྡན་ངང་ཆག་ཚུལ་བསྒྱུར་ཏེ་ལྡོག་འཕར་མངོན་འགྱུར་བྱུང་བ་དང་།འཕར་ཚད་མཐོ་རྒྱུན་སྲུང་བྱས་ནས་ནུས་ལྡན་སྒོས་དཔལ་འབྱོར་སླར་གསོ་བྱུང་བར་སྐུལ་འདེད་བྱས   གཉིས་ནིལས་གཞི་འཆར་འགོད་གསོག་འཇོག་ལ་ལེགས་སྒྲིག་བྱུང་  1+ 2ཆེད་སྤྱོད་ཐེབས་རྩའི་ལས་གཞི་མཛོད་དང་དེ་བཞིན་ལས་གཞི་གྲ་སྒྲིག་ཞིབ་བཤེར་དང་། དངུལ་ཁང་གིས་སྔོན་ཚུད་ནས་ལམ་སྲོལ་བཙུགས་ནས་ཐེབས་རྩའི་ལས་གཞི་གྲབས་གསོག་གི་གཞི་ཁྱོན་སྒོར་དུང་ཕྱུར་ཆིག་སྟོང་ཟིན།རྫོང་རིམ་པ་གཉིས་ཀྱི་ལས་གཞི་མཛོད་བཙུགས་ཏེ་ལས་གཞི735ཁུལ་རིམ་པའི་ལོ་གསུམ་གྱི་འགྲིལ་བའི་འཆར་གཞིའི་ནང་དུ་བཞག། སྲིད་གཞུང་གིས་མ་དངུལ་འཇོག་པའི་ལས་གཞི་གྲབས་གསོག་གི་གཞི་ཁྱོན་སྒོར་དུང་ཕྱུར1238ཟིན་པ་དང་ཞིང་ཆེན་རིམ་པའི་སྟེགས་བུ་ལས་གཞི་མཉམ་གཏོང243དང་།   གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་ཚོགས་བྱ་གཞག་ལས་གཞིསྐོར་ཞིག་རྒྱལ་ཁབ་ཀྱི་གལ་ཆེའི་ལས་གཞི་མཛོད་དུ་བཞག་སྟེ།  རྣམ་གླིང་དགེ་ལེགས་གྱི་ཆུ་བེད་ལྟེ་གནས་དང་སྟག་མདོཆུ་མཛོད།ས་འོག་ཕྱོགས་བསྡུས་མདོང་ལམ་སོགས་གལ་ཆེའི་ལས་གཞིའི་སྔོན་གྲབས་བྱ་བ་གང་མགྱོགས་ངང་སྤེལ།  གསུམ་ནི་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་སྐུལ་མ་ཏན་ཏིག་བྱས། ན་གོཪ་མོ་ནས་ཏུན་ཧོང་བཪ་གྱི་ལྕགས་ལམ་དེ་དབྱིན་མ་ཞ་ནས་མཱ་ཧའེ་བར་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱས་པ་དང་། ཚྭ་ཁ་ནས་ན་གོར་མོ་དང་གཏེར་ལེན་ཁ་ནས་ཤངས་སྡེ་བར་སོགས་ཀྱི་མྱུར་བགྲོད་གཞུང་ལམ་ལས་མཇུག་སྒྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ན་གོར་མོ་ནས་འཁོར་ལོ་བར་གྱི་ལྕགས་ལམ་དང་ན་གོར་མོ་གནམ་གྲུ་ཐང་ཆེན་བསྐྱར་སྐྲུན་རྒྱས་སྐྲུན་སོགས་ཀྱི་བཟོ་སྐྲུན་བདེ་བླག་ངང་འགྲུབ་པ་དང་ཆུ་གསོག་འགག་འཕྲང་ཆུ་བེད་ལྟེ་གནས་དང་།བཱ་ཡན་ཆུ་མཛོད་སོགས་ཀྱི་ལས་གཞི་མགྱོགས་མྱུར་དུ་བཏང་བ་བརྒྱུད་ནས་དང་འཕེལ་རྒྱས་འདེགས་སྐྱོར་གྱི་ནུས་པ་ཆེ་རུ་ཕྱིན།  བཞི་ནིལས་གཞི་མ་འཇོག་སྐུལ་སྤེལ་གྱི་ནུས་པ་མངོན་གསལ་དུ་བཏང་བ།  ལས་གཞི་མཛོད1379བསྡོམས་རྩིས་བྱས་པ་དང་།  ལས་་བསྐྱར་གསོ1305འགོ་ཚུགས་པ་དང་། མ་དངུལ་སྒོར་དུང་ཕྱུར560བཏང་བ་དང་བརྒྱ་ཆའི10.7འཕར།  མ་དངུལ་འཇོག་པ་དེས་དཔལ་འབྱོར་འཕར་སྣོན་ཡོང་བར་ལེགས་སྐྱེས་འབུལ་ཚད་བརྒྱ་ཆའི149ཡིན།  ལོ་འགོར་གཏན་འཁེལ་བྱས་པའིགཙོ་གནད་ལས་གཞིའི171གི་ལས་ཀ་བསྐྱར་གསོའི་འགོ་ཚུགས་ནས་མ་འཇོག་སྒོར་དུང་ཕྱུར371.2ལེགས་འགྲུབ་བྱས་པ་དང་མ་དངུལ་གཏོང་བར་སྐུལ་ཁྲིད་བརྒྱ་ཆའི་གྲངས8.7འཕར།གནམ་གྲུ་ཆེན་པོ་བཤིག་པ་དང་མཁའ་རླུང་གནོན་བཙིར་ནུས་གསོག་དང་།  ཀྲུང་ཧྭ་རྡོ་སྣུམ་ལྕགས་མདོང་ན་གོར་མོ་དང་། དགུ་ཚིགསབཟོ་སྐྲུན། སྣུམ་ཞིང་ཀུང་སི་ཝོན་རྨང་འགྱུར་སོགས་སུ་སྣུར་སྲིང་བྱས་ཏེ་ལས་གཞིའི་སྔོན་གྲབས་ལས་ཀའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོལྔ་ནིལས་གཞི་གཅིག་སྡུད་ཀྱིས་བསྐྱར་གསོ་འགོ་ཚུགས་པའི་གྲུབ་འབྲས་མངོན་གསལ་དོད་པོ་ཡིན་པསྐོར་ཁག་གཉིས་ཀྱི་ལས་གཞི600གཅིག་སྡུད་ཀྱིས་ལས་ཀ་བསྐྱར་འགོ་འཛུགས་པ་རྩ་འཛུགས་དར་སྤེལ་བྱས་པ་དང་། ལས་ཀ་བསྐྱར་གསོ་འགོ་ཚུགས་ཚད་བརྒྱ་ཆའི99.2དང་།   མ་དངུལ་སྒོར་དུང་ཕྱུར239.7ལེགས་འགྲུབ་བྱུང་བས་མ་འཇོག་སྒུལ་ཤུགས་མུ་མཐུད་ཆེ་རུ་ཕྱིན།   དམངས་ཁྲོད་ཀྱི་མ་འཇོག་སྒོར་དུང་ཕྱུར247.5 ལེགས་གྲུབ་དང་བརྒྱ་ཆའི83.2འཕར། དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན

(གསུམ)སྡེ་གླིང་འཛུགས་སྐྲུན་དམ་འཛིན་བྱེད་པར་དོ་སྣང་དང་། འཁོར་སྐྱོད་དཔལ་འབྱོར་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་བ།  གཅིག་ནི་ཚོད་ལྟའི་ཁུལ་འཁོར་རྒྱུག་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་སྔར་ས་འཐུས་ཚང་དུ་བཏང་བ།  འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་གྱིལོ་ལྔ་འཆར་གཞི་བཅུ་གསུམ་པའིའཁོར་རྒྱུག་དཔལ་འབྱོར་འཆར་འགོདདང་མཚོ་ནུབ་ཀྱི་རྒྱལ་ཁབ་འཁོར་སྐྱོད་དཔལ་འབྱོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་ཇུས་གཞིམཚོ་ནུབ་ཀྱིསྟོང་ལྔའིཐོན་ལས་ཁྱུ་ཚོགས་འཛུགས་སྐྲུན་བྱེད་པའི་ཇུས་གཞིབཟོས་ཟིན་ལ།  ལྕགས་རིགས་མའེ་དང་མའེ་རྒྱུ།ལིས་གྱེས་རྡུལ་གློག་རྫས།  འདུས་འདྲེས་གཟུགས་ཀྱི་རྒྱུ་ཆ་དང་། ནུས་ཁུངས་གསར་བའི་སྒྲིག་ཆས་བཟོ་བ་སོགས་ཀྱི་ཆེད་དོན་འཆར་འགོད་དང་བུ་ལས་ཀྱི་འཆར་གཞི་བཟོ་འགོད་ཀྱི་བྱ་བ་བསྒྲུབ་པའི་འགོ་ཚུགས།  གཉིས་ནིགླིང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱབ་པ སྡེ་གླིང་གི་གཙོ་གནད་རྨང་གཞིའི་སྒྲིག་བཀོད་ལས་གཞི64འགོ་ཚུགས་དང་མ་དངུལ་སྒོར་དུང་ཕྱུར33.4བཏང་ ན་གོར་མོའི་བཟོ་ལས་གླིང་གྱི་བྱེ་ལམ་དང་ཚྭ་འདམ་བཟོ་ལས་གླིང་གི་འཕྲེད་གཅིག་ལམ་དང་འཕྲེད་ཨང་དགུ་བའི་ལམ་དང་། མཛོ་ལུང་དང་། གཤའ་ལྕགས་རི་བོ་ཆན་ཧྥུ110 ཡི་གློག་སྒྱུར་ས་ཚིགས།  ་རུ་རྡོ་སོལ་གཏེར་ཁུལ་གྱི་སྤྱང་ཚང་གཏེར་ཁུལ་གྱི་རྡོ་སོལ་སྐྱེལ་འདྲེན་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་སོགས་ས་གཞི27བསྐྲུན་ཚར་བས་གླིང་ཁུལ་གྱི་ཐེག་ནུས་མངོན་གསལ་མཐོ་རུ་སོང་ཡོད། གསུམ་ནི་གླིང་ཁུལ་ཐོན་ལས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།  གཙོ་གནད་ཐོན་ལས་ལས་གཞི88ལག་བསྟར་བྱས་པ་དང་ལས་གཞི79སླར་བསྐྲུན་བྱས།  མ་དངུལ་སྒོར་དུང་ཕྱུར184བཏང་། ཙང་གེ་ཅཱ་ལུད་ཏུན་ཁྲི40དང་ཁིལ་ཅཱ་རྫས་རྒྱས་སྐྲུན་སོགས་ཀྱི་ལས་གཞི40ལེགས་འགྲུབ་བྱུང་། ཚྭ་མཚེའུ་ཚོགས་པའི་སྦས་སྔོག་ནུས་སྤེལ་ལུད་སྒྱུར་བཀོད་སོགས་ཀྱི་ལས་གཞི39ཡི་འཛུགས་སྐྲུན་མགྱོགས་པོར་བཏང་ཞིང་།འཁོར་རྒྱུག་ཐོན་ལས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ་གླིང་ཁུལ་རུབ་བསྡུས་ཀྱི་ཕན་ནུས་ཆེ་རུ་མངོན་གསལ་ཕྱིན་ཡོད།

བཞིགྲུབ་ཆ་ལེགས་སྒྲིག་དམ་འཛིན་བྱེད་པར་དོ་སྣང་བྱས་ཏེ་ཐོན་ལས་གང་མགྱོགས་གཞན་སྒྱུར་རིམ་སྤོར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བགཅིག་ནི་ཐོན་ལས་དང་པོ་སྐྱེད་སྲིང་དང་གོང་སྤེལ་དུ་བཏང་བ།འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཚུལ་སྔར་ལས་ལྷག་པའི་སྒོ་ནས་འབྲུ་རིགས་དང་དཔལ་འབྱོར།གཟན་ཆག་གསུམ་གྱི་གྲུབ་ཆའི་ཕྱོགས་སུ་བསྒྱུར་བ་དང་སྐྱེ་ཁམས་འབྲོག་ལས་འཕེལ་རྒྱས་ལ་གྲུབ་འབྲས་གསར་བ་ཐོབ་པ་དང་།  ཚྭ་འདམ་གཞོང་སའི་འཕང་འབྲས་དངཚྭ་ཁ་སོགས་ཁག་ཅིག་ལ་མཚོ་ནུབ་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་ལས་སྤུས་རྟགས་ཀྱི་ཤུགས་རྐྱེན་ཉིན་རེ་བཞིན་ཆེ་རུ་ཕྱིནའཕང་འབྲས་སྐྱེད་སྲིང་ལས་སྣོན་ཞིབ་ཚགས་ཀྱི་ཁེ་ལས་དུད་ཚང14སྐྱེད་སྲིང་བྱས་པ་དང་།ཤིང་འབྲས་སྐམ་པོའི་ཐོན་ཚད་ཏུན་ཁྲི604ལ་བསླེབསའཕང་འབྲས་ཕབ་རྒྱུ་ཏུན3000དང་བཟའ་བྱའི་སྣུམ་གུར་གུམ་ཏུན500།  སྐྱེ་དངོས་ཀྱི་སྐྱེ་ལྡན་ལུད་རྫས་ཏུན་ཁྲི10དང་འབྲས་ནག་འཕང་འབྲས་ཀྱི་སྙིང་བཅུད་ལེབ་མ་སོགས་ཞིབ་ཅིང་ཕྲ་བའི་བཟོ་སྣོན་ལས་གཞི་ཁག་གཅིག་བསྐྲུན་ཚར།གཉིས་ནི་ཐོན་ལས་ལེགས་སྒྱུར་བྱས་པ  ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་སྣུམ་རླངས་རྫས་འགྱུར་བཟོ་ལས།རྡོ་སོལ་རྫས་འགྱུར་བཟོ་ལས། ལྕགས་རིགས་བཙོ་སྦྱ།སྲོལ་རྒྱུན་གྱི་ཐོན་ལས་ཆེན་པོ་བཞིར་དམིགས་ཏེ།ལས་སྣོན་ཞིབ་ཚགས་བྱེད་པའི་ཐོན་ལས་སྦྲེལ་ཐག་སྦྲེལ་བར་ཤུགས་བརྒྱབ་པ་དང་། ཁུལ་ནང་ཁུལ་གྱིལས་གཞི76དེ་ཞིང་ཆེན་ཡོངས་ཀྱི་གསར་སྐྲུན་འགག་སྒྲོལ་དོན་ཚན་བརྒྱ་དང་སྒྱུར་བཀོད་རིམ་སྤར་ཡང་གསེས་དོན་ཚན་བརྒྱ།  ལག་རྩལ་བསྒྱུར་བཀོད ལག་རྩལ་གསར་གཏོད་བཟོ་སྐྲུན་དུ་འཇོག་པར་སྐུལ་འདེད་བྱས་ནས་མ་དངུལ་སྒོར་དུང་ཕྱུར134ལེགས་འགྲུབ་བྱུང་། ཆིང་དབྱང་མའེ་འགྱུར་དང་མའེ་ཧྲ། ཟི་སྐྱུར་ཅཱ་མའེ་ལུད་ཏུན་ཁྲི20 མཱ་ཧའེ་གཏེར་ཁུལ་ཅ་ལུད་ལག་རྩལ་བསྒྱུར་བཀོད་སོགས་ལས་གཞི19བསྐྲུན་ཚར།   རྒྱལ་ཁབ་རིམ་པའི་ཐཱན་མེད་དྭངས་གཙང་ནུས་རྒྱུའི་ཐོན་ལས་རྟེན་གཞི་དང་།ནུས་རྒྱུ་གཙང་མ་ཕྱིར་གཏོང་རྟེན་གཞིའིསྣེ་ཁྲིད་མཁནགྱི་སྔོན་ཐོན་ལག་རྩལ་འོད་ཤུགས་གློག་འདོན་དཔེ་སྟོན་རྟེན་གཞི3གྱི་འཆར་འགོད་ལ་ཞིབ་དཔྱད་བྱུང་།  གཏེར་ལེན་ཁའི་ཚོད་འཛིན་ལྕོག་སྒྲོམ་རྣམ་པའི་ཉི་འོད་ཚ་ནུས་ཀྲའོ་ཝ10གློག་འདོན་ལས་གཞིས་བཞུ་ཚྭའི་ནུས་གསོག་ལག་རྩལ་བསྒྱུར་བཀོད་ལེགས་གྲུབ་བྱུང་བ་དང་།  བརྒྱུད་རིམ་ཧྲིལ་པོར་བཞུ་ཚྭའི་ནུས་གསོག་གློག་འདོན་བྱུང་།   ལོ་ཧྲིལ་པོར་འོད་ཧྥུ་དང་རླུང་ཤུགས་གློག་འདོན་ལས་གཞི109ཀྲའོ་ཝ་གསར་དུ་བསྐྲུན་པ་དང་ གཤོང་སའི་ནང་དུ་ནུས་རྒྱུ་གསར་བའི་འཕྲུལ་འཁོར་སྒྲིག་པའི་གཞི་ཁྱོན་ཀྲའོ་ཝ3924བསླེབས། འོད་བསྡུ་ལྡབ་མང་གློག་རྫས་སྒྲིག་ཆསཀྲའོ་ཝ300 དངཀྲའོ་ཝ1.5།  ཀྲའོ་ཝ2ས་མཐོའི་རྣམ་པའི་རླུང་འཁོར་སོགས་ལས་གཞི་བསྐྲུན་ཚར།  ཤེལ་མང་ཀུའེ་དང་ཤེལ་རྐྱང་ཀུའེ།  ལིས་ཚྭ་སོགས་ཀྱི་རྒྱུ་ཆ་གསར་བའི་ཐོན་ལས་ཀྱི་གཞི་ཁྱོན་རགས་ཙམ་ལྡན་པ་དང་།  ཤེལ་སྐུད་དང་ཐཱན་སྐྱུར་ལི་སོགས་ཀྱི་ལས་གཞིབསྐྲུན་ཞིང་།  ལྕགས་རིགས་མའེ་ལ་ཆུ་མེད་ཁིལ་འགྱུར་མའེ་སྒྲིག་ཆས་ལེགས་འགྲུབ་བྱུང་ཡོད།   གསུམ་ནི་བྱེད་ཚད་མཐོ་རུ་བཏང་ནས་ཐོན་ལས་གསུམ་པ་འཕེལ་རྒྱས་བཏང་བདྲ་སྦྲེལགྱི་བྱ་སྤྱོད་འཆར་གཞི་ལག་བསྟར་དང་དཔལ་འབྱོར་ལས་རྣམ་གསར་བ་སྐྱེད་སྲིང་ཤུགས་ཆེན་དང་།གློག་རྡུལ་ཚོང་དོན་གྱི་དྲ་ཐོག་གི་བྲིན་ཚོང་སྒོར་དུང་ཕྱུར1.3མངོན་འགྱུར་བྱས་པ་དང་བརྒྱ་ཆའི82.6འཕར།   དྲ་ཆེན་མཚོ་ནུབ་ཀྱི་འཐབ་ཇུས་བྱ་སྤྱོད་དོན་འཁྱོལ་དང་།ཆ་འཕྲིན་འཛད་སྤྱོད་སྒོར་དུང་ཕྱུར5.9མངོན་འགྱུར་བྱས་ནས་བརྒྱ་ཆའི35འཕར།  ཡུལ་སྐོར་ལས་རིགས་ཐད་འཕེལ་རྒྱས་ཀྱི་རྣམ་པ་མགྱོགས་མྱུར་འཕར་བ་དང་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི1105དང་བརྒྱ་ཆའི48འཕར།   ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར57.9དང་བརྒྱ་ཆའི58.5འཕར།  མ་དངུལ་མཉམ་འདུའི་ལས་སྟེགས་དང་ཁག་ཐེག་མ་ལག།  ཡིད་རྟོན་མ་ལག་འཛུགས་པར་ཤུགས་བསྣན་ནས། ཁེ་ལས་ཀྱིས་དུས་འབྲིང་གི་འཛིན་ཤོག་དང་ཚོགས་སྤྱིའི་བུ་ལོན་སོགས་དངུལ་རྩའི་ཡོ་བྱད་ཀྱི་མ་དངུལ་བསྡུ་སྒྲིལ་གསར་བར་སྐུལ་འདེད་བྱས་ཏེ།  ཐད་ཀའི་མ་དངུལ་བསྡུ་སྒོར་དུང་ཕྱུར216.5མངོན་འགྱུར་བྱས་པ་དང་བརྒྱ་ཆའི66.6འཕར། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགསཐེབས་རྩ4བཙུགས་པར་སྤྱིའི་གཞི་རྒྱ་སྒོར་དུང་ཕྱུར90བཏང་།

ལྔགཅིག་གྱུར་འཆར་འགོད་དམ་འཛིན་དང་རྨང་གཞི་བརྟན་གཏོང་ལ་དོ་སྣང་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་གཅིག་ནི་བརྟན་པོའི་ངང་ས་ཁོངས་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་།  ན་གོར་མོ་དང་གཏེར་ལེན་ཁའི་ལས་དོན་བཞུགས་མོལ་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱས་ནས་གྲོང་ཁྱེར་གཉིས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་མཛད། སྲིད་འཛིན་ཨུ་ཡོན་ལྷན་ཁང་གསུམ་གྱི་སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་བཅོས་སྒྱུར་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་ཁ་བྱུང་ཡོད་པ་དང་།དུས་བདེའི་མཚོ་ནུབ་བཟོ་སྐྲུན་རྒྱུན་མཐུད་ངང་མདུན་དུ་སྤེལ་བ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའིབོད་ཁུལ་གྱིལས་གཞི་འཛུགས་སྐྲུན་འཆར་འགོད་བརྟན་པོའི་ངང་ནས་བྱས།   གཉིས་ནིམཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལདང་མཛེས་སྡུག་ལྡན་པའི་གྲོང་གསེབའཛུགས་སྐྲུན་བདེ་བླག་ངང་སྤེལ།  མཛེས་སྡུག་ལྡན་པའི་གྲོང་རྡལ་གཉིས་དང་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ལས་འགན11ལེགས་འགྲུབ་དང་།ཚྭ་ཁ་གྲོང་རྡལ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་ངུའི་ནང་ཚུད།   ཞིང་ཁའི་ཆུ་བེད་གཙོ་གནད་རྫོང་འཛུགས་སྐྲུན་ལས་གཞི8ལག་བསྟར་བྱས་པ་དང་། ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི14 ལེགས་སྒྱུར་དང་། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ1800 གསར་སྐྲུན་དང་བསྐྱར་བཟོ་བྱ་དང་། དབུལ་ཕོངས་གྲོང་ཚོ119ཡི་གཞུང་ལམ་ཤར་བགྲོད་ཐུབ་ཚད་བརྒྱ་ཆའི100ཡིན། གསུམ་ནི་ཁྱིམ་གཞིས་མཛེས་བཟོ་འགུལ་སྤྱོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ།ཡུལ་སྐོར་མཛེས་ལྗོངས་སོགས་ཁོར་ཡུག་བཅོས་སྒྲིག་སྐུལ་སྤེལ་ཏན་ཏིག་གིས་བཏང་བ་དང་། མ་དངུལ་སྒོར་ཁྲི2540བཏང་ནས་གྲོང་ཚོ17ལ་གད་སྙིགས་བརྒྱུད་འདྲེན་སྒྲིག་བཀོད་ཉོ་སྒྲུབ་དང་བཙོག་ཆུ་མདོང་དྲ་འཛུགས་སྐྲུན་བྱེད་པར་བཀོལ་སྤྱོད་བྱས།   གྲོང་ཁྱེར་ནས་གྲོང་གསེབ་བར་དང་གཅིག་སྡུད་ནས་ཁ་ཐོར་བར་གྱི་འགྲིམ་འགྲུལ་ལམ་ཐིག་དང་ཡུལ་སྐོར་ལྗོངས་ཁུལ་གྱི་ཁྱོན་ཡོངས་ལ་ཁྱབ་པ་བྱས་པས་མིའི་འཚོ་གནས་ཁོར་ཡུག་ལ་ལེགས་བཅོས་མངོན་གསལ་བྱུང་ཡོད།

(དྲུག) དམངས་འཚོ་དམ་འཛིན་དང་དོན་དངོས་སྒྲུབ་པར་དོ་སྣང་བྱས་ཏེ།དངོས་ནས་དམངས་འཚོའི་བདེ་སྐྱིད་ལ་ཤུགས་སྣོན་བྱས་པགཅིག་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་འཛིང་ཐོག་མར་རྒྱལ་ཁ་ཐོབ་པ་རེད།  ཕྱོགས་ཡོངས་ནས1+ 8 +1+0+ 3གྱི་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་མ་ལག་བཙུགས་ནས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར10.6 དོན་འཁྱོལ་དང་། ཤང་གྲོང19དང་གྲོང་ཚོ77།  དུད་ཚང་1075ཡི་མི་གྲངས3007ལ་གནས་སྤོ་བཀོད་སྒྲིག་བྱས། ཕུང་གསུམ་པའི་དཔྱད་དཔོག་བྱས་པ་བརྒྱུད་། དབུལ་ཕོངས་རྫོང8དང་དབུལ་ཕོངས་གྲོང་ཚོ119དབུལ་ཚང2580ཡི་དབུལ་བོ་མི་འབོར་ཁྲི2 6122དབུལ་ཞྭ་ཕུད་ཐུབ་པར་བྱས།གཉིས་ནི་སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་བྱས་པ།།སློབ་གསོའི་དམངས་ཕན་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་དང་ལོ15རིང་གི་རིན་མེད་སློབ་གསོ་བརྟན་པོའི་ངང་ནས་ལག་བསྟར་དང་།སློབ་གསོའི་སྤུས་ཚད་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་། སློབ་གསོའི་ཁོར་ཡུག་ལེགས་སྒྲིག་བྱུང་། ཁུལ་དང་རྫོང་། ཞང་རིམ་པ་གསུམ་གྱི་ཡུལ་སྐོར་རིག་གནས་ཀྱི་བྱེད་སྒོ་ལེགས་འགྲིག་བྱུང་བ་དང་མཚོ་ནུབ་ཀྱི་རིག་གནས་མཉེན་པའི་སྟོབས་ཤུགས་དངོས་ཧ་ཅང་ཆེ་རུ་ཕྱིན།  ཁུ་ནུ་རི་བོའི་རྟེན་རྫས་བཤམས་མཛོད་ཁང་འཛུགས་སྐྲུན་བྱེད་འགོ་ཚུགས་ཏེ།  རིག་གནས་དང་ལུས་རྩལ་སྒྲིག་བཀོད་ཁག་གཅིག་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་།སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་ཕྱིན།གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་མི་ཁྲི1.2དང་།གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ5472ཡང་བསྐྱར་ལས་ཞུགས་བྱས།  མི་དང་ལས་ཤོར་ཐོ་འགོད་བྱེད་ཚད་བརྒྱ་ཆའི2.6ཡིན།  ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་གྱི་ལས་ཞུགས་མི་ཐེངས་ཁྲི7.8ཡིན།  གཏེར་ལེན་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་འཛུགས་རྒྱུའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་།ན་གོར་མོ་གྲོང་ཁྱེར་གྱིས་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་བདེ་བླག་ངང་སྲ་བརྟན་ལ་རྒྱལ་ཁབ་རིམ་པས་བསྐྱར་ཞིབ་བྱས།གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་ཞིང་ཆེན་ཡོངས་ཀྱི་སྔོན་དུ་སྒོར4000བར་མཐོ་རུ་ཕྱིན་པ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་ཇེ་མཐོར་བཏང་སྟེ་སྒོར235དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་གི་ཚད་གཞི་ཇེ་མཐོར་བཏང་སྟེ་སྒོར610དང་སྤྱི་ཚོགས་འགན་ལེན་གྱི་ཕྱོགས་བསྡུས་ཚད་གཞི་དེ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་རུ་བཏང་།གསོག་འཇོག་ལྟེ་གནས་ཀྱི་དུས་ཐེངས་དང་པོའི་བཟོ་སྐྲུན་རྩིས་སྤྲོད་བཀོལ་སྤྱོད་བྱས་ཏེ ཁྱོན་ཡོངས་ནས་ལེགས་སྒྲུབ་ཉེན་ཡོད་འབྲུ་མཛོད་དང་འབྲུ་མཛོད་རྙིང་པ་ཉམས་གསོ་སྒྱུར་བཀོད་ལེགས་སྒྲུབ་བྱས་ནས།འབྲུ་རིགས་ཆ་འཕྲིན་རིག་ནུས་ཅན་གྱི་འཛུགས་སྐྲུན་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་ཕྱིནབཞི་ནི་ཟོག་གོང་གི་སྤྱིའི་ཆུ་ཚད་རྩ་བའི་ཆ་ནས་བརྟན་པོ་ཡོང་བར་བྱས་།ཟོག་གོང་འཕར་བར་ཚོད་འཛིན་བྱེད་པའི་བྱེད་ཐབས་ཁག་དོན་འཁྱོལ་ནན་ཏན་དང་། མུ་མཐུད་དུཚོད་སླེཨར་ལས་འཛུགས་སྐྲུན་དང་། དངོས་ཟོག་གཙོ་གྲས་རིགས་གྲབས་གསོག་དང་འཕྲལ་སྡོམ་གཏོང་འདྲེན་དང་ཁྲོམ་རར་གཏོང་འཇོག་ལེགས་པོར་བསྒྲུབས་ནས། ལོ་ཧྲིལ་པོའི་འཚོ་བའི་ཉེར་མཁོའི་དངོས་རྫས་གསོག་ཉར་བྱེད་པའི་འགྲོ་གྲོན་སྒོར་ཁྲི285འོག་རིམ་ལ་བསྒྲགས་ཏེ།གསོག་འཇོག་ལུག་ཕག་གསུམ་གྱི་ཤ་ཏུན2168དང་སྔོ་ཚལ་ཏུན་ཁྲི5000འགན་ལེན་བྱེད་བཞིན་ཡོད།དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་དང་རིན་གོང་གཞི་རྩའི་བརྟན་པོ་འགན་ལེན་བྱས་ནས་གོང་བདེའི་ཚོང་ཁང་གི་དཔེ་སྟོན་གྱི་ནུས་པ་ལ་ཤུགས་སྣོན་རྒྱག་པ་དང་།སྔོ་ཚལ་དང་སྒོ་ང་།  འོ་མ་སོགས་ཐོན་རྫས་ནུས་ལྡན་ངང་མཁོ་སྤྲོད་བྱེད་པའི་ལོ་ཧྲིལ་བོའི་ནང་རིན་གོང་གི་སྤྱིའི་ཆུ་ཚད་འཕར་ཚད་ཉེ་བའི་ལོ་ཤས་རིང་གི་དམའ་ཤོས་རེད།

བདུནསྐྱེ་ཁམསདམ་འཛིན་དང་ཁོར་ཡུག་སྲུང་སྐྱོབ་དྲག་འགྱུར་ལ་དོ་སྣང་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་འགག་སྒྲོལ་གསར་་བྱུང་གཅིག་ནིསྐྱེ་ཁམསཨར་ལས་གལ་ཆེན་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ   མ་དངུལ་སྒོར་དུང་ཕྱུར6བཏང་ནས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བམདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་།  བྱང་གསུམ་གནོད་འགོག་ནགས་ཚལ་སོགས་སྐྱེ་ཁམསཨར་ལས་གལ་ཆེན་ཁག་ཅིག་གི་འཛུགས་སྐྲུན་མགྱོགས་པོར་བཏང་སྟེ   རི་རྒྱ་ནགས་གསོ་མུའུ་ཁྲི23ལེགས་གྲུབ་བྱུང་བ་དང་། རྩྭ་ཐང་ཉམས་ཞན་དུ་འགྲོ་བ་གསབ་འདེབས་མུའུ་ཁྲི50དང་། ས་ནག་ཐང་བཅོས་སྐྱོང་མུའུ་ཁྲི13.2དང་བརླན་ས་མུའུ་ཁྲི་སྲུང་སྐྱོང་དང་སྤྱི་ཕན་ནགས་ཚལ་བདག་སྐྱོང་མུའུ2145.4བྱསའོས་འགན་ནགས་འཛུགས་སྡོང་རྐང་ཁྲི164དང་སྨྱུག་གསར་མུའུ1800ལེགས་གྲུབ་བྱུང་།  གཉིས་ནས་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་བཅོས་སྒྲིག་དོན་འཁྱོལ་བྱས་པ། མ་ར་གཏེར་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་གི་ལས་འགན་གཞི་རྩའི་ཐོག་ལེགས་གྲུབ་བྱུང་། ཁོར་ཡུག་སྲུང་སྐྱོང་པུའུ་ནུབ་བྱང་ལྟ་སྐུལ་ཞིབ་བཤེར་ལྟེ་གནས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་དག་ཐེར་ཚུར་ལྡོག་བྱས་པའི་ལས་འགན་ཁག42དང་གཙོ་གནད་ལས་དོན་བྱ་ཐབསཁག33ལེགས་འགྲུབ་བྱས་པའི་དག་ཐེར་དོན་འཁྱོལ19དང་དུས་མཚམས་རང་བཞིན་གྱི་བཅོས་སྒྲིག་ཁག8དང་།དག་ཐེར་ཡོ་བསྲང་དོན་འཁྱོལ་བྱེད་བཞིན་་ཁག1གཙོ་གནད་ལས་དོན་བྱེད་ཐབས་ཁག19ཚང་མ་དོན་ཐོག་ཏུ་འཁྱོལ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཞིབ་བཤེར་ཆེ་མོའི་ཁྲོད་གྲལ་བཤེར་ཐུབ་པའི་གནད་དོན་ཁག21དང་བཅོས་སྒྲིག་ཟིན་པའི་ལས་གཞི19དང་། བཅོས་སྒྲིག་བྱེད་བཞིན་པའི་ལས་གཞི2ཡོད། ཀྲུང་དབྱང་དང་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ལས་དོན་ཁྱོན་ཡོངས་ནས་སྤེལ་བར་མདུན་བསུ་བྱསགསུམ་ནི་ཁོར་ཡུག་སྦགས་བཙོག་འགོག་བཅོས་གཏིང་ཟབ་ཏུ་སྤེལ་།ལྕི་བའི་ལྕགས་རིགས་ཀྱི་སྦགས་བཙོག་འགོག་སེལ་ལས་གཞི་ལག་བསྟར་ཤུགས་ཆེ་དང་།ནུས་ཁུངས་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་གི་ཆེད་དོན་བྱ་སྤྱོད་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཏེ།སྡེ་ཚན་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་ཚད་བརྒྱ་ཆའི1.5མར་ཆགབཙོག་འབུད་ཆེ་བའི་རླངས་འཁོར2434མེད་པར་བཟོས་པས  ལོ་འཁོར་དམིགས་ཚད་ཀྱི་ལས་འགན་ལྷག་འགྲུབ་བྱུང་   བུལ་གསུམརླངས་བཙོས་གཤེར་རོ་འབུད་སར་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དར་སྤེལ་བྱས་ཏེ། ཚྭའི་ཁེ་ལས་དང་།ཨར་འདམ་ལས་རིགས་དང་།ཚྭ་མཚེའུ་ཚོགས་པ་རྫས་འགྱུར་བཟོ་ལས་ཀྱི་དུས་ཐེངས་དང་པོ་དང་གཉིས་པའི་ཟི་དུ་ཟེ་སྐྱུར་དོར་བའི་བསྒྱུར་བཀོད་ལེགས་འགྲུབ་དང་།དམིགས་ཚད་དུ་ཐོན་པའི་འབུད་གཏོང་མངོན་འགྱུར་བྱུང་། དུས་བཀག་ལྟར་དཔལ་ཡོན་གཙང་བོ་དང་། གཏེར་ལམ་ཆུ་བོ་དང་དེ་བཞིན་ཚྭ་ཁམས་ཆུ་བོའི་ལྟ་ཞིབ་ཚད་ལེན་བྱས་པ་དང་།ཆུའི་སྤུས་ཚད་དེ་ཁོར་ཡུག་སྤུས་ཀའི་ཆ་སྙོམས་ཚད་གཞིའི་སྟེང་བསླེབས་ཟིན།  གཏེར་ལེན་ཁ་དང་ན་གོར་མོ་གྲོང་ཁྱེར་གཉིས་ཀྱི་མཁའ་རླུང་སྤུས་ཚད་ལེགས་ཚད་སོ་སོར་བརྒྱ་ཆའི93.6དང་བརྒྱ་ཆའི76ཟིན

བརྒྱདབཅོས་སྒྱུརདམ་འཛིན་དང་སྒོ་བྱེལ་སྐུལ་མ་བཏང་སྟེ་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།གཅིག་ནི་གསར་གཏོད་སྐུལ་ཁྲིད་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཡོད།ཚན་རྩལ་གསར་གཏོད་ཀྱི་སྒུལ་ཤུགས་ལ་ཕུགས་ཕན་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས། རོགས་སྐྱོར་དང་བྱ་དགའ་སྤྲོད་པའི་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བ་ཇེ་མགྱོགས་སུ་ཕྱིན།ཚན་རྩལ་གསར་གཏོད་ཐེབས་རྩ་སྒོར་དུང་ཕྱུར10དང་ཚན་རྩལ་གསར་གཏོད་བྱ་དགའི་མ་དངུལ་སྒོར་ཁྲི1000བཙུགས་ནས། བཅུ་བརྒྱ་སྟོང་ཁྲིའི་ཤེས་ལྡན་པ་དང་ཤེས་རིག་ནང་འདྲེན་བྱེད་པའི་འཆར་གཞིའི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཕུལ་བྱུང་གི་ཤེས་ལྡན་མི་སྣ་མི9དང་སྣེ་ཁྲིད་ཤེས་ལྡན་མི་སྣ་མི12།  རྩེར་སོན་ལུས་རྩལ་པ་མི10 ལ་ནང་འདྲེན་བྱས་ཏེ། ཡོན་ཧྲིའི་ལས་དོན་ས་ཚིགས6སྒོ་བྱང་བཀལ་ནས་བཙུགས་པ་དང་། མའེ་བསྲེས་ལྕགས་དང་ལྡབ་མང་འོད་བསྡུ་སོགས་ཀྱི་གལ་ཆེའི་ཚན་རྩལ་འགག་སྒྲོལ་ལས་གཞི14གཙོ་གནད་ཐོག་སྐུལ་འདེད་བཏང་ནས།ལྷད་མེད་བུལ་ཏོག་རླངས་བཙོས་གཤེར་རོ་ཕྱོགས་བསྡུས་ཚུར་བསྡུ་བེད་སྤྱོད་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་ཁ་བྱུང་ཡོད་པ་དང་།ཚྭ་མཚེའུ་ནས་ལིས་བཏོན་པའི་ལག་རྩལ་རྒྱལ་སྤྱིའི་སྔོན་ཐོན་གྱི་ཆུ་ཚད་དུ་སླེབས་པ་རེད།གཉིས་ནི་གཙོ་གནད་དུ་བཅོས་སྒྱུར་ལ་སྐུལ་སྤེལ་ཏན་ཏིག་བཏང་ཡོད། སྲིད་འཛིན་ཨུ་ཡོན་ལྷན་ཁང་གསུམ་གྱི་སྲིད་འཛིན་ས་ཁོངས་བཅོས་སྒྱུར་དང་།བཅོས་སྒྱུར་ཇུས་གཞིར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བར་སྒུག་ཡོད།མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་རོགས་རམ་བྱས་ཏེ་ཁེ་ལས་ཀྱི་ཞན་ཆ་ཁ་གསབ་བྱེད་ཐབས་འགའ་་ཞིབ་འཇུག་དང་གཏན་འབེབས་བྱས།དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ལ་སྐུལ་འདེད་དང་། ཆུའི་རིན་གོང་བཅོས་སྒྱུར་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་བ་དང་གྲོང་ཁྱེར་གཅིག་ནང་རིན་གོང་གཅིག་ཡིན་པའི་རྩ་དོན་ལྟར།  གླིང་ཁུལ་བཟོ་ལས་ཀྱི་ཆུ་མཁོ་འདོན་བྱེད་པའི་རིན་གོང་གཅིག་གྱུར་བྱས། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད།  ལྷུག་གཏོང་དང་དོ་དམ་ཟུང་འབྲེལ།ཞབས་ཞུའི་བཅོས་སྒྱུར་ལེགས་གཏོང་བཅས་ལ་སྐུལ་འདེད་གཏིང་ཟབ་བྱསནས།ཕྱོགས་ཡོངས་ནས་སྲིད་འཛིན་གྱི་ཞིབ་མཆན་འགོད་རྒྱུའི་དོན་གནད་གཙང་བཤེར་དང་ཚད་ལྡན་ཁུ་བསྡུ་བྱས་ཏེ།  ཁུལ་སྲིད་འཛིན་ཞབས་ཞུ་དང་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས། ཚོང་དོན་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་དང་། ལག་ཁྱེར་ལྔ་གཅིག་ཏུ་སྒྲིལ་བ།ལག་ཁྱེར་གཅིག་དང་ཚབ་རྟགས་གཅིགདང་། སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིགགི་ལྟ་སྐུལ་དོ་དམ་ཁྱོན་ཡོངས་ནས་ཁྱབ་གདལ་དུ་བཏང་སྟེ།གཉེར་ཁྲལ་འཕར་ཁྲལ་དང་ཐོན་ཁུངས་ཀྱི་དཔྱ་ཁྲལ་གོང་བསྟུན་ཁྲལ་བསྡུ་དང་ཁུལ་རྫོང་གི་ཡོང་འབབ་བགོ་བཤའ་དང་ཆ་འགྲིག་ཐོག་ནས་བཅོས་སྒྱུརལག་བསྟར་བྱས་ནས།   ན་གོར་མོ་ཐད་བསྡུ་ཅུས་ལེགས་སྒྲིག་ལེགས་འགྲུབ་དང་། ཁུལ་ནང་ཁོངས་ཀྱི་ས་ཁུལ་ཁག་བར་ནོར་སྲིད་འཕྲེད་ཕྱོགས་གཏོང་སྤྲོད་སྤོ་སྒྱུར་བྱེད་པའི་ལམ་སྲོལ་ལག་བསྟར་བྱ། ཚྭ་མཚེའུ་ཚོགས་པ་དང་། ཁུལ་འཕེལ་རྒྱས་ཀྱི་མ་འཇོག་ཀུང་སིའི་ཕྱོགས་བསྡུས་བཅོས་སྒྱུར་དང་ཆིན་ཧྭ་དབུས་ལམ་སོལ་འགྱུར།ཁུ་ནུ་བུལ་ཏོག་ཐོན་ལས། བུལ་ཏོག་ཐོན་ལས་ཀྱིས་དབང་བའི་ལམ་ལུགས་བསྲེས་མའི་བཅོས་སྒྱུར་ཚོད་ལྟའི་བསྐུར་རྨང་གཞིའི་སྒྲིག་བཀོད་མ་འཇོག་གི་མགོ་ཚུགས་ཏེ། རྒྱལ་ཁབ་ལ་དབང་བའི་ཞིང་ཕྱུགས་ར་བ་བཅོས་སྒྱུར་དང་ཞིང་འབྲོག་ཁུལ་གྱི་ཕྱོགས་བསྡུས་བཅོས་སྒྱུར།ཐེམ་ཐོའི་ལམ་ལུགས་བཅོས་སྒྱུར་སོགས་བརྟན་པོའི་ངང་སྐུལ་འདེད་ཏངགསུམ་ནི་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་ཡོད། ཁུལ་གཅིག་ལམ་གཅིགའཕེལ་རྒྱས་ཀྱི་འཐབ་ཇུས་སུ་ཞུགས་པའི་ལག་བསྟར་སྒྲིག་འཛུགས་ལ་སྐུལ་འདེད་མགྱོགས་སུ་བཏང་ནས། ན་གོར་མོའི་རང་མོས་ཚོང་དོན་ཁུལ་དང་ཀྲུང་ནེའི་ཐོན་ལས་གླིང་དུས་འགོའི་ཞིབ་འཇུག་དང་གསར་འཛུགས་བྱ་བར་མགྱོགས་མྱུར་སྐུལ་འདེད་ཏང་། མཚོ་ནུབ་ཀྱི་མིང་གྲགས་དང་ཤུགས་རྐྱེན་སྔར་བྱུང་མ་མྱོང་བ་ལྟར་མཐོ་རུ་ཕྱིན།  ཚྭ་མཚེའུ་ཅཱ་མའེ།ལིས་ཐོན་ལས་འཕེལ་རྒྱས་གླེང་སྟེགས་་དང་འདྲེ་ཚེར་མའི་ཐོན་ལས་གླེང་སྟེགས།རྒྱལ་སྤྱིའི་ཚ་འོད་ཚོགས་ཆེན་སོགས་ཀྱི་བྱེད་སྒོ་སྤེལ་བ་ལེགས་འགྲུབ་བྱུང་།མཐའ་སྐོར་གྱི་དཔལ་འབྱོར་ས་ཁོངས་དང་མཉམ་འདྲེས་འཕེལ་རྒྱས་དང་མཚོ་ནུབ་དཔལ་འབྱོར་འཕེལ་རྒྱས་ཀྱིགྲོགས་ཚོབཙུགས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ།རྒྱལ་སྤྱི་དང་རྒྱལ་ནང་གི་གནད་ཆེའི་ས་ཁུལ་དང་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་ལ་དམིགས་ནས། རྒྱལ་ཡོངས་ཀྱི་རང་སྐྱོང་ལྗོངས།གྲོང་ཁྱེར24 བཅས་ལ་བསྐྱོད་དེ། ཚེག་ནས་ཚེག་གི་ཚོང་འགུག་རྟོག་ཞིབ་ཐེངས115སྤེལ་བ་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུནབཞག་པ204དང་།  ལས་གཞི་དེ་དག་གི་དངུལ་འབོར་སྒོར་དུང་ཕྱུར1236ཡིནམཚོ་སྔོན་ཚོང་གཏམ་གྲོས་ཚོགསཅེས་པའི་གན་འཇོག་ལས་གཞིདེ་འཇུག་སྒོར་བརྩིས་ནསའཛུགས་སྐྲུན་ལས་གཞི107གྱི་ལས་འགོ་བཙུགས་པ་དང་མ་དངུལ་སྒོར་དུང་ཕྱུར121རང་གནས་སུ་འབྱོར། རྒྱལ་ཁབ་པུའུ་ཨུ་དང་ཀྲེ་ཅང་ཞིང་ཆེན་དང་དེ་བཞིན་ཀྲུང་དབྱང་ཁེ་ལས་ཀྱིས་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར1.9དོན་འཁྱོལ་བྱས་པ་དང་།  ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་ཨ་སྒོར་ཁྲི3500དང་། ལས་འགན་དམིགས་འབེན་ཡོངས་འགྲུབ་བྱས་པ་བརྒྱ་ཆའི175ཡིན།

འཐུས་མི་རྣམ་པ།འདས་པའི་ལོ་གཅིག་གི་རིང་ལ།དཀའ་ངལ་དང་གནོན་ཤུགས་ཧ་ཅང་མང་པོ་འཕྲདམོད། འོན་ཀྱང་ཐབས་ཇུས་ཡང་དག་པ་དང་།ཐབས་ལམ་འགྲིག་པ། དོན་འཁྱོལ་ནུས་ལྡན་ཡིན་པས།  ཁུལ་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་མགྱོགས་མྱུར་གྱིསབརྟན་པོརྒྱུན་སྲུང་དང་། མདུན་སྐྱོདམངོན་འགྱུརཡག་པོཐོན་པ་བཅས་བྱས་པ་བརྒྱུད།  ཕྱི་ཕྱོགས་ལ་མཚོ་ནུབ་ཀྱིལོ་ལྔའི་འཆར་འགོད་བཅུ་གསུམ་པའའགོ་ཡག་པོ་འཛུགས་པའི་གླུ་དབྱངས་བརྒྱུད་སྤྲོད་བྱེད་པ་དང་།  མཚོ་ནུབ་འཕེལ་རྒྱས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡང་བརྒྱུད་སྤྲོད་བྱས་པ་ཡིན།  ཡང་གཅིག་བཤད་ན།  འདི་ནི་ཉེ་བའི་ལོ་གསུམ་རིང་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་བབ་ཡག་ཤོས་སུ་སླེབས་པའི་ལོ་ཞིག་ཡིན་པ་དང་།  ཁུལ་ཡོངས་ཀྱི་ཉེ་བའི་ལོ་གསུམ་ནང་ཐེངས་དང་པོར་ཞིང་ཆེན་རིམ་པའི་དམིགས་ཚད་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་ལྡན་པའི་ལོ་ཞིག་ཡིན་པ་དང་།ཡང་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་དཀའ་སྤྱད་མང་ཤོས་ཀྱི་ལོ་ཞིག་ཡིན་ལ།  ང་ཚོའི་གནས་བབ་ཞན་པོའི་མདུན་སྐྱོད་ཁྲོད་དུ་གྲུབ་འབྲས་ཕུན་སུམ་ཚོགས་ཤོས་ཀྱི་ལོ་ཞིག་ཀྱང་ཡིན་པསའདི་འདྲའི་གྲུབ་འབྲསཐོབ་པ་དངོས་ནས་སླ་བོ་མིན།   གྲུབ་འབྲས་ལ་ཁས་ལེན་བྱེད་པའི་དུས་མཚུངས་སུ་ང་ཚོས་ཀྱང་རིག་པ་དྭངས་མོས་མཐོང་དགོས་པ་ནི།ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྔར་བཞིན་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་མི་ཉུང་བ་ཞིག་གནས་ཡོད་པ་སྟེ།གཅིག་ནི་ཞིང་ཆེན་ཡོངས་ཀྱི་བཟོ་ལས་འཕེལ་རྒྱས་ཀྱི་གཡུལ་ས་གཙོ་བོ་ཡིན་པའི་ཆ་ནས། མཚོ་ནུབ་ནི་ད་དུང་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ཅུང་མངོན་གསལ་དོད་པའི་དུས་སྐབས་སུ་གནས་ཡོད་། འཕེལ་རྒྱས་ཀྱི་སྒུལ་ཤུགས་མི་འདང་བ་དང་འཕར་ཚད་མི་མགྱོགས་པ། སྤུས་ཚད་མི་མཐོ་བ་སོགས་སྔར་བཞིན་མཚོ་ནུབ་ཀྱི་ཆེས་ཆེ་བའི་དོན་དངོས་ཡིན་པ་དང་།དཔལ་འབྱོར་འཕེལ་རྒྱས་ནི་སྔར་བཞིན་འགག་རྩའི་ལ་ཉག་བརྒལ་་དང་དཔེ་སྒྱུར་རིམ་སྤར་བྱེད་པའི་གནད་འགག་གི་དུས་སྐབས་ཡིན་པ་དང་།ཁ་ཚ་དགོས་གཏུག་གི་ཁུལགྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་བཏོན་པའིགནད་དོན་གལ་ཆེན་བཅུསེལ་དཀྲོལ་བྱ་དགོས  གཉིས་ནི་མ་འཇོག་གོང་འཕར་གྱི་འདེགས་སྐྱོར་མི་འདང་བའི་གནས་ཚུལ་ལ་འགྱུར་བ་བྱུང་མེད་པ་དང་།མ་རྩ་དང་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོའི་མཁོ་སྤྲོད་མི་འདང་བ་དང་དཔལ་འབྱོར་ཁོར་ཡུག་ཆེན་པོའི་ཤུགས་རྐྱེན་ཐེབས་རྐྱེན།ཁེ་ལས་ཀྱི་མ་དངུལ་འཇོག་པའི་ཡིད་ཆེས་དང་ནུས་པ་མི་འདང་བ་དང་། ལས་གཞི་གཙོ་གྲས་ཁག་ཅིག་ལ་སྐུལ་འདེད་བཏང་བ་ཅུང་དལ་བ  གསུམ་ནི་བཟོ་ལས་ཀྱི་གྲུབ་ཚུལ་ཆེ་དྲགས་པ། ཅུང་སྦོམ་ཅུང་ཐུང་བས་སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤར་ཆེན་པོ་བཞིའི་ལས་འགན་ལྕི་བས།  འགུལ་ནུས་བརྗེ་སྤོར་དང་གྲུབ་ཚུལ་རིམ་འཕར་གོ་རིམ་ཞིག་དགོས་པ་དང་།གསར་དར་དཔལ་འབྱོར་ད་དུང་སྐྱེ་འཕེལ་གྱི་དུས་སུ་གནས་ཡོད་པས། དུས་ཡུན་ཐུང་ངུའི་ནང་དཀའ་འགན་གཙོ་བོ་འཁུར་དཀའ  བཞི་ནི་ལས་ཁྲལ་འཕར་ཁྲལ་དུ་སྒྱུར་བ་དང་ཐོན་ཁུངས་ཀྱི་དཔྱ་ཁྲལ་རིན་གོང་ལྟར་རྩིས་སྡུད་དང་།དཔྱ་ཁྲལ་ཆག་ཡང་དང་གླ་རིན་གཙང་གཤེར་སོགས་སྲིད་ཇུས་རང་བཞིན་གྱི་རྒྱུ་རྐྱེན་མང་ལེན་པའམ་ཉུང་ལེན་དང་།འགྱུར་མེད་རང་བཞིན་གྱི་འགྲོ་སོང་ཇེ་ཆེར་སོང་བར་བརྟེན་ནོར་སྲིད་ཡོང་སྒོའི་བར་གསེང་ཚོད་འཛིན་དང་དཔལ་འབྱོར་སྐུལ་ཁྲིད་བྱེད་པའི་ཁྲལ་བསྡུའི་སྒུལ་ཤུགས་མི་འདང་བ་དང་།ནོར་སྲིད་གཏོང་ཡོང་གི་འགལ་བ་འབུར་དུ་ཐོན་ཡོད་སྟབས། ད་ལོའི་བྱ་བའི་ཁྲོད།ང་ཚོས་ངེས་པར་དུ་ཐག་གཅོད་གང་ཐུབ་བྱ་དགོས།

གཉིས།  2017ལོར་ཁུལ་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ

2017 ལོ་ནིལོ་ལྔའི་འཆར་གཞི་བཅུ་གསུམ་པའིའཆར་འགོད་སྔ་མཐུད་ཕྱི་འདྲེན་བྱེད་པའི་གལ་ཆེན་གྱི་ལོ་ཞིག་ཡིན་ལ།མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་ཏུ་སྤེལ་བའི་ལོ་ཞིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་རྒྱལ་ཁ་ལེན་པ་དངཏན་ཏིག་བཞིའིརྨང་གཞི་འདིང་བར་སྐུལ་འདེད་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་པ་དང་དེ་བས་འབྱོར་ཕྱུག་ཤེས་དཔལ་དང་ཞི་མཐུན་བདེ་སྐྱིད་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་འཛུགས་སྐྲུན་བྱེད་པའི་ལོ་ཞིག་ཀྱང་ཡིན།ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྟན་དོན། ད་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་དགོས་ནསྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ།ཀྲུང་དབྱང་དང་ཞིང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་ཏན་དང་། ཕྱོགས་ལྔ་གཞི་གཅིགགི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྐུལ་འདེད་ དང་། ཕྱོགས་ཡོངས་བཞིའིའཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། 2456སྤྱིའི་བླང་བྱ་གཙོ་བོ་ནང་དོན་ལྟེ་བར་བཟུང་སྟེ་བཅོས་སྒྱུར་སྒོ་འབྱེད་ཀྱི་སྒུལ་ཤུགས་ཆེན་པོར་བརྟེན་ནས་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་སྒྱུར་གཙོ་བོར་འཛིན་པ་རྒྱུན་འཁྱོངས་དང་།ནུས་ཤུགས་ཡོད་རྒུས་གོང་འཕར་བརྟན་བརླིང་དང་། གཡོ་བ་མེད་པར་ནུས་ལྡན་མ་འཇོག་དམ་འཛིན་བྱས་ཏེ།གསར་དར་ཐོན་ལས་དང་འཕར་གཞི་གསར་བ་སྐྱེད་སྲིང་དང་།ལྗང་མདོག་འཁོར་རྒྱུག་ཐོན་ལས་མང་འདུས་ཆེར་སྐྱེད་བྱས་ཏེ།ཚན་རྩལ་དངུལ་རྩའི་ཤེས་ལྡན་མི་སྣའི་གསར་གཏོད་དང་། དམངས་འཚོ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་།སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་པ་དང་། ཏང་དམ་ཏང་སྐྱོངཏང་འཛུགས་སྐྱོང་དང་ཏང་གི་ཆུ་ཚད་ཇེ་མཐོར་བཏང་ནས།  རིམ་གྱིས་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་ཆེར་གཏོང་བྱེད་པའི་རླབས་ཆེན་གྱི་ལམ་བུ་དང་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་།ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་འཚོགས་པར་མདུན་བསུ་བྱ་དགོས།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་འགྲོ་བའི་གནས་བབ་དང་ཁུལ་ཡོངས་ལ་ལྟ་རྟོག་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྒྲུབ་ཐུབ་ཚོད་་ཕྱོགས་བསྡུས་བརྡར་གཅོད་བྱེད་པའི་རྨང་གཞིའི་ཐོག།  ད་ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་བྱས་ཏེ་དཔལ་འབྱོར་སྔོན་དཔག་གི་དམིགས་འབེན་གཙོ་བོ་གཏན་ཁེལ་བྱས་པ་ནི།  ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་བརྒྱ་ཆའི100དང་།    ཐོན་ལས་དང་པོའི་རིན་ཐང་འཕར་ཚད་བརྒྱ་ཆའི10དང་།  གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་འཕར་ཚད་བརྒྱ་ཆའི7.5ཡས་མས་དང་།  ཐོན་ལས་གསུམ་པའི་རིན་ཐང་འཕར་ཚད་བརྒྱ་ཆའི10དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་འཕར་ཚད་བརྒྱ་ཆའི11དང་། ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་འཕར་བ་བརྒྱ་ཆའི8དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་འཚོང་སྤྱི་འབོར་འཕར་ཚད་བརྒྱ་ཆའི10དང་།   གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་བརྒྱ་ཆའི9ཡིན།  གྲོང་མིའི་འཛད་སྤྱོད་ཀྱི་རིན་གོང་སྟོན་གྲངས་དངནུས་བསྲི་སྙིགས་འཕྲིསྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་ཞིང་ཆེན་དམིགས་ཚད་ནང་ཚུན་དུ་ཚོད་འཛིན་བྱ་དགོས།

གསུམ 2017ལོར་ཁུལ་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལས་འགན་དང་བྱེད་ཐབས་གཙོ་བོ

ད་ལོའི་སྔོན་དཔག་དམིགས་ཚད་མངོན་འགྱུར་ཡོང་ཆེད་ང་ཚོས་གཤམ་གསལ་ཕྱོགས་ཁག་བརྒྱད་ཐད་ཀྱི་ལས་དོན་དམ་འཛིན་ཤུགས་ཆེན་བྱེད་དགོས་པ་སྟེ།

གཅིགམཁོ་སྤྲོད་ཕྱོགས་ཀྱི་བཅོས་སྒྱུར་ལ་ཤུགས་བརྒྱབ་ནས།ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འགུལ་ནུས་སློང་དགོས།  གཅིག་ནི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས།གསུམ་དོར་གཅིག་གཅོག་གཅིག་གསབཀྱི་ལས་འགན་གཙོ་བོར་བྱས་ཏེ། ཞིང་ཆེན་དང་ཁུལ་གྱི་བཏོན་པའི་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་དོན་འཁྱོལ་མཐར་ཕྱིན་གཏིང་ཟབ་དང་།མཁོ་སྤྲོད་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་དགོས། ཐོན་ནུས་འཕྲི་བའི་ཐད་མང་ནེའི་ཁྲའེ་ཧྲོས་ལུང་པའི་སོལ་གཏེར་ལོ་རེར་ཏུན་ཁྲི6ཡི་མཐོངས་ཡངས་གཏེར་ཁ་དང་གཏེར་ལམ་ཐ་ཐའོ་སོལ་གཏེར་ལོ་ཐོན་ཏུན་ཁྲི6གི་ཁྲོན་པའི་བཟོ་གཏེར་སོགས་རྗེས་ལུས་ཐོན་ནུས་དོར་དགོས། མཛོད་ཉར་འཕྲི་བའི་ཐད་དུ།  མཛོད་ཉར་འཕྲི་བ་དང་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་ཟུང་འབྲེལ་དམ་ཚགས་བྱེད་པ་དང་།ཁྱིམ་ཐོ་བཅོས་སྒྱུཪ་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱ་དགོས།  སྤྱིལ་ཁྱིམ་ཁུལ་རྒྱ་བསྐྱེད་དང་སྡོད་ཁང་དངུལ་ལོར་ཅན་གྱི་བཀོད་སྒྲིག་གཞི་ཁྱོན་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚོང་སྤྱོད་ཁང་པ་འཁོར་སྐྱོད་ཡོང་བར་ཤུགས་ཚད་ཆེ་རུ་གཏོང་དགོས།  རྡོ་སོལ་དང་ཨར་འདམཅཱ་ལུད། ལྷད་མེད་བུལ་ཏོག་སོགས་ཐོན་རྫས་ཕྱིར་ཚོང་ཐབས་ལམ་རྒྱ་བསྐྱེད་དེ།བཟོ་ལས་ཐོན་རྫས་མཛོད་ཉར་འཕྲི་བ་བྱེད་ཤུགས་ཆེ་རུ་གཏོང་དགོས་། འགྱོགས་མདའ་ཐད་ནས།  དམར་ཐིག་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།ས་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་འགན་ལེན་བྱེད་དགོས།  ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཀྱི་སྙིང་དོན་ལ་འཕྱུགས་མེད་ངང་ཁོང་དུ་ཆུད་པ་དང་།ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཇེ་སྡུག་ཏུ་མི་འགྲོ་བ་དང་ཞིང་འབྲོག་ཁུལ་གྱི་བརྟན་ལྷིང་ལ་གནད་དོན་མི་འབྱུང་བའི་ཚད་བཀག་གཉིས་བརྟན་སྲུང་བྱས་ཏེ།ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་བྱ་རྒྱུ་དེ་རྩ་བའི་གཞི་འཛིན་སར་བྱ་དགོས།མ་གནས་དམའ་རུ་གཏོང་བའི་ཐད་ནས། དཔྱ་ཁྲལ་ཉུང་འཕྲི་དང་རིན་མི་བསྡུ་བའི་སྲིད་ཇུས་བྱེད་ཐབསཁྱོན་ཡོངས་ནས་དོན་འཁྱོལ་དང་།ཞིབ་མཆན་དུམ་མཚམས་ཉུང་དུ་གཏོང་བ་དང་ཚད་ལྡན་མཚམས་སྦྱོར་གྲོན་བསྡུའི་ཐད་ཕན་འབྲས་དངོས་ཐོན་དགོས།  ཁེ་ལས་ཀྱི་ཐོན་སྐྱེད་རྒྱུ་ཆ་རོགས་སྐྱོར་བྱེད་ཐབས་ཐད་མཐུན་སྦྱོར་དོན་འཁྱོལ་ཡག་པོ་བྱས་ཏེ་ཁེ་ལས་ཀྱི་རྒྱུ་ནོར་འཛིན་ལོར་ཅན་དུ་སྐུལ་འདེད་དང་ཚོང་ར་ཅན་གྱི་བུ་ལོན་མ་རྐང་དུ་བསྒྱུར་བ་གོ་རིམ་ལྡན་པའི་སྒོ་ནས་དར་སྤེལ་བྱེད་དགོས། ཞན་ཆ་ཁ་གསབ་ཀྱི་ཐད་ནས།  ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་བསྟན་པའི་བཅོས་སྒྱུར་དང་གསར་གཏོད་ནུས་པ་མཐོར་གཏོང་དང་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་།མངོན་མེད་ཁོར་ཡུག་བཅོས་སྐྱོང་སོགསགལ་ཆེན་བཅུཡི་གནད་དོན་ལ་དམིགས་ཏེ་འཕེལ་རྒྱས་ཀྱི་སྐྱོན་ཆར་ཁ་གསབ་བྱེད་དགོས་།   གཉིས་ནི་སྲིད་འཛིན་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་མུ་མཐུད་ཆེ་རུ་བཏང་ནསགསལ་ཐོ་གསུམ་དང་དྲ་བ་གཅིགའཛུགས་སྐྲུན་དམ་འཛིན་དང་། ལས་ཁུངས་ཁུ་བསྡུ་དམངས་ཕནབྱེད་སྒོ་སྤེལ་དགོས། གཞུང་ཁོངས་ཁེ་ལས་དང་ཚོང་དོན་ལམ་ལུགས།སྨན་བཅོས་འཕྲོད་བསྟེནརྒྱལ་དབང་ཞིང་ར།  གྲོང་གསེབ་ཀྱི་དབང་གསུམ་ལམ་ལུགས་སོགས་ཁྱབ་ཁོངས་ནང་གི་བཅོས་སྒྱུར་ཁེ་ལས་མུ་མཐུད་གཏིང་ཟབ་ཏུ་སྤེལ་ནས། གཙོ་བོ་ཁེ་ལས་ཀྱི་དབང་བའི་ལམ་ལུགས་འདྲེས་མ་བཅོས་སྒྱུརདང་ནུའོ་མུའུ་ཧུང་ཞིང་རའི་དོ་དམ་སྒྲིག་སྲོལ་བཅོས་སྒྱུརལ་སྐུལ་འདེད་གཏོང་ཞིང་།   མ་འཇོག་དང་མ་དངུལ་མཉམ་བསྲེ། ནོར་ཁྲལ་ལམ་སྲོལཐོན་ལས་ཚུལ་སྒྱུར་རིམ་སྤོར གསར་གཏོད་སྐུལ་སློང་སོགས་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན་པའིབཅོས་སྒྱུར་བྱེད་ཐབས་ཁག་གཅིག་གཙོར་བཟུང་ནས་སྤེལ་དགོས་ལ།  བཅོས་སྒྱུར་སྣ་ཚོགས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པར་བརྩོན་ལེན་བྱ་དགོས།  གསུམ་ནི་ཁྲོམ་རའི་གཙོ་གཟུགས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས། ཁྱོན་ཡོངས་ནས་རྒྱལ་ཁབ་དང་ཞིང་ཆེན།ཁུལ་བཅས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཡོང་བར་སྐུལ་འདེད་དང་།ཁྲོམ་རའི་བྱེད་པོ་གསོ་སྐྱོང་མགྱོགས་སུ་གཏོང་བ་དང་གྲུབ་ཚུལ་རང་བཞིན་གྱི་དཔྱ་ཁྲལ་གཅོག་པ་སོགས་དངོས་གཞིའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ཏེ།  ཁྲོམ་རའི་གཙོ་གཟུགས་ཀྱི་རང་ཉིད་གོང་འཕེལ་གཏོང་ནུས་ཆེ་རུ་གཏོང་དགོས། བཞི་ནིགསར་སྐྲུན་མགོ་ཚུགས་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་རྩ་གནད་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་འགའ་ཞིགལག་བསྟར་དོན་འཁྱོལ་ནན་ཏན་ཡག་པོ་བྱས་ཏེ།གསར་གཏོད་འགག་སྒྲོལ་གྱི་ལས་གཞིདང་གཙོ་གནད་ཐོན་ལས་ཀྱི་ཚན་རྩལ་འདེགས་སྐྱོར་ཨར་ལསལག་བསྟར་བྱེད་པ་དང་། དྲ་སྦྲེལ་དང་དངོས་ཟོག་དྲ་སྦྲེལ། ལས་སྐྲུན་གསར་གཏོད་། དེང་རབས་ཞིང་ལསསྤྱི་པའི་ཞབས་ཞུགློག་རྡུལ་ཚོང་དོནལྗང་མདོག་སྐྱེ་ཁམས་སོགས་ལས་རིགས་མཉམ་འདྲེས་གཏིང་ཟབ་བྱེད་པ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། འདེགས་སྐྱོར་དང་སྣེ་ཁྲིད་གཙོ་བོར་བྱེད་པའི་དཔལ་འབྱོར་མ་ལག་དང་འཕེལ་རྒྱས་རྣམ་པ་འཛུགས་དགོས།  ལྔ་ནི་བྱ་གཞག་གསར་གཏོད་ཀྱི་ཞབས་ཞུའི་མ་ལག་དང་ནོར་སྲིད་དང་དངུལ་རྩའི་རྒྱབ་སྐྱོར་སྲིད་ཇུས་སྔར་བས་འཐུས་ཚང་དུ་གཏོང་བ་དང་རུམ་སྐྱེད+གསར་གཏོད་མ་དངུལ་འཇོག་པའིསོགས་ལས་གཏོད་བྱེད་སྟངས་མགྱོགས་མྱུར་གྱིས་བཙུགས་ཏེ།   ནུས་ཤུགས་ཡོད་རྒུས་བཏོན་ནསམི་མངས་ལས་འབྱེད་དང་། དམངས་ཀྱིས་གསར་གཏོདཀྱི་རྣམ་པ་བསྐྲུན་པ་དང་ ཚན་རྩལ་གསར་གཏོད་མི་སྣ་དང་སློབ་གྲྭ་ཆེན་མོ་བ།   ཕ་ཡུལ་དུ་ཕྱིར་ལོག་བྱེད་མཁན་གྱི་ཞིང་འབྲོག་པ་སོགས་གཙོ་གནད་མི་ཚོགས་སོ་སོ་ཁྱབ་ཁོངས་ནང་གསར་གཏོད་ལས་གཏོད་མངོན་འགྱུར་བྱེད་པར་བསྔགས་སྐུལ་དང་རོགས་རམ་བྱེད་དགོས།

གཉིསལས་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས།  མུ་མཐུད་དུ་ལས་གཞི་མ་འཇོག་བྱ་བ་དམ་འཛིན་ཡག་པོ་བྱེད་དགོསགཅིག་ནིལས་གཞི་འཆར་འགོད་གྲབས་གསོག་ལ་ཤུགས་སྣོན་རྒྱག་རྒྱུ།རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་འཕེལ་རྒྱས། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འཛུགས་སྐྲུན།ནུས་སྲི་ཁོར་སྲུང་སྤྱི་ཚོགས་དམངས་འཚོ་སོགས་ཁྱབ་ཁོངས་གལ་ཆེན་ལ་དམིགས་ཏེ།  ལས་གཞི་འཐུས་ཚང་གི་གསོག་འཇོག་མཛོད་ལེགས་འདེམས་བྱེད་དགོས། སྟོང་ལྔའིཐོན་ལས་ཀྱི་ཁྱུ་ཚོགས་ལ་དམིགས་ནས།  རྒྱལ་ཁབ་ཀྱི་སྲིད་ཇུས་འགྲོ་ཕྱོགས་ལ་དམ་པོར་སྦྲེལ་ཏེ།  ཇུས་འགོད་མཐུན་པ་དང་རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་མཐུན་པ་དང་མཚོ་ནུབ་ཀྱི་རྒྱང་ཕུགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ལས་གཞི་གལ་ཆེན་ཇུས་འགོད་བྱེད་དགོས།ན་གོར་མོ་ནས་ཁྲི་འདུ་བར་གྱི་ལྕགས་ལམ་དང་བདེ་ཐང་ཞབས་ཞུ།  ས་འོག་ཕྱོགས་བསྡུས་དོང་ལམ།སྡོད་ཁང་ཐབ་ཆག་ཁུལ་སྒྱུར་བཀོད་སོགས་ལས་གཞི་ཁག་གཅིག་རྒྱལ་ཁབ་ཀྱི་བཟོ་སྐྲུནའི་ལས་གཞི་གལ་ཆེན་ཞིག་ཏུ་འཇོག་པར་བརྩོན་ལེན་བྱེད་དགོས་པ་དང་། གནམ་གྲུ་ལྷུ་བཤིག་ཆེན་པོ་དང་མཁའ་རླུང་གནོན་བཙིརནུས་གསོག། དགུ་ཚིགས་སྐྱ་མོབཟོ་སྐྲུན། ཐུའུ་ཅི་ཞུན་ཚྭ་སྟོད་ཉིང་རྡུལ་ནུས་པ་སོགས་ལས་གཞི་དེ་ཞིང་ཆེན་རིམ་པའི་ལས་གཞིདུ་འཇོག་པར་བརྩོན་ལེན་བྱ་དགོས། གཉིས་ནི་གཙོ་གནད་ལས་གཞི་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས།ནིག་ཁོབགཏེར་གསར་སྤེལ་དང་ཀྲའོ་2000ནུས་རྒྱུ་གསར་་སོགས་གནད་ཆེའི་ལས་གཞི་ཁག་གཅིག་དོན་འཁྱོལ་ལ་སྐུལ་འདེད་བྱེད་པ་དང་   ན་གོར་མོ་གནམ་གྲུ་ཐང་ཆེན་བསྐྱར་སྐྲུན་རྒྱས་སྐྲུན་སོགས་ཀྱི་བཟོ་སྐྲུནསྐྲུན་ཐུབ་པ་དང་།ན་གོཪ་མོའི་གཞུང་ལམ་ལྕགས་ལམ་འགྲིམ་འགྲུལ་འགག་ལམ་དང་རྣམ་གླིང་དགེ་ལེགས་ཆུ་བེད་ལྟེ་གནས་སོགས་ཀྱི་ལས་གཞིའི་འཛུགས་སྐྲུན་འགོ་རྩོམ་དགོས། མཚོ་ནུབ་གྲོས་ཚོགས་ལྟེ་གནས་དང་ནུས་རྒྱུ་གསར་འི་འགྲེམ་སྟོན་ལྟེ་གནས་སོགས་ཀྱི་ལས་གཞི་སྒྲིག་འཛུགས་ལག་བསྟར་ཡག་པོ་བྱས་ཏེ།   གཏེར་ལམ་རྒྱུན་སྤྱོད་གནམ་གྲུ་ཐང་ཆེན་ལ་སྐུལ་འདེད་དང་ནུའོ་མུའུ་ཧུང་།དབུས་ལམ་གྲམ་པ།   ཡུལ་ཆཱ་ཆུ་མཛོད་དེ་མིན་ཕྱུག་སྐྱིད་འགག་འཕྲང་ཆུ་བེད་ལྟེ་གནས་ནས་གཏེར་ལེན་ཁ་ཆུ་མཁོ་འདོན་སོགས་ལས་གཞིའི་སྔོན་གྲབས་བྱ་བར་སྐུལ་འདེད་བྱེད་དགོས།  ལས་གཞི་འགོ་འཛུགས་དང་བྱེད་སྒོ་གཅིག་སྡུད་ལ་དམ་འཛིན་བྱས་ཏེ།  ཟླ3པའི་ཟླ་མཇུག་ཏུ་ལས་གཞི400གཅིག་སྡུད་ཀྱིས་འགོ་འཛུགས་པ་དང་།   ཟླ5པའི་ཟླ་མཇུག་ཏུལས་གཞི200ཡི་ཡང་བསྐྱར་ལས་འགོ་ཚུགས་དགོས།  གསུམ་ནིལས་གཞིའི་མ་དངུལ་མཉམ་འདྲེས་ཀྱི་སྤྱི་འབོར་རྒྱ་བསྐྱེད་དགོས།འབྲེལ་ཡོད་ལས་རིགས་དང་ཁྱབ་ཁོངས་ཀྱིPPPལས་གཞི་ཇུས་འགོད་དུས་ཚོད་དམ་འཛིན་གྱིས་ཞིབ་འཇུག་བྱས།ལོ་འདིའི་ནང་དུ་ས་ཁུལ3ནས5ལ་དཔེ་སྟོན་ལས་གཞི་ལག་བསྟར་བྱེད་པ་དང་། PPPལས་གཞི་ལ་ངོ་བོའི་རང་བཞིན་གྱི་ཡར་ཐོན་བྱུང་བར་སྐུལ་འདེད་བྱེད་དགོས། སྒོར་དུང་ཕྱུར་ཁྲི་ཅན་གྱི་མ་དངུལ་མཛོད་སྐྱེད་སྲིང་བྱས་ཏེ།   ཁུལ་ཕྱི་ནང་གི་དངུལ་རྩའི་ལས་ཁུངས་དང་འཐབ་ཇུས་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱག་པ་དང་།མ་རྩ་འདུ་འཁོར་སྙོམས་སྟེགས་ཆེ་སྒྲུབ་དྲག་སྒྲུབ་བྱེད་དགོས། དམངས་ཁྲོད་ཀྱི་མ་འཇོག་དེ་དངུལ་རྩའི་ཞབས་ཞུའི་ཁྱབ་ཁོངས་སུ་ནང་འདྲེན་བྱེད་པ་དང་། ཁེ་ལས་དེ་རིམ་པ་མང་པོའི་དངུལ་རྩའི་ཚོང་རར་སླེབས་པར་སྐུལ་འདེད་བྱེད་དགོས།ཁེ་ལས་ཀྱི་བུ་ལོན་དངསྒེར་གྱིས་བསྡུས་པའི་དངུལ་བུནམ་དངུལ་སྡུད་སྡེབ་ཀྱི་བོགས་མ་གཏོང་ལེན་སོགས་ཀྱི་ཡོ་བྱད་བཀོལ་ཏེ།  ཐད་ཀར་མ་རྩ་འདུ་འཁོར་བྱེད་ཁྱོན་སྒོར་དུང་ཕྱུར230ཡན་བརྩོན་ལེན་བྱེད་དགོས།   བཞི་ནི་ཚོང་འགུག་དངུལ་འདྲེན་གྱི་སྤུས་ཚད་མཐོ་རུ་གཏོང་དགོས།ཐོན་ལས་ཀྱིས་སྣེ་ཁྲིད་དང་ལག་རྩལ་སྔོན་ཐོན་གྱི་འཛམ་གླིང་རྩེ་གྲའི་ཀྲུང་དབྱང་ཁེ་ལས500དམིགས་ནས  འདྲུད་འཐེན་རང་བཞིན་དང་བཀོད་འདོམས་དམག་གྲུ་ཅན་དང་རྟེན་གཞི་ཅན་བཅས་ཀྱིལས་གཞི་ཆེ་གྲས་སྐོར་གཅིག་མགྱོགས་མྱུར་གྱིས་ནང་འདྲེན་བྱེད་དགོས།  ཚོང་འགུགཨུ་ཡོན་ལྷན་ཁང་ཆེན་མོ་དང་ཕྱིར་སྡོད་དོན་སྒྲུབ་ལས་ཁུངས། རོགས་སྐྲུན་བཀོད་འདོམས་པུའུ་བཅས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ།  ཚོང་འགུག་ཐབས་ལམ་གསར་གཏོད་དང་ཚོང་འགུག་སྟེགས་བུ་རྒྱ་བསྐྱེད་།མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་དུས་ཆེན་ཚོགས་འདུ་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ཏེ།ཕྱིར་སྐྱོད་པ་དང་ནང་དུ་གདན་འདྲེན་པའིཁྱབ་ཁོངས་རྒྱ་བསྐྱེད་པ་དང་།   ཐོན་ལས་ཀྱིས་ཚོང་འགུག་དང་གསབ་སྦྲེལ་ཚོང་འགུག། ཚོང་པས་ཚོང་པ་འགུག་པ།  བྱམས་བརྩེ་ཚོང་པར་འཇོག་པ། སྲིད་ཇུས་ཀྱིས་ཚོང་པ་བརྟན་འཇགས། ཁོར་ཡུག་གིས་ཚོང་པར་སྲུང་སྐྱོབ་སོགས་ཐོད་བརྒལ་བྱུང་བར་བརྩོན་ལེན་བྱེད་དགོས། ལོ་ཧྲི་བོཪ་ཚོང་འགུག་དངུལ་འདྲེན་གྱི་གན་འཇོག་དངུལ་གྲངས་སྒོར་དུང་ཕྱུར1300ཡན་ཟིན་པར་འགན་ལེནབྱེད་པ་དང་།  ལས་གཞི་ལས་འགོ་ཚུགས་པ་དང་མ་དངུལ་དམིགས་སར་འབྱོར་བ་གཉིས་ཀགྲུབ་འབྲས་ལེགས་པོ་འབྱུང་བར་མངོན་འགྱུར་བྱ་དགོས།  

གསུམའཁོར་རྒྱུ་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ནུས་ཤུགས་ཡོད་རྒུས་གླིང་ཁུལ་གྱི་དཔལ་འབྱོར་བསྐྲུན་དགོས གཅིག་ནི་དམིགས་སུ་བཀར་ནས་གླིང་ཁུལ་གྱི་ཐོན་ལས་སྐྱེད་སྲིང་དམ་འཛིན་བྱ་དགོས་།རྒྱལ་ཁབ་ཀྱི་འཁོར་རྒྱུག་དཔལ་འབྱོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་དམིགས་འབེན་དུ་བྱས་ཏེ། ཐོན་ལས་ཀྱི་ཆགས་སྟངས་སྔར་ལས་ལེགས་སྒྱུར་དང་། ལས་གཞི་འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་བྱེད་དགོས།སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤོར་དང་གསར་དར་ཐོན་ལས་གསར་གཏོད་འགག་སྒྲོལ་ལག་བསྟར་བྱ་རྒྱུ་མགྱོགས་སུ་གཏོང་བ་དང་།  འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བར་སྐུལ་འདེད་དང་གཙོ་གནད་ཐོན་ལས་ལས་གཞི110 ལས་མི་ཉུང་བ་ལག་བསྟར་བྱས་ཏེ་མ་འཇོག་སྒོར་དུང་ཕྱུར250 ལས་མི་ཉུང་བ་ལེགས་འགྲུབ་བྱ་དགོས  ཐོན་ལས་སྦྲེལ་ཐག་སྣུར་བསྲིངས་བྱེད་པའི་ཐད་ནས། ལོའི་ཐོན་ཚད་ཏུན6000ཅན་གྱི་ཧྥུལ་དྲུག་ལིན་སྐྱུར་ལིས་དང་ནཱ་སྨི་རིམ་པའི་དབྱང་མའེ་རྫས་ཏུན་ཁྲི1དང་། སྐྱེ་ལྡན་འཕང་འབྲས་གདོད་མའི་སྐྱེ་ཁམས་ཐོན་ལས་སྦྲེལ་ཐག་གི་དཔེ་སྟོན་རྟེན་གཞི་སོགས་ལས་གཞི་མགྱོགས་གྱུར་གྱིས་སྐུལ་འདེད་བྱས་ཏེ།  ནུས་ཤུགས་ཡོད་རྒུས་ཐཱན་སྐྱུར་ལི་དང་ཚྭ་མཚེའུ་རྫས་འགྱུཪ་བཟོ་ལས།ཁྱད་ལྡན་སྐྱེ་དངོས་སོགས་ཐོན་ལས་སྦྲེལ་ཐག་གི་མུ་བསྲིང་དགོས།   ཐོན་ལས་སྦྲེལ་ཐག་གསབ་སྦྲེལ་ཐད་ནས།  ལོ་རེའི་ཐོན་ཚད་ཏུན2000པོར་རྒྱུ་སོགས་ཀྱི་ལས་གཞི་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་།འདུས་འདྲེས་གཟུགས་ཀྱི་རྒྱུ་ཆ་དང་ཚྭ་མཚོའི་རྫས་འགྱུར་བཟོ་ལས།  ལྕགས་རིགས་བཙོ་སྦྱངས་སོགས་ཐོན་ལས་མུ་ཕྲེང་གི་ལྷུ་ཚིགས་མེད་པར་ཁ་གསབ་ཆ་ཚང་བ་བྱེད་དགོས།  ཐོན་ལས་ཀྱི་ཆ་འགྲིག་བྱེད་པའི་ཐད་ནས། ལོ་རེར་དཀར་གོང་ལུགས་ཀོང་ཆ་ཚང་ཁྲི4དང་ཀྲའོ་ཝ300འི་ཤེལ་གཟུགས་ཀུའེ་ཉི་ནུས་ཐོན་ལས་སྦྲེལ་ཐག་གི་དྲང་འཕྱང་གཞི་གཅིག་ཅན་དང་། ཀྲའོ་ཝ500ཡོད་པའི་ཤེལ་གཟུགས་ཀུའེ་ཉི་ནུས་སྒྲིག་ཆས་ཐོན་སྐྱེད་རྟེན་གཞིདུས་ཐེངས་དང་པོའི་ཀྲའོ་ཝ300སོགས་ཀྱི་ལས་གཞིམགྱོགས་པོར་བཏང་སྟེ།   ནུས་ཤུགས་ཡོད་རྒུས་བཟོ་སྐྲུན་ལས་རིགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་།ནུས་རྒྱུ་གསར་བའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བར་ཆ་འགྲིག་དང་འདེགས་སྐྱོར་ཡག་པོ་བྱ་དགོས།   གཉིས་ནི་དམིགས་སུ་བཀར་ནས་གླིང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་དམ་འཛིན་བྱེད་དགོསསྤྱི་ཡོངས་ནས་འཆར་འགོད་དང་རིམ་ལྡན་སྐུལ་སྤེལ།  ནུས་ཤུགས་གཅིག་སྡུད།   འགག་གནད་སྒྲོལ་བཁྲིད་སྟོན་ལུགས་མཐུན།ཕྱོགས་མང་ནས་མ་དངུལ་གཏོང་བབཅས་ཀྱི་བསམ་ཕྱོགས་གཞིར་བཟུང་ནས།  ཐབས་ལམ་མང་པོའི་ཐོག་ནས་མ་དངུལ་གྲབས་གསོག་བྱས་ཏེ་བྱེད་ཐབས་མང་བའི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་།ནུས་ཤུགས་ཡོད་རྒུས་ གླིང་ཁུལ་གྱི་ཆུ་གློག་ལམ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་སྡེབ་སྒྲིག་གི་ཆུ་ཚད་མཐོ་རུ་བཏང་ནས།   འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེད་དུ་རྨང་གཞིའི་འདེགས་སྐྱོར་ནུས་ལྡན་ཞིག་མཁོ་འདོན་བྱ་དགོས།གླིང་ཁུལ་གྱི་གཙོ་གནད་རྨང་གཞིའི་སྒྲིག་བཀོད་ལས་གཞི60ལག་བསྟར་བྱས་ཏེ་མ་འཇོག་སྒོར་དུང་ཕྱུར30ལེགས་འགྲུབ་བྱུང་དགོས།  གླིང་ཁུལ་གྱི་ཆུ་མཁོ་འདོན་དང་ཆུ་འབུད་ཐད་ནས།ཁུ་ནུའི་བཟོ་ལས་སྤྱོད་ཆུ་མཁོ་འདོན་བཟོ་སྐྲུནའི་ཐོན་ལས་རྟེན་གཞི་དང་མྱ་ངམ་ལམ་གྱི་ཆུ་འདོན་བཟོ་སྐྲུན། ནུ་མོ་ཧུང་འཕང་འབྲས་ཐོན་ལས་གླིང་ཁུལ་གྱི་ཆུ་འབུདབཟོ་སྐྲུན་སོགས་ཀྱི་ལས་གཞི་གལ་ཆེན་གཙོ་གནད་དུ་བཟུང་ནས་སྐུལ་སྤེལ་བྱེད་པ་དང་།  གླིང་ཁུལ་གྱི་ཁེ་ལས་ཀྱི་ཆུ་སྤྱོད་དང་བཙོག་ཆུ་ཕྱིར་འབུད་སོགས་ཀྱི་གནད་དོན་སྔར་ས་ཐག་གཅོད་བྱ་དགོས།   གློག་མཁོ་འདོན་སྒྲིག་བཀོད་ཐད་ནསནུབ་སྟེགས330KVཅན་གྱི་གློག་སྐྱེལ་གློག་སྒྱུར་དང་གཤའ་ལྕགས་རི་བོའི330KVཅན་གྱི་ ཕྱོགས་སྡུད་ས་ཚུགས་10KVཡིབསྐྱར་སྐྲུན་རྒྱས་སྐྲུན་དང་།ཁྲ་ཧན་ནུའོ་སོལ་འགྱུར་བཟོ་ལས་གླིང་ཁུལ་གྱི110KVཡི་ཟུང་ལོག་རྒྱུགས་ལམ་གློག་མཁོ་འདོན་སོགས་ཀྱི་ལས་གཞི་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས་་སྐུལ་འདེད་བྱེད་པ་དང་། གླིང་ཁུལ་གྱི་གློག་ཤུགས་ནང་འཇུག་དང་ཕྱིར་འདོན་གྱི་ལམ་འཛུགས་སྐྱོང་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས།  གླིང་ཁུལ་གྱི་བགྲོད་ལམ་ཐད་ནས།  ན་གོར་མོའི་བཟོ་ལས་གླིང་གི་བགྲོད་ལམ་8སྒྱུར་སྐྲུན་དང་གཏེར་ལེན་ཁ་བཟོ་ལས་གླིང་གི་ནུབ་ཀྱི་འབུད་སྒོའི་འོད་ཤུགས་ཚ་འོད་ཐོན་ལས་ཁུལ་གྱི་གསེར་འོད་ལམ་ཆེན།  ཚྭ་འདམ་ཆེ་བའི་བཟོ་ལས་གླིང་གི་ཅི་ལི་རྫས་འགྱུར་བཟོ་ལས་ནས་དབྱིན་མའགག་གླིང་ཁུལ་གྱི་འཕྲེད་ཨང་དགུ་བའི་བགྲོད་ལམ་འབྲེལ་མཐུད་བྱེད་པ་སོགས་ཀྱི་ལས་གཞི་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས་སྐུལ་སྤེལ་བྱས་ཏེ།གླིང་ཁུལ་ལམ་དྲའི་སྒྲོམ་གཞི་སྔར་བས་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་དགོས།ཁོར་ཡུག་སྲུང་སྐྱོང་སྒྲིག་བཀོད་ཐད་ནས།  ན་གོར་མོའི་བཟོ་ལས་གླིང་གི་སྙིགས་རོ་བདེ་འཇགས་གཙང་འདྲེན་ཐག་གཅོད་དང་ལྕི་བའི་ལྕགས་རིགས་ཀྱི་འཕྲལ་སྡོམ་དང་ལྟ་སྐུལ་ཚོད་འཛིན་མ་ལག།  དབུས་ལམ་བཟོ་ལས་གླིང་ཁུལ་གྱི་བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་ཐག་གཅོད་ར་བ་སོགས་ཀྱི་ལས་གཞི་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས་སྐུལ་འདེད་བྱས་ཏེ།  ཁྱོན་ཡོངས་ནས་གླིང་ཁུལ་གྱི་སྦགས་བཙོག་དངོས་པོ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་དགོས།

བཞིསྟོབས་ཤུགས་ཡོད་རྒུས་གསར་གཏོད་ཀྱི་སྦས་ཤུགས་ཕྱིར་གཏོང་བ་དང་། ཐོན་ལས་ཀྱི་རྣམ་པ་སྒྱུར་བ་དང་རིམ་སྤོར་བྱེད་པར་མགྱོགས་མྱུར་སྒོས་སྐུལ་འདེད་བྱ་དགོས།གཅིག་ནི་སྲོལ་རྒྱུན་གྱི་དགེ་མཚན་ལྡན་པའི་ཐོན་ལས་སྒྱུར་བཀོད་ཀྱི་རིམ་སྤར་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།ཆུ་ལུད་ཞུ་བ་དང་ལྕགས་རིགས་ནཱ། པོན་སྐྱུར་མའེ་བདར་གཟུགས་སོགས་མཐོ་སྣེའི་རྫས་འགྱུར་བཟོ་ལས་ཐོན་རྫས་སོགས་གཙོ་གནད་དུ་བཟུང་ནས་གསར་སྤེལ་བྱས་ཏེ།ལྕགས་རིགས་མའེ་གཞི་གཅིག་ཅན་སོགས་ཀྱི་ལས་གཞི་བསྐྲུན་པར་བྱ་དགོས།སོལ་བཟོས་ཞཱི་ན་དང་གསེར་གྱི་ཐོན་ལས་གླིང་སོགས་ལས་གཞི་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱ་དགོས།PXདང་གདུབ་དབྱང་ཁིལ་ག་ཝོན་སོགས་ཐོན་ལས་མུ་སྣུར་བསྲིང་ལས་གཞི་ལ་ཇུས་འགོད་བྱས་ཏེ་སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤོར་དང་སྨད་རྒྱུད་ཀྱི་མ་ལག་འཐུས་ཚང་ཐོན་ལས་མུ་ཡི་སྣུར་བསྲིང་བྱེད་པར་སྐུལ་འདེད་བྱ་དགོས།གཉིས་ནི་སྟོང་ཝཱ་བྱེ་བ་རིམ་པའི་ནུས་ཁུངས་ཐོན་ལས་གསར་བའི་ཁྱུ་ཚོགས་གོང་འཕེལ་དུ་གཏོང་བར་སྐུལ་འདེད་ཤུགས་ཆེན་བྱ་དགོས།རྒྱལ་ཁབ་ཀྱི་ནུས་ཁུངས་གསར་བའི་ཐོན་ལས་གོང་འཕེལ་གཏོང་ཕྱོགས་ཀྱི་སྲིད་ཇུས་ལ་ཞིབ་འཇུག་ནན་ཏན་བྱས་ཏེ་རྒྱལ་ཁབ་ཀྱི་ནུས་ཁུངས་གསར་བའི་ཤོང་ཚད་བགོ་བྱའི་འབོར་གྲངས་ལ་བརྩོན་ལེན་ཧུར་ཐག་བྱ་དགོས།ཁྱོན་ཡོངས་ནས་རྒྱལ་ཁབ་ཀྱི་ཁག་གཉིས་པའི་འོད་ནུས་དཔེ་སྟོན་གྱི་གློག་འདོན་ས་ཚིགས་འཛུགས་པ་དང་།ལུའུ་ནེང་ཚོགས་པའི་ནུས་མང་ཕན་ཚུན་ཁ་གསབ་ལེགས་བསྡུས་བཟང་སྒྲིག་དཔེ་སྟོན་ལས་གཞི་དང་ན་གོར་མོའི་ཀྲའོ་ཝ250འོད་ཤུགས་གློག་འདོན་ལས་གཞི་དམ་འཛིན་བྱེད་དགོས་པ་དང་། སྟོང་ཧྥུའུ750ཡི་ཕྲེང་བ་གསབ་སྤོར་གྱི་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བར་བྱས་ཏེ་ལོའི་ནང་གློག་འདོན་ས་ཚིགས་འཛུགས་པ་དང་བདེ་འཇགས་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱ་དགོས།ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་ཐཱན་མེད་དྭངས་གཙང་ནུས་ཁུངས་ཀྱི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་ན་གོཪ་མོ་དང་།གཏེར་ལེན་ཁའིསྣེ་ཁྲིད་མཁནསྔོན་ཐོན་ལག་རྩལ་གྱི་འོད་ཧྥུའུ་གློག་འདོན་དཔེ་སྟོན་རྟེན་གཞིའི་འཛུགས་སྐྲུན་གྱི་འགོ་རྩོམ་དགོས་པ་དང་།ནུས་ཁུངས་གསར་བའི་ལྷུ་ལག་ཆ་ཚང་ཐོན་ལས་མུ་མཐུད་དུ་བསྐྲུན་དགོས་པ།རའེ་ཅིན་ལས་རིམ་གཉིས་པའི་ལོའི་ཐོན་ཀྲའོ་ཝ100ཅན་གྱི་ཟིན་པ་ཕུང་དང་ཨད་ནིན་སེན་གྱི་ལས་རིམ་དང་པོའི་ཚྭ་གསོག་བཞུས་ཚྭའི་ཏུན་ཁྲི30དང་།ཧྲེན་ཀྲེན་ཐའོ་སྡེ་ཚོགས་ཀྱི་འོད་ཧྥུའུ་ལྷུ་ལག་སོགས་ཀྱི་ལས་གཞི་འཛུགས་སྐྲུན་མགྱོགས་མྱུར་སྒོས་སྤེལ་དགོས།གསུམ་ནི་སྒོར་དུང་ཕྱུར་སྟོང་ཅན་གྱི་ལཱིས་ཐོན་ལས་ཀྱི་ཁྱུ་ཚོགས་གོང་འཕེལ་གཏོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།ཚྭ་མཚོའི་ཐོན་ཁུངས་ལ་བརྟེན་ནས་ལིས་འགྱུར་ནཱ་དང་ལིན་སྐྱུར་ལྕགས་ལཱིས་སོགས་མཐོ་སྣེའི་རྫས་འགྱུར་ཐོན་རྫས་གཙོ་གནད་དུ་གསར་སྤེལ་བྱ་དགོས།ཚྭ་མཚེའུ་ནས་ལིས་འདོན་པའི་ལག་རྩལ་མཉམ་འབྲེལ་འགག་སྒྲོལ་དང་ཚན་རྩལ་གྱི་གྲུབ་འབྲས་དངོས་བསྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས།ལྕགས་རིགས་ལཱིས་དང་ལཱིས་གློག་རྒྱུ་གསུམ་ཕོ་སྣེའི་རྒྱུ་ཆ་སོགས་ལས་གཞི་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བྱ་དགོས།ལི་ཕིང་ཚྭ་མཚོའི་ལཱིས་གཏེར་དང་ཞིས་ཐའེ་ཅིས་ནའེ་མཚེའུ་ལིས་གཏེར་སོགས་ཁེ་ལས་ལ་གང་མགྱོགས་སྒོས་གསར་སྤེལ་དང་འཛུགས་སྐྲུན་བྱེད་པའི་སྐུལ་མ་གཏོང་དགོས།བཞི་ནི་སྒོར་དུང་ཕྱུར་སྟོང་གི་རྒྱུ་ཆ་གསར་བའི་ཐོན་ལས་མང་པོ་མཉམ་འདུས་སུ་གོང་འཕེལ་གཏོང་རྒྱུའི་ཐད་ལ་སྐུལ་འདེད་གཏོང་དགོས།གཏེར་ཁའི་ཐོན་ཁུངས་ལ་དམིགས་ཏེ་ལས་སྣོན་ཞིབ་ཚགས་དང་། ཐོན་ལས་ཀྱི་འབྲེལ་ཐག་སྣུར་སྲིང་།ཐོན་ལས་ཀྱི་རིམ་པ་གོང་འཕར་བྱེད་པ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་བ་སོགས་གཙོར་འཛིན་དགོས།པུན་འདུས་མུ་ཟི་དང་རྣོ་ངར་མཐོ་བའི་མཱའེ་འདྲེས་ལྕགས་ཀྱི་རྒྱུ་ཆ་སོགས་ཀྱི་ལས་གཞི་ལ་སྐུལ་འདེད་བྱས་ཏེ། ལྕགས་རིགས་མའེའེ་དང་མའེའི་འུད་ལྕགས་རིགས། སྐྱེ་མེད་ལྕགས་རིགས་མིན་པའི་འདུས་འདྲེས་གཟུགས་ཀྱི་བྱེད་ནུས་སོགས་ཀྱི་རྒྱུ་ཆ་གསར་བའི་ཐོན་ལས་རྒྱ་ཆེར་གསོ་སྐྱོང་བྱ་དགོས།ལྔ་ནི་ཤུགས་ཆེན་པོས་ཏུན་བྱེ་བ་རིམ་པའི་མ་བཅོས་རྡོ་སྣུམ་གསོག་འཇོག་དང་། སྣུམ་རླངས་རྫས་འགྱུར་བཟོ་ལས་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་ཡོང་བར་བྱ་དགོས།ཏུན་བྱེ་བ་རིམ་པའི་སྣུམ་འདོན་དང་ནུས་ཁུངས་གྲབས་གསོག བྲག་སྣུམ་དང་རྡོ་གཡམ་སོལ་རླངས་གསར་སྤེལ་སོགས་ཀྱི་ལས་གཞི་ལ་ཇུས་འགོད་དང་། སྣུམ་རླངས་རྩད་ཞིབ་དང་ཐོན་ཁུངས་འཛུགས་སྐྲུན་ལ་མ་དངུལ་གཏོང་པའི་ཤུགས་ཆེ་རུ་བཏང་སྟེ།ཀྲུང་གོ་དང་ཧ་སག་སི་ཐན་གྱི་རྡོ་སྣུམ་སྦུག་གུ་ན་གོར་མོ་རུ་སྣུར་སྲིང་བྱེད་པའི་བྱ་བར་སྐུལ་འདེད་བྱ་དགོས།དྲུག་ནི་སྒོར་དུང་ཕྱུར་སྟོང་ཅན་གྱི་ཁྱད་ལྡན་སྐྱེ་དངོས་ཐོན་ལས་འདུས་འཕེལ་ཡོང་བར་སྐུལ་འདེད་ཤུགས་ཆེན་བྱ་དགོས།ཚྭ་འདམ་གཞོང་ལྷད་མེད་ཐོན་ལས་གླིང་དང་གཏེར་ལམ་ནའོ་མོ་ཧུང་འཕང་འབྲས་ཐོན་ལས་གླིང་གི་འཛུགས་སྐྲུན་ལ་བརྟེན་ནས་འཕང་འབྲས་ཕབས་རྩི་དང་།འཕང་འབྲས་འབྲུ་གུའི་སྣུམ་སོགས་ཀྱི་ལས་གཞི་ལ་སྐུལ་འདེད་བྱས་ཏེ། འཕང་འབྲས་ལས་སྣོན་ཞིབ་ཚགས་ཅན་གྱི་ཐོན་ལས་མུ་བསྐྲུན་དགོས།ཤིང་ཏོག་དང་སྔོ་ཚལ་ཐོན་ལས་འཛུགས་སྐྱོང་གི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་མུའུ་ཁྲི་ཅན་གྱི་ཤིང་ཏོག་དང་སྔོ་ཚལ་རྟེན་གཞིའི་ལས་གཞི་འཛུགས་སྐྲུན་བྱ་དགོས། ས་མཐོའི་འབྲི་གཡག་དང་བོད་ལུག་སོགས་སྐྱེ་ཁམས་འབྲོག་ལས་གསོ་སྤེལ་དང་།ལས་སྣོན་ཞིབ་ཚགས་ཅན་གྱི་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་ཏེ། རྒྱལ་ཡོངས་ཀྱི་རྩྭ་ཐང་སྐྱེ་ཁམས་འབྲོག་ལས་ཚོད་ལྟ་ཁུལ་བསྐྲུན་དགོས།ཞིང་ཕྱུགས་ལས་དང་བཟོ་ལས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ།  གཅིག་རྗེས་གཉིས་མཐུད་ཀྱི”ཐོན་ལས་མུ་དང་རིན་ཐང་མུ་ཞིག་བསྐྲུན་དགོས།བདུན་ནི་རིག་གནས་སྤྲོ་གསེང་དང་བདེ་ཐང་རྒན་གསོ། བཟའ་འཐུང་ཞག་སྡོད་སོགས་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ།འཕེལ་རྒྱས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་གཙོར་འཛིན་པ་དང་། ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཁྲོད་ཀྱི་སྐྱོན་ཆ་ལ་ལེགས་བཅོས་དང་།ཞབས་ཞུའི་ཆུ་ཚད་རིམ་སྤོར་བྱེད་པར་སྐུལ་འདེད་བྱ་དགོས། ཤུགས་ཆེན་པོས་འགྲེམ་ཚོགས་བྱེད་པ་འཕེལ་རྒྱས་སུ་བཏང་སྟེ།མཚོ་ནུབ་ཀྱི་རྒྱལ་སྤྱིའི་འགྲེམ་ཚོགས་ལྟེ་གནས་དང་ཉི་ནུས་འོད་ཧྥུ་འགྲེམ་སྟོན་ཁང་སོགས་ཀྱི་ལས་གཞི་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱ་དགོས།

ལྔམཐུན་སྦྱོར་དང་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་ནས།དཔལ་འབྱོར་རྒྱུན་མཐུད་བརྟན་བརླིང་ངང་འཕེལ་རྒྱས་ཡོང་བར་བྱ་དགོས། གཅིག་ནི་བཟོ་ལས་ཀྱི་གྲངས་ཚད་བརྟན་བརླིང་ངང་འཕར་སྣོན་ཡོང་བའི་རྨང་གཞི་ལེགས་པོར་བསྒྲུབ་དགོས།དངོས་གཉེར་དཔལ་འབྱོར་གྱི་སྲིད་ཇུས་དང་བྱེད་ཐབས་དར་རྒྱས་གཏོང་བ་དོན་འཁྱོལ་དང་། དུས་ཐོག་ཏུ་རོགས་སྐྱོར་ལས་གཞིའི་མ་དངུལ་སྟེར་བར་འབྲེལ་མཐུད་བྱས་ཏེ།དངོས་གཉེར་དཔལ་འབྱོར་གྱི་གོང་འཕེལ་དར་རྒྱས་ལ་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས།དཔལ་འབྱོར་མར་ཆགས་པའི་གནོན་ཤུགས་ཀྱི་ལེགས་ཆ་མིན་པ་དེ་གྲུབ་ཚུལ་ལེགས་འགྱུར་དང་། འགུལ་ནུས་ལེགས་འགྱུར།རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་སུ་བསྒྱུར་ནས། སྲོལ་རྒྱུན་གྱི་ཐོན་ལས་དང་ལག་རྩལ་གསར་བ། ཐོན་ལས་གསར་བ། ལས་རྣམ་གསར་བ། བྱེད་སྟངས་གསར་བ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བྱ་དགོས་པ་དང་།སྲོལ་རྒྱུན་ཐོན་ལས་ཀྱི་ལས་སྐྲུན་ཐེངས་གཉིས་པརསྐུལ་འདེད་དང་། གསར་དར་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་།ཞབས་ཞུའི་ལས་རིགས་ཀྱི་འཕེལ་ཕྱོགས་སྒྱུར་བ་དང་རིམ་སྤོར་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས།གཉིས་ནི་བཟོ་ལས་འཁོར་སྐྱོད་ཕྱོགས་བསྡུས་མཐུན་སྦྱོར་ལ་ཤུགས་སྣོན་བྱ་དགོས། ཁུལ་གྱི་ལྗིད་ལྔལས་དོན་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་ཞབས་ཞུའི་ཨུ་ཡོན་ལྷན་ཁང་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས།ཡུལ་དངོས་ནས་འཁོར་སྐྱོད་དང་། འཐབ་ས་དང་པོའི་འཁོར་སྐྱོད། གློག་རྡུལ་འཁོར་སྐྱོད་བྱེད་པ་མངོན་འགྱུར་བྱུང་ནས།ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ཁེ་ལས་སོ་སོས་མཉམ་སྒྲུབ་དམ་ཟབ་བྱེད་པའི་འཁོར་སྐྱོད་ཀྱི་སྒྲིག་གཞི་ལ་སྙོམས་སྒྲིག་བྱེད་པ་མངོན་འགྱུར་འབྱུང་དགོས་པ་དང་།ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ནས་ཉེན་བརྡ་གཏོང་བ། རོགས་སྐྱོར་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་།དཔལ་འབྱོར་གྱི་འཁོར་སྐྱོད་འཚམ་པོ་ངང་སྙོམས་སྒྲིག་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། སྲིད་ཇུས་དང་བྱེད་ཐབས་ཁག་རྟན་བརླིང་ངང་འཕར་བར་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་།སྒོར་དུང་ཕྱུར་གཅིག་ཅན་གྱི་འཕར་སྣོན་འགན་ལེན་གྱི་ཆེད་སྤྱོད་མ་དངུལ་མུ་མཐུད་དུ་བཙུགས་ཏེ།བཟོ་ལས་དཔལ་འབྱོར་དང་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་བརྟན་བརླིང་ངང་འཕར་བར་ཁག་ཐེག་བྱ་དགོས།“འཐབ་ས་དང་པོའི་ལས་དོན་སྤེལ་ཐབསདང་དམིགས་བསལ་བྱ་བ་དམིགས་བསལ་དུ་བསྒྲུབ་རྒྱུའིལམ་སྲོལ་ལག་བསྟར་བྱས་ཏེ་ཁེ་ལས་ལ་དཀའ་ངལ་སེལ་རོགས་བྱ་དགོས། “ཁེ་ལས་གཅིག་ལ་སྲིད་ཇུས་གཅིགབཅས་ཀྱི་ཞབས་ཞུའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ།  ཁེ་ལས་ཀྱི་ཐོན་ནུས་གློད་འགྲོལ་གཏོང་བར་སྣེ་ཁྲིད་བྱ་དགོས།བསྡོམས་རྩིས་ཀྱི་ལས་དོན་རང་འགུལ་སྒོས་དཔལ་འབྱོར་འཕེལ་ཕྱོགས་ཀྱི་འགྱུར་ལྡོག་དང་འཚམ་པར་བྱེད་དགོས་པ་དང་།དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་ཞབས་འདེགས་ཞུ་བའི་ཆར་བརྟག་ཡོ་བྱད་དང་ཚད་འཇལ་དཔྱད་ཆས།སྟོན་ཆས་དང་ཕྱོགས་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། ངེས་པ་དོན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་སྙོམས་སྒྲིག་ཞབས་ཞུ་ལ་བསྡོམས་རྩིས་ཀྱི་མཁོ་འདོན་འགན་སྲུང་བྱ་དགོས།གསུམ་ནི་གོང་འོག་ཐོན་ལས་ཀྱི་མཐུད་སྦྲེལ་ལ་ཤུགས་སྣོན་རྒྱག་དགོས། དངུལ་གཏོང་མཁན་གཙོ་བོ་དང་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་སྦྲེལ་མཐུད།སྟོད་སྨད་ཐོན་ལས་མུ་བར་གྱི་ཐོན་རྫས་ཀྱི་འབྲེལ་མཐུད། གཙོ་གནད་ལས་གཞི་འཛུགས་སྐྲུན་རྒྱུ་ཆའི་མཁོ་འདོན་གྱི་འབྲེལ་མཐུད་ལ་དམིགས་ཏེ།ཐོན་རྫས་རང་སར་ནས་བཀོལ་སྤྱོད་བྱེད་ཚར་བའི་ནུས་པ་ཆེ་རུ་གཏོང་དགོས། ཅཱ་ལུད་དང་བུལ་རྐྱང་།ཨར་འདམ། རྡོ་སོལ་བསྲེགས་མ། འཛུགས་སྐྲུན་རྒྱུ་ཆ་སོགས་ཀྱི་ཐོན་རྫས་ཕྱིར་འཚོང་མཐུད་འབྲེལ་བྱེད་པ་དམ་འཛིན་དང་།གློག་བེད་སྤྱོད་བྱེད་པའི་ཁེ་ལས་དང་གློག་འདོན་ཁེ་ལས་བར་གྱི་མཐུད་འབྲེལ་བྱ་རྒྱུར་གྱི་ཤུགས་ཆེ་རུ་གཏོང་བ་དང་།ཁུལ་ཕྱི་ནང་གི་ཁེ་ལས་ཀྱིས་ཕན་ཚུན་གྱི་ཐོན་རྫས་བེད་སྤྱོད་དང་མཉམ་དུ་ཧུར་བརྩོན་བྱེད་པར་ཁྲིད་སྟོན་བྱས་ཏེ།འབྲེལ་མཐུད་བྱེད་པའི་དངུལ་གྲངས་སྒོར་དུང་ཕྱུར300བརྒལ་བར་བྱེད་པ་བརྩོན་ལེན་བྱ་དགོས།བཞི་ནི་དཔལ་འབྱོར་འཕར་གཞི་གསར་་གསོ་སྐྱོང་བྱ་དགོས། ཚད་གཞི་དམའ་རུ་གཏོང་བ་དང་ཤར་འགྲོ་ཤར་གཏོང་བྱེད་དུ་འཇུག་པ། སྲིད་ཇུས་ཇེ་ཡངས་སུ་གཏོང་བ།  ཁྱབ་ཁོངས་ཀྱི་རྒྱ་ཆེ་རུ་གཏོང་བར་བྱས་ཏེ། ཁེ་ལས་ལ་ཞབས་ཞུའི་བྱེད་པའི་བྱ་བ་ཏན་ཏིག་ངང་ལེགས་པོར་སྒྲུབ་དགོས།“མི་དམངས་ལ་རོགས་སྐྱོརབྱེད་པའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་འཐུས་ཚང་དུ་བཏང་ནས་མུ་མཐུད་དུ་དུང་ཕྱུར་བརྒྱ་ཟིན་པའི་ཁེ་ལས་སྐྱེད་སྲིང་བྱེད་པའི་འགུལ་སྐྱོད་ཀྱི་འཆར་གཞི་དང་།ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་ཁེ་ལས་སྟོང་ལྷག་སྐྱེད་སྲིང་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ།ཁེ་ལས་ལ་རོགས་འདེགས་བྱས་ནས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།མཚོ་སྔོན་ཅིན་ཐའེ་དང་གཏེར་ལེན་ཁའི་ཀྲིན་ཧུག་རང་བྱུང་སོལ་རླངས། མཚོ་སྔོན་ཧྭ་ཞིན་ཐཱི་མཱིན་ཚན་རྩལ།མཚོ་ནུབ་ཧྭ་ཧེས། པེ་ཁུང་ལྗང་ཐོན་ནུས་ཁུངས་གསར་བའི་ཁེ་ལས5 “ ལེབ་གསུམ་གསར་བའིཚོང་རར་བཀྲམ་པའི་བྱ་བར་བརྗེས་སྙེག་ཞབས་ཞུ་ཡག་པོ་བྱ་དགོས།ཁེ་ལས་འབྲིང་ཆུང་གི་ཞབས་ཞུའི་སྟེགས་བུའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་།ལོ་འདིའི་ནང་ཁེ་ལས25སྐྱེད་སྲིང་བྱ་དགོས།

(དྲུག) ནུས་ཤུགས་ཡོད་རྒུས་ལྷད་མེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱུན་མཐུད་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་དགོས།གཅིག་ནི་ཏན་ཏིག་གིས་སྐྱེ་ཁམས་ལས་གཞིའི་འཛུགས་སྐྲུན་སྤེལ་དགོས། ཤུགས་ཆེན་པོས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་སླར་གསོ་བྱེད་པར་ཤུགས་སྣོན་བྱས་ཏེ་ཚྭ་འདམ་གྱིགནམ་སྔོན་པོ་དང་ཆུ་གཙང་། དག་ཞིང་དང་བསྐྱར་ལྗངབཞིའི་སྐྱེ་ཁམས་སླར་གསོ་བཅོས་སྒྲིག་བྱེད་པའི་བྱ་འགུལ་གྱི་བྱེད་འགོ་རྩོམ་དགོས།གཙོ་གནད་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཁོངས་ལ་དམིགས་ནས་རྒྱལ་ཁབ་ཀྱི་གཙོ་གནད་སྤྱི་ཕན་ནགས་ཚལ་གྱི་སྲུང་སྐྱོང་དང་འདམ་ས་སྲུང་སྐྱོང་།ཉམས་གསོ་བྱེད་པ་སོགས་ཀྱི་སྐྱེ་ཁམས་ལས་གཞི་གལ་ཆེན་ལག་བསྟར་བྱས་ཏེ། ཕྱུགས་བསྐྱུར་རྩྭ་འདེབས་དང་རྨོ་བསྐྱུར་ནགས།བྱང་གསུམ་འགོག་སྲུང་དང་མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོང་། འཛུགས་སྐྲུན་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི།བྱེ་འགྱུར་ས་ཆ་སྲུང་སྐྱོང་། གཙོ་གནད་ས་ཁོངས་སྔོ་ལྗང་ཅན་དུ་བསྒྱུར་བ། རང་བྱུང་སྲུང་སྐྱོང་ཁུལ་གྱི་ནུས་པ་འཛུགས་སྐྲུན་སོགས་ཀྱི་ཆེད་དོན་ལས་གཞི་ལ་སྐུལ་འདེད་གཏོང་དགོས་པ་དང་།ཚྭ་འདམ་སྐྱེ་ཁམས་མ་ལག་འཁོར་རྒྱུག་བཟང་པོར་སྲུང་སྐྱོང་བྱ་དགོས། མུ་མཐུད་དུ་མེ་རུ་གཏེར་ཁུལ་གྱི་སྐྱེ་ཁམས་སླར་གསོའི་ལས་གཞི་ལ་སྐུལ་འདེད་བྱས་ཏེ་སྔ་མོ་ནས་ལས་འགོ་བསྐྱར་ཚུགས་ཐོན་སྐྱེད་བྱེད་པར་བརྩོན་ལེན་བྱ་དགོས།གཉིས་ནི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས།ཅུང་འཐུས་ཚང་བའི་མཁའ་དབུགས་དང་ས་སྟེང་གི་ཆུ། ས་རྒྱུ། སྒྲའི་ཁོར་ཡུག་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་བཙུགས་ཏེ་ཁོར་ཡུག་ལ་རང་འགུལ་གྱིས་ལྟ་ཞིབ་ཚད་ལེན་བྱེད་པ་དམ་པོར་འཛིན་དགོས།རྫོང་རིམ་པ་ཡན་དུ་ཁེབས་པའི་ཡོད་ཚད་གཅིག་བསྡུས་རྣམ་པའི་བཏུང་ཆུའི་འགོ་ཁུངས་ཀྱི་ཆུའི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་དགོས་པ་དང་།ཞིང་རྨོ་བ་དང་བཏུང་ཆུའི་ཆུ་འགོ་གཙོར་བཞག་སྟེ། ས་ཞིང་བེད་སྤྱོད་ཀྱི་རིགས་དབྱིབས་གཞན་དག་དང་གཙོ་གནད་ས་ཁོངས་ཀྱི་ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱེད་པ་ཀྱང་གཙོར་བཟུང་དགོས།རླུང་ཁམས་ཆེན་པོ་དང་ཆུ། ས་རྒྱུའི་སྦགས་བཙོག་འགོག་བཅོས་ལས་དོན་གྱི་མ་ལག་འཐུས་ཚང་དུ་བཏང་ནས་བཟོ་ལས་ཁུངས་སྦགས་བཙོག་དང་གྲོང་ཁྱེར་གྱི་ཐལ་རྡུལ་སློང་བའི་སྦགས་བཙོག་བཅོས་སྐྱོང་བྱེད་པར་ཤུགས་སྣོན་དང་།ཚྭ་འདམ་སྐམ་སའི་ཆུ་རྒྱུན་དང་རང་བྱུང་མཚེའུ་ལ་སྲུང་སྐྱོང་བྱེད་པའི་ཤུགས་ཆེ་རུ་གཏོང་དགོས་པ་དང་།རླངས་ཨན་གཤེར་རོ་དང་རྡོ་བལ་གྱི་ཐལ་རྡུལ། འབྲེལ་ལྕགས་རིགས་ལྗིད་གྲས་ཀྱི་སྦགས་བཙོག་བཅོས་སྐྱོང་ལ་ཤུགས་སྣོན་བྱ་དགོས།གསུམ་ནི་ལྷད་མེད་དང་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་བྱ་དགོས། “སྙིགས་རོ་གསུམབཅོས་སྐྱོང་བྱེད་པའི་ཤུགས་ཆེ་རུ་གཏོང་བ་དང་། མེ། གློག རྡོ་སྣུམ་དང་ཨར་འདམ་ལས་རིགས་ཀྱི་ལག་རྩལ་བསྒྱུར་བཀོད་དང་ཐོན་སྐྱེད་གཙང་མབྱེད་པ་དམ་འཛིན་བྱས་ཏེ།སྦགས་དངོས་གཙོ་བོ་ཕྱིར་གཏོང་བྱེད་པའི་དམིགས་ཚད་དང་ཐོན་པར་སྐུལ་འདེད་བྱ་དགོས། བཟོ་ལས་ཀྱི་བཙོག་ཆུ་དང་སྙིགས་རོ་ཐག་གཅོད་བྱེད་སའི་འཛུགས་སྐྲུན་དང་འཁོར་སྐྱོད་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏང་ནས་བཙོག་འབུད་བྱེད་པའི་ཕན་འབྲས་མངོན་པར་བྱ་དགོས།རྒྱལ་ཁབ་དང་ཞིང་ཆེན། ཁུལ་གྱིས་བཏོན་པའི་ནུས་ཁུངས་གྲོན་ཆུང་གི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེཁེ་ལས་ཁྲི་ཕྲག་གི་ནུས་སྲི་ཐཱན་དམའ་ལས་འགུལདང་ནུས་སྲི་སྙིགས་འཕྲི་ཚན་རྩལ་བྱ་འགུལལག་བསྟར་ཡག་པོ་བྱེད་དགོས་པ་དང་། ལས་གཞི་དཔྱད་འདེམས་ཐུབ་པའི་སྔོན་འགྲོ་ཆ་རྐྱེན་ནན་གྱིས་སྲུང་ནས་སྒོར་ཁྲི་ཚོGDPཟད་གྲོན་དང་གཞི་རྒྱ་ཆེ་བའི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་གི་ནུས་ཁུངས་ཟད་གྲོན་རིམ་བཞིན་མར་ཆག་པར་ཁག་ཐེག་བྱ་དགོས། མྱུར་དུ་ཁུལ་ཡོངས་ཀྱི་བཟོ་ལས་ཁེ་ལས་ལནུས་ཁུངས་དོ་དམ་གན་རྒྱའིབྱེད་སྟངས་གསར་བ་དང་ནང་རྐྱེན་གསར་བ་ཁྱབ་གདལ་དུ་གཏང་སྟེ། ནུས་ཁུངས་གྲོན་ཆུང་གི་དམིགས་འབེན་དོ་དམ་རྒྱུན་ལྡན་ཅན་དང་ཚན་རིག་ཅན།ལམ་ལུགས་ཅན་དུ་འགྱུར་བར་ཁག་ཐེག་བྱ་དགོས།

(བདུན) གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་དང་།གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་སྙོམས་པོ་ཡོང་བར་ཤུགས་སྣོན་རྒྱག་དགོས། གཅིག་ནི་གྲོང་ཁྱེར་འཆར་འགོད་ཀྱི་འདུ་ཤེས་གསར་སྐྲུན་བྱེད་པ།གྲོང་ཁྱེར་འཛུགས་སྐྲུན་དེ་ཁྱབ་རྒྱ་ཆེར་བསྐྱེད་ནས་ནང་དོན་ཇེ་ལེགས་སུ་བསྒྱུར་བའི་འདུ་ཤེས་བརྟན་པོར་ཆགས་པ་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་ཁྱེར་གྱི་བར་སྟོང་སྒྲིག་གཞི་འཆར་འགོད་བྱེད་པ་དང་།ལུགས་མཐུན་གྱིས་གྲོང་ཁུལ་གསར་སྤེལ་གྱི་མཐའ་མཚམས་དབྱེ་འབྱེད་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་འཆར་འགོད་གཟབ་ནན་རང་བཞིན་དང་རྒྱུན་མཐུད་རང་བཞིན་ཡིན་པ་ཁག་ཐེག་བྱེད་དགོས།རིམ་པ་ཁག་དང་རིགས་ཁག་གི་འཆར་གཞི་གཅིག་གྱུར་དགོས་ལ་སྒོ་ཀུན་ནསསྒྲིག་མང་གཅིག་གྱུརཁྱབ་གདལ་གཏོང་བ་དང་། གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་དང་ས་ཞིང་བེད་སྤྱོད་འཆར་འགོད་འབྲེལ་མཐུད་དང་འཆར་འགོད་མང་པོ་མཐིལ་རིས་བརྩེགས་མཉམ་དང་གྲངས་གཞི་མཉམ་འདྲེས།སྲིད་ཇུས་སྡེབ་སྒྲིག་མངོན་འགྱུར་ཡོང་བ་བྱ་དགོས། ཁྱབ་ཁོངས་མང་བ་དང་རིམ་པ་མང་བའི་སྟོང་ཆ་འཆར་འགོད་ཀྱི་དོ་དམ་མ་ལག་འཛུགས་སྐྲུན་དང་།གྲོང་ཁྱེར་ཇུས་འགོད་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྤུས་ཀ་ཇེ་མཐོར་གཏོང་དགོས། གཉིས་ནི་མངོན་གསལ་དོད་པའི་གསར་དར་གྲོང་ཁྱེར་གསོ་སྐྱོང་བྱེད་པ།གསར་སྤེལ་ཁུལ་གྱི་འཕེལ་རྒྱས་དང་མཁར་རྙིང་བསྒྱུར་བཀོད་གཅིག་གྱུར་འཆར་འགོད་བྱེད་པ་དང་།ན་གོར་མོ་དང་གཏེར་ལེན་ཁ་གྲོང་ཁྱེར་གཉིས་ཁུལ་གསར་འཛུགས་སྐྲུན་བྱེད་པ་མུ་མཐུད་དུ་ཇེ་མགྱོགས་སུ་གཏོང་དགོས། ན་གོར་མོ་གྲོང་ཁྱེར་གྱི་བྱང་ལྔ་ལེབ་ཁུལ་བསྒྱུར་བཀོད་བཟོ་སྐྲུན་ལས་འགོ་རྩོམ་པ་དང་ཁྱོན་ཡོངས་ནས་གཏེར་ལེན་ཁ་གྲོང་ཁྱེར་གྱི་ཆུ་ནུབ་ལེབ་ཁུལ་བསྒྱུར་བཀོད་ཀྱི་ལས་འགན་ལེགས་འགྲུབ་འབྱུང་དགོས།བློ་གྲོས་གྲོང་ཁྱེར་དོ་དམ་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། གྲོང་ཁྱེར་དོ་དམ་རིག་ནུས་དོ་དམ་ཚོད་འཛིན་དང་སྤྱི་པའི་ཞབས་ཞུ།བབ་བསྟུན་ཐག་གཅོད་སོགས་བཀོལ་སྤྱོད་བྱེད་པའི་མ་ལག་འཛུགས་སྐྲུན་བྱེད་དགོས། སྤྱོད་གསུམ་ཨུ་ལྷན་སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་བཅོས་སྒྱུར་གང་མགྱོགས་ངང་སྤེལ་པ་དང་རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲེལ་མཐུད་མཐུན་སྦྱོར་ཡོང་བར་ཤུགས་སྣོན་རྒྱག་པ།རྒྱལ་ཁབ་ཀྱི་སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ལེགས་སྒྲིག་བྱེད་པའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་དུས་ཐོག་ཏུ་མིང་བརྗེ་བ་དང་སྲིད་འཛིན་ས་ཁོངས་དབྱེ་མཚམས་ལེགས་སྒྲིག་བྱེད་པ་སོགས་ཀྱི་ལས་དོན་སྤེལ་དགོས།གཏེར་ལམ་རྫོང་གི་རྫོང་ཁག་གྲོང་ཁྱེར་དུ་བསྒྱུར་བའི་ལས་དོན་འགོ་ཚུགས་དགོས།གསུམ་ནི་གྲོང་ཁྱེར་དོ་དམ་འཁོར་སྐྱོད་ལ་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་འཛུགས་སྐྲུན་གྱི་དོ་དམ་ལ་བཅོས་སྒྱུར་བྱེད་རྒྱུའི་བསམ་འཆར་དོན་འཁྱོལ་ནན་པོ་བྱས་ནས་གྲོང་ཁྱེར་དོ་དམ་སྒྲིག་སྲོལ་འཐུས་ཚང་གཏོང་བ་དང་།ཆ་འཕྲིན་ཅན་དང་རིག་སྟོབས་ཅན། དྲ་མིག་ཅན་དང་བློ་ཡུལ་ཅན། ཞིབ་ཕྲ་ཅན་གྱི་གྲོང་ཁྱེར་དོ་དམ་བྱེད་སྟངས་འཚོལ་ཞིབ་དང་འཛུགས་སྐྲུན་ཡོང་བ་བྱ་དགོས།རྒྱུན་མཐུད་ངང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལ་ཆེད་དོན་བཅོས་སྒྲིག་བྱས་ནས་ལོ་འཁོར་དཔྱད་བསྡུར་བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་འཛུགས་དགོས།གྲོང་ཁྱེར་དོ་དམ་གྱི་དཀའ་གནད་གཅོང་ནད་གཙོ་གནད་དུ་ཐག་གཅོད་བྱེད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུགབཙོག་པ། ཟིང་ཆ། ཞན་པའིསྣང་ཚུལ་ཕྱོགས་ཡོངས་ནས་ལེགས་བཅོས་གཏོང་བ། “འགྲམ་གསུམ་ཅན་གསུམ”(གྲོང་ཚོའི་འགྲམ་དང་ལམ་འགྲམ། ཆུ་འགྲམ་བཅས་སྔོ་ལྗང་ཅན་དང་གཙང་འགྱུར་ཅན།མཛེས་བཟོ་ཅནབཅོས་སྒྲིག་གི་བྱ་འགུལ་སྤེལ་བ་དང་རྒྱ་ཆེའི་མང་ཚོགས་ལ་ཞིབ་ཕྲའི་གྲོང་ཁྱེར་དོ་དམ་དང་སྤྱི་པའི་ཞབས་ཞུ་བཟང་པོ་འདོན་སྤྲོད་བྱེད་པ་དང་གཏེར་ལེན་ཁ་གྲོང་ཁྱེར་ནི་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།བཞི་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་ཚད་གོང་བུར་གཅིག་གྱུར་བཟོ་དགོས། ལོ་འདིར་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་མངོན་གསལ་ཡོང་བ་བྱས་ཏེ་གྲོང་གསེབ་ཀྱི་སྡོད་ཁང་གི་རྨང་གཞིའི་སྒྲིག་བཀོད་ཁྱོན་ཡོངས་ནས་ལེགས་བཅོས་བྱེད་དགོས།ས་འོག་གི་ཕྱོགས་བསྡུས་སྦུབས་ལམ་འཛུགས་སྐྲུན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཁུལ་གྱི་གནས་ཚུལ་དང་མཐུན་པའིའགྱིག་སོབ་གྲོང་ཁྱེརགྱི་འཆར་འགོད་ཇེ་མགྱོགས་སུ་གཏོང་དགོས། སྡོད་ཁང་འགན་ལེན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་སྤྱིལ་ཁྱིམ་ཁུལ3770བསྒྱུར་བཀོད་གཏོང་བ་ལག་བསྟར་བྱེད་པ།རྫོང་གསུམ་སྤྱོད་གསུམ་ཨུ་ལྷན་གྱི་སྤྱིལ་ཁྱིམ་མེད་པར་གཏོང་བར་མངོན་འགྱུར་གང་ལེགས་བྱེད་པ།མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཤང་གྲོང་འཛུགས་སྐྲུན་བྱས་ཏེ་གྲོང་ཚོ64མཐིལ་རྟོགས་གཙང་བཤེར་བྱས་ཏེ་ཞིང་ལས་གྲོང་ཚོ་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་ཡོང་བ་བྱ་དགོས།གསེར་ཉ་མཚེའུ་ཡི་མི་རིགས་ཡུལ་གོམས་གྲོང་རྡལ་དང་མིན་ཡེང་ཁུ་ནུ་ནུས་རྒྱུ་གསར་བའི་དཔེ་སྟོན་གྲོང་རྡལ། འ་ཞ་རྒྱལ་མཁརཔའེ་ལནརིག་གནས་གྲོང་རྡལ།གངས་རི་ཆུ་ཚན་གྲོང་རྡལ་སོགས་ཁྱད་ལྡན་ཐོན་ལས་ཀྱི་གྲོང་རྡལ15གང་མགྱོགས་ངང་འཛུགས་སྐྲུན་བྱ་དགོས།

བརྒྱདསྤྱི་ཚོགས་དྲང་བདེན་དང་འདྲ་མཉམ་ཡོང་བར་ཤུགས་སྣོན་རྒྱག་པ་དང་།དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱ་དགོས། གཅིག་ནི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས།སློབ་གསོའི་ཐོན་ཁུངས་སྤུས་དག་ནང་འདྲེན་བྱེད་པར་ཤུགས་སྣོན་བྱས་ནས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་དང་སློབ་གསོ་དོ་དམ་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ།གཞི་རྩའི་ཆ་ནས་རྨང་ཞན་བཅོས་བསྒྱུར་གྱི་ལས་འགན་ཕྱོགས་ཡོངས་ནས་འགྲུབ་དགོས། གཏེར་ལམ་རྫོང་དང་ཨོ་ལན་རྫོང་གཉིས་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་གཏོང་བའི་ཞིབ་བཤེར་རྩིས་ལེན་ཀྱི་ཆུ་ཚད་ལ་སླེབས་པ་བརྩོན་ལེན་བྱ་དགོས།གསོ་སྨན་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་ཇེ་ཟབ་ཏུ་གཏོང་བ་དང་རིམ་བགོས་ནད་བརྟག་སྨན་བཅོས་ལམ་ལུགས་འཐུས་ཚང་དུ་གཏོང་བ།སྨན་བཅོས་འཕྲོད་བསྟེན་ལས་དོན་གྱི་གཙོ་གནད་དང་ཐོན་ཁུངས་ཇེ་ལེགས་སུ་གཏོང་བ། ཁྱོན་ཡོངས་ནས་དམངས་འཚོ་ལྔ་གཞི་རྐྱེན་ཚད་ལེན་ལས་དོན་སྤེལ་འགོ་འཛུགས་དགོས།སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་རིག་གནས་དམངས་ཕན་གྱི་ལས་དོན་ཨར་ལས་ལག་བསྟར་བྱས་ནས་ཚྭ་འདམ་རིག་གནས་ཡུལ་སྐོར་དུས་ཆེན་དང་རིག་གནས་འགྲོ་འོང་སོགས་ཀྱི་བྱ་འགུལ་སྤེལ་དགོས།གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་དང་། གཞི་རྩའི་སྨན་བཅོས།གཞི་རྩའི་སྤྱི་པའི་འཕྲོད་བསྟེན་དང་ནད་ཆེན་འགན་བཅོལ་དང་སྨན་བཅོས་རོགས་སྐྱོབ་བྱེད་པ་སོགས་ཀྱི་ལམ་ལུགས་ཁག་མཐུད་སྦྲེལ་ནུས་ལྡན་འཐུས་ཚང་དུ་གཏོང་བ།ཞིང་གྲོང་གི་གཞུང་ལམ་སྤྱི་ལེ1000ཡན་དང་དམངས་ཕན་ཟམ་པ15གསར་སྐྲུན། ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་གྱི་ལས་གཞི་ལག་བསྟར་བྱས་ནས་མི་ཁྲི་གཉིས་ཀྱི་འཐུང་ཆུའི་ཆ་རྐྱེན་ལེགས་བཅོས་གཏོང་དགོས།སྔོན་འགོག་དང་ཉེན་ཁ་སྣ་ཚོགས་སེལ་བའི་ལས་དོན་བསྒྲུབ་ནས་ཐོན་སྐྱེད་བདེ་འཇགས་དང་ཟས་རིགས་དང་སྨན་རྫས་ཉེན་མེད།སྤྱི་པའི་བདེ་འཇགས་དང་ཕྱོགས་བསྡུས་བཅོས་སྐྱོང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་དམ་འཛིན་དང་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་ཁག་ཐེག་བྱེད་དགོས།གཉིས་ནི་དབུལ་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས། དབུལ་ཕོངས་ལས་ཐར་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ་དང་།དངུལ་རྩའི་དབུལ་སྐྱོར་དངུལ་བུན་ཕྱོགས་མང་པོ་ནས་གཅིག་གྱུར་བྱེད་པ། དཀའ་ངལ་ཆེ་བའི་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་རྨང་གཞིའི་སྤྱི་པའི་ཞབས་ཞུ་གཙོ་གནད་དུ་བཟུང་ནས་ལེགས་བཅོས་གཏོང་དགོས།ལས་སྤྲོད་བྱེད་སླ་བའི་སྒོ་ནས་དབུལ་སྐྱོར་གནས་སྤོ་སོགས་ཀྱི་ལས་གཞི་ལ་མ་དངུལ་འཇོག་པའི་གྲོས་འགོའི་འཆར་གཞི་འབྲེལ་མཐུད་དོན་འཁྱོལ་ཡོང་བ་དང་གནས་སྤོའི་ལས་གཞི་ལག་བསྟར་བྱེད་པ།དུད་ཚང་800དང་མི་གྲངས2593་དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་མང་ཚོགས་གནས་སྤོ་བྱས། གསུམ་ནི་རིན་གོང་སྙོམས་སྒྲིག་བྱེད་པའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ།ཟོག་གོང་སྙོམས་སྒྲིག་གིསྡེབ་སྒྲིག་དྲག་རྩལབྱས་ནས།  མུ་མཐུད་དུཚོད་སླེདང་བློས་འབྲུ་སྣུམབཟོ་སྐྲུན་འཛུགས་སྐྲུན་བྱེད་པ། དངོས་ཟོག་གཙོ་གྲས་གྲབས་གསོག་དང་བབ་བསྟུན་གཏོང་འདྲེན།ཚོང་རའི་མཁོ་སྤྲོད་ལེགས་པོར་བསྒྲུབ་ནས། གཞུང་བཅད་རིན་གོང་གི་དཔེ་སྟོན་ནུས་པ་བྱེད་ཤུགས་ཆེ་རུ་གཏོང་བ།སྔོ་ཚལ་དང་ཤ་དང་སྒོ་ང་། འོ་མ་སོགས་ཐོན་རྫས་འདོན་སྤྲོད་ནུས་ལྡན་མཐོ་རུ་གཏོང་གང་ཐུབ་བྱེད་པ།རིན་གོང་ལ་ཁྲིམས་འཛིན་ཞིབ་བཤེར་ཆེ་རུ་གཏོང་བ། ཟོག་གོང་འཕར་བའི་ཚོད་འཛིན་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ཡོང་བ་དང་ཟོག་གོང་གི་སྤྱིའི་ཆུ་ཚད་རྩ་བའི་ཆ་ནས་བརྟན་པོ་ཡོང་བར་བྱ་དགོས།བཞི་ནི་ལས་ཞུགས་དང་ལས་ཞུགས་བསྐྱར་མའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས།ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣའི་རྨང་གཞིར་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་དགོས། ལས་ཞུགས་མེད་པའི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ནས་ལས་ཞུགས་ཚད87%ཡན་རྒྱུན་འཁྱོངས་བྱེད་དགོས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ལས་རིགས་ཀྱི་རྩལ་ནུས་གསོ་སྦྱོང་ལམ་ལུགས་འཐུས་ཚང་དུ་བཏང་ནས་ཐོན་ལས་འཕེལ་རྒྱས་ཀྱིས་ལས་ཞུགས་མང་དུ་གཏོང་བ།རྩལ་ནུས་གསོ་སྦྱོང་གིས་ལས་ཞུགས་ལ་སྐུལ་འདེད་བྱས་ཏེ་མང་ཚོགས་ཀྱི་ལས་སྣེ་གསར་གཏོད་ཀྱིས་ལས་ཞུགས་སྣེ་ཁྲིད་བྱེད་པ།ལོ་འདིར་ལས་ཞུགས་མི་སྣ་ཁྲི་1.5འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད3%ཚུན་དུ་ཚོད་འཛིན་ཐུབ་པ་བྱ་དགོས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་བའི་ཐབས་ལམ་ཟམ་མི་ཆད་པར་ཇེ་ཡངས་སུ་གཏོང་བ་དང་ཡོང་འབབ་འཕར་བའི་ལམ་སྲོལ་འཐུས་སྒོ་ཇེ་ཚང་།མ་མཐའི་གླ་ཕོགས་ཀྱི་ཚད་གཞི་བརྟན་པོའི་ངང་མཐོ་རུ་གཏོང་དགོས། ལས་རིགས་ཞིང་འབྲོག་མང་ཚོགས་གསར་བ་གསོ་སྐྱོང་བྱས་ནས་ངལ་ནུས་ཕྱིར་གཏོང་མི་ཐེངས་ཁྲི་9ཡོད་པ་དང་།ཐབས་བརྒྱ་ཇུས་སྟོང་གིས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་ནས་རིམ་བཞིན་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོའི་ཧེ་བག་ཇེ་ཆུང་དུ་གཏོང་དགོས།ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་ལྷག་མ་གང་ལེགས་བསྡུ་ལེན་བྱེད་པ་དང་ཆབས་ཅིག་ཏུ་ཧུར་བརྩོན་སྒོས་ཞིང་ཆེན་ཕྱི་ནང་གི་འབྲེལ་ཡོད་ས་ཁུལ་དང་འབྲེལ་མཐུད་བྱུང་བ་དང་འཕང་འབྲས་འཐོག་པའི་ངལ་ལས་ནང་འདྲེན་གྱི་ལས་དོན་མུ་མཐུད་དུ་སྤེལ་དགོས།

འཐུས་མི་རྣམ་པ། 2017ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་ལས་འགན་ལེགས་འགྲུབ་འབྱུང་བ་ནི་དཀའ་ཚེགས་ཆེ་བ་དང་ལས་འགན་ཧ་ཅང་ལྕི་བ་ཞིག་ཡིན།ང་ཚོས་ཁུལ་ཏང་ཨུས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས་ཀྱི་ལྟ་སྐུལ་མཛུབ་ཁྲིད་འོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་དྲུག་པ།ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཅུ་གསུམ་པ། ཁུལ་ཏང་ཨུའི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ནན་གྱིས་དོན་འཁྱོལ་ལག་བསྟར་ཡོང་བ་དང་།གསར་གཏོད་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་དང་གསར་གཏོད་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ།འབུར་དུ་ཐོན་པའི་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་ཡང་བསྐྱར་སྐས་རིམ་གསར་ར་སླེབས་པ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་་དང་ཞིང་ཆེན་རིམ་པའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་བདེ་བླག་ངང་ཚོགས་པར་བསུ་མ་བྱེད་དགོས།

གོང་མ།:༢༠༡༧ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུ།

ཞོལ་མ།:ཉིས་སྟོང་བཅུ་བདུན་ལོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ།

分享到: 更多
copyright@2007 www.haixi.gov.cn All Rights Reserved
པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
ICP 05001235