མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་མ།  |  སོག་ཡིག་པར་མ།
 
ཏང་སྲིད་ཡིག་ཆ།
 

༢༠༡༧ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུ།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲྭ་བ།  སྤེལ་དུས།:2017-06-08  རྩོམ་པ་པོ།:ངེད་ལས་ཁུངས།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

སྲིད་གཞུང་གི་ལས་དོན་སྙན་ཞུ།

---2017ལོའི་ཟླ3པའི་ཚེས6ཉིན་ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་

ཐེངས་གཉིས་པའི་ཐོག

ཁུལ་གཙོ།  མེང་ཧའེ་ནས།

འཐུས་མི་རྣམ་པ།

ད་ལྟ་ངས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་ལས་དོན་སྙན་སེང་འབུལ་རྒྱུ་ཡིན་པས།འཐུས་མི་རྣམས་ཀྱིས་གྲོས་ཞིབ་གནང་བར་མ་ཟད།ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དང་ཟུར་ཞུགས་མི་སྣ་ཡོངས་ཀྱིས་ཀྱང་དགོངས་འཆར་འདོན་རོགས།

2016ལོའི་བྱ་བར་ཕྱིར་དྲན།

      2016ལོ་ནི་ཆེས་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན།  ཟླ8པའི་ཚེས22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སྐུ་དངོས་སུ་མཚོ་སྔོན་ལ་གཟིགས་ཞིབ་དུ་ཕེབས་ནས་བྱ་བར་སློབ་སྟོན་གནང་སྐབས།མཚོ་ནུབ་ས་ཚིགས་དང་པོར་བཞག་ནས། བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་ནུབ་ཀྱི་འཕེལ་རྒྱས་ལ་མཐོང་ཆེན་དང་མཚོ་ནུབ་ཀྱི་མི་རིགས་སོ་སོར་བྱམས་བརྩེའི་ཐུགས་ཁུར་གནང་བ་གང་ལེགས་ཀྱིས་མཚོན་ཡོད། ལོ་གཅིག་གི་རིང་ལ།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འགོ་ཁྲིད་བརྟན་པོའི་འོག  ང་ཚོས་འཕེལ་རྒྱས་ནི་ལས་འགན་དང་པོ་ཡིན་པ་དམ་འཛིན་དང་།ཆོད་སེམས་བརྟན་པོ་གཡོ་འགུལ་མི་གཏོང་བ་དང་།དཀའ་ངལ་དང་འཕྲད་པར་གཡོལ་ཐབས་མི་བྱེད་པ་དང་།  གནོན་ཤུགས་ཐེག་པ་ལྷོད་གཡེང་དུ་མི་གཏོང་བ་བཅས་མཐའ་གཅིག་ཏུ་བྱས་ཤིང་། བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས་འཕར་ཚད་བརྟན་བརླིང་དང་མ་དངུལ་དམ་འཛིན། བཅོས་སྒྱུར་ལ་སྐུལ་འདེད། གསར་སྐྲུན་ལ་ཤུགས་སྣོན།  དམངས་འཚོར་ཕན་འདོགས་པ་བཅས་བྱས་མཐར།  དཔལ་འབྱོར་འཕེལ་རྒྱས་མར་འགྲིབ་མཚམས་བཞག་ནས་ཇེ་བརྟན་དང་བརྟན་ཐོག་ལེགས་འཕེལ།ཡག་ཐོག་ཡག་པའི་རྣམ་པ་གསར་བ་མངོན།  ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་དང་།  དམ་པ་དོན་གཉེར། འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་བཟང་པོས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས།

ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར487ལེགས་འགྲུབ་བྱས་ཤིང་འཕར་ཚད་བརྒྱ་ཆའི8.5ཡིན།ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར28.1དང་འཕར་ཚད་བརྒྱ་ཆའི10.7ཡིན།  ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར326.7དང་འཕར་ཚད་བརྒྱ་ཆའི7ཡིན།གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར271.2མངོན་འགྱུར་བྱུང་བ་དང་འཕར་ཚད་བརྒྱ་ཆའི7.4ཡིན།ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར132.2དང་འཕར་ཚད་བརྒྱ་ཆའི12ཡིན།ས་ཁུལ་གྱི་གཏན་འཇགས་རྒྱུ་ནོར་མ་འཇོག་སྒོར་དུང་ཕྱུར560ཡོངས་འགྲུབ་བྱས་པ་དང་འཕར་ཚད་བརྒྱ་ཆའི10.7ཡིན། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར45.2ཡོངས་འགྲུབ་བྱས་པ་དང་ཞེང་ཚད་ལས་བརྒྱ་ཆའི7.2འཕར། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར89.8མངོན་འགྱུར་བྱུང་བ་དང་འཕར་ཚད་བརྒྱ་ཆའི10.3ཡིན།དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་ཚང་མ་སྔོན་དཔག་བྱས་པ་ལས་ལེགས་པོ་བྱུང་ཡོད། འདི་ནི་ཉེ་བའི་ལོ་གསུམ་རིང་། མཚོ་ནུབ་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་བབ་ཡག་ཤོས་སུ་སླེབས་པའི་ལོ་ཡིན་ལ།  ཉེ་བའི་ལོ་གསུམ་རིང་ཞིང་ཆེན་རིམ་པའི་དམིགས་ཚད་ལས་འགན་ཁྱོན་ཡོངས་ནས་ཐོག་མར་ལེགས་སྒྲུབ་བྱས་པའི་ལོ་ཡིན།གནོན་ཤུགས་ཆེ་ཤོས་དང་དཀའ་སྤྱད་མང་ཤོས་ཀྱི་ལོ་ཞིག་དང་།ལྷག་པར་དུ་ཉེ་བའི་ལོ་ཤས་རིང་གནས་བབ་ཞན་པོའི་མདུན་སྐྱོད་ཁྲོད་དུ་གྲུབ་འབྲས་གཡུར་ཟའི་ལོ་ཞིག་ཀྱང་ཡིན། དཀའ་སྤྱད་ཀྱི་དུས་སུ་ང་ཚོས་ཨ་ལོག་གི་འཐབ་འཛིང་ཞིག་བརྒྱབ་པས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའིའགོ་ཡག་པོ་ཞིག་ཚུགས་ཐུབ་ཡོད།

འཐུས་མི་རྣམ་པ། ལོ་གཅིག་གི་རིང་ལ་ང་ཚོས་གཙོ་བོ་གཤམ་གྱི་ཕྱོགས་དྲུག་ཐད་ཀྱི་ལས་དོན་དམ་འཛིན་བྱས་པ་སྟེ།

----གནད་ཁེལ་ཇུས་འདོན་གྱིས་སྙོམས་སྒྲིག་མཐོང་ཆེན་དང་ཞབས་ཞུ་དམ་འཛིན་བྱས་པ།གཙོ་གནད་ལས་རིགས་འཁོར་སྐྱོད་དང་གཙོ་གནད་ཐོན་རྫས་མཁོ་སྤྲོད།ཐོན་ནུས་ཆ་འཕྲིན་ཡོངས་བསྒྲགས་བཅས་ཀྱི་ལམ་ལུགས་འཛུགས་སྐྲུན་བྱས་ཏེ། རིམ་གསུམ་ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་སྟེགས་བུ་འཁོར་སྐྱོད་ལམ་སྲོལ་འཐུས་ཚང་དང་། རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ཆེ་ཆེར་བཏང་བ་ཡིན།ལྕགས་ལམ་ཐོག་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་ཁྲི2308ལེགས་འགྲུབ་བྱས་པ་དང་འཕར་ཚད་བརྒྱ་ཆའི6.4ཡིན། གློག་མཁོ་འདོན་བྱེད་འབོར་ཆན་ཝ་ཆུ་ཚོད་དུང་ཕྱུར55.2ལེགས་གྲུབ་བྱུང་བ་དང་འཕར་ཚད་བརྒྱ་ཆའི9.7ཡིན། གཞི་ཁྱོན་ཡན་གྱི་བཟོ་ལས་དང་ཁེ་ལས་དུད་ཚང23གསར་འཕར་བྱུང་བ་དང་།དཔལ་འབྱོར་འཕར་གནས་སྐུལ་ཁྲིད་བྱས་པ་བརྒྱ་ཆའི་ཚེག1.8ཡིན། རིགས་སོ་སོའི་ཁྲོམ་རའི་གཙོ་གཟུགས་དུད་ཚང5030གསར་སྣོན་བྱུང་བ་དང་འཕར་ཚད་བརྒྱ་ཆའི24.5ཡིན།  ཁྲོམ་རའི་གསོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།འཕར་སྣོན་འགན་ལེན་དང་ཐོན་སྐྱེད་བརྟན་པོ་ཡིན་པའི་སྒོར་དུང་ཕྱུར1གི་ཆེད་སྤྱོད་མ་དངུལ་བཙུགས་ནས།ཁེ་ལས་ཀྱི་སྣེ་ཁྲིད་དེ་ཐོན་སྐྱེད་དང་ཐོན་སྐྱེད་བྱེད་མཚམས་བཞག་པའི་ཁེ་ལས་བསྐྱར་ཐོན་རྒྱག་པར་སྐུལ་འདེད་བྱས།ཁེ་ལས་རིགས་ཁག་གི་ཁྲལ་གྲོན་ཆག་ཡང་དང་རྩ་ཆག་གཏོང་བར་སྒོར་དུང་ཕྱུར19.2བརྩོན་ལེན་བྱས་ཏེ།ན་གོར་མོའི་ཙང་ཀའེ་ཅཱ་ལུད་ཁྲོམ་རར་བདེ་བླག་ངང་ཐོན་པར་གཞོགས་འདེགས་བྱས་ནས་མ་དངུལ་གྲབས་གསོག་བྱས་པ་སྒོར་དུང་ཕྱུར20ཡིན། གོང་འོག་ཐོན་ལས་མཐུད་སྦྲེལ་གྱི་དངུལ་གྲངས་སྒོར་དུང་ཕྱུར206མངོན་འགྱུར་བྱས།   གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཡན་ལག་ཐེབས་རྩ4བཙུགས་ནས།སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར90དང་རྩིས་ཁྲར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར70ཡིན། ཐད་ཀའི་དངུལ་བསྡུ་སྒོར་དུང་ཕྱུར་216.5མངོན་འགྱུར་བྱུང་བ་དང་འཕར་ཚད་བརྒྱ་ཆའི57.9ཡིན། དངུལ་ཁང་ལས་རིགས་ཀྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར513.9དང་འཕར་ཚད་བརྒྱ་ཆའི4.7ཡིན། ཁུལ་ཕྱི་ནང་གི་དངུལ་ཁང་གི་དངུལ་བུན་ལྷག་གྲངས་སྒོར800.5དང་འཕར་ཚད་བརྒྱ་ཆའི4.4ཡིན། འགན་བཅོལ་གྲོན་དངུལ་ཡོང་འབབ་སྒོར་དུང་ཕྱུར6.2དང་འཕར་ཚད་བརྒྱ་ཆའི24.2ཡིན།  

----བློ་བརྟན་འགྱུར་མེད་ཀྱིས་ལས་གཞིར་མཐོང་ཆེན་དང་མ་གཏོང་དམ་འཛིན་བྱས་པ། “1+2”ཀྱི་ཆེད་སྤྱོད་ཐེབས་རྩའི་ལས་གཞིའི་མཛོད་དང་དེ་བཞིན་ལས་གཞི་གྲ་སྒྲིག་ཞིབ་བཤེར།དངུལ་ཁང་གིས་སྔོན་ཚུད་ནས་ཞུགས་པའི་ལམ་སྲོལ་བཙུགས་ཏེ། ཐེབས་རྩའི་ལས་གཞི་གྲབས་གསོག་གི་གཞི་ཁྱོན་སྒོར་ཁྲག་ཁྲིག་ཟིན་ཡོད།རྫོང་རིམ་པ་གཉིས་ཀྱི་ལས་གཞིའི་མཛོད་བཙུགས་ནས་ལས་གཞི735དེ་ཁུལ་རིམ་པའི་ལོ་གསུམ་འགྲིལ་བའི་འཆར་གཞིའི་ནང་དུ་བཞགསྲིད་གཞུང་གིས་མ་གཏོང་ལས་གཞི་གྲབས་གསོག་གི་གཞི་ཁྱོན་སྒོར་དུང་ཕྱུར1238ལ་བསླེབས། ཞིང་ཆེན་རིམ་པའི་ལས་སྟེགས་སུ་ལས་གཞི243བཏང་བ་དང་།མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་ཁག་གཅིག་དང་སྤྱི་ཚོགས་བྱ་གཞག་གི་ལས་གཞི་ལག་བསྟར་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་ལས་གཞིའི་མཛོད་དུ་བཞག བསྡོམས་རྩིས་བྱས་ན་མཛོད་བཅུག་ལས་གཞི1386དང་།  ལས་ཀ་བསྐྱར་གསོའི་འགོ་ཚུགས་པའི་ལས་གཞི1312དང་། མ་དངུལ་སྒོར་དུང་ཕྱུར560ཡོངས་འགྲུབ་བྱས་པ་དང་མ་གཏོང་གིས་དཔལ་འབྱོར་འཕར་སྣོན་ཡོང་བར་བྱས་རྗེས་བཞག་ཚད་བརྒྱ་ཆའི47ཡིན། གཙོ་གནད་ལས་གཞི171དང་ལས་ཀ་བསྐྱར་གསོའི་འགོ་ཚུགས་པའི་ལས་གཞི131ལ་མ་དངུལ་སྒོར་དུང་ཕྱུར371.2བཏང་བ་ལེགས་འགྲུབ་བྱུང་།དངུལ་གཏོང་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱས་པ་བརྒྱ་ཆའི་ཚེག8.7ཡིན།  དམངས་ཁྲོད་ཀྱི་མ་དངུལ་འཇོག་པ་སྒོར་དུང་ཕྱུར247.5ལེགས་འགྲུབ་བྱུང་བ་དང་འཕར་ཚད་བརྒྱ་ཆའི83.2ཡིན། ལས་གཞི600གཅིག་སྡུད་ཀྱིས་ལས་ཀ་བསྐྱར་གསོའི་འགོ་འཛུགས་པའི་བྱེད་སྒོ་སྐོར་ཐེངས་གཉིས་སྤེལ་ནས་མ་འཇོག་སྒོར་དུང་ཕྱུར239.7བཏང་བ་ལེགས་འགྲུབ་བྱུང་།གཙོ་གནད་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གོམ་སྟབས་བརྟན་པོས་སྐུལ་སྤེལ་བཏང་བ་དང་། ན་གོར་མོ་ནས་ཏུན་ཧོང་བར་གྱི་ལྕགས་ལམ་ཡུན་མཱ་འགག་ནས་མ་ཧའེ་བར་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱས་པ་དང་།ཚྭ་ཁ་ནས་ན་གོར་མོའི་བར་སོགས་ཀྱི་མྱུར་བགྲོད་གཞུང་ལམ་ལས་མཇུག་རྫོགས་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད།ཕྱུགས་བསྐྱིལ་འགག་འཕྲང་ཆུ་བེད་ལྟེ་གནས་དང་ན་གོར་མོ་ནས་འཁོར་ལོ་བར་གྱི་ལྕགས་ལམ།ན་གོར་མོ་གནམ་གྲུ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་སོགས་ཀྱི་ཨར་ལས་འཕེལ་རིམ་བདེ་བླག་ཡིན་པ། སྟག་མདོ་ཆུ་མཛོད་སོགས་ཀྱི་ཨར་ལས་འཛུགས་སྐྲུན་གྱི་འགོ་བརྩམས། རྣམ་གླིང་དགེ་ལེགས་ཆུ་བེད་ལྟེ་གནས་སོགས་གལ་ཆེའི་རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་ཇེ་མགྱོགས་སུ་བཏང་ཡོད།

----སེམས་ཤུགས་གཅིག་བསྡུས་ཀྱིས་དགེ་མཚན་གལ་ཆེན་དང་ཁྱད་ཆོས་དམ་འཛིན་བྱས་པ། སྲོལ་རྒྱུན་གྱི་ཐོན་ལས་ཆེན་པོ་བཞིར་དམིགས་ཏེ། ལས་སྣོན་ཞིབ་ཚགས་བྱེད་པའི་ཐོན་ལས་སྦྲེལ་ཐག་བསྐྲུན་པར་ཤུགས་བརྒྱབ་ནས།ཁུལ་ནང་ཁུལ་གྱི་ལས་གཞི76དེ་ཞིང་ཆེན་ཡོངས་ཀྱི་དོན་ཚན་བརྒྱའི་གསར་གཏོད་འགག་སྒྲོལ་དང་དོན་ཚན་བརྒྱའི་སྒྱུར་བཀོད་རིམ་སྤོར་སོགས་ཀྱི་ལས་གཞིའི་ནང་འཇོག་པར་སྐུལ་འདེད་བྱས་པར་མ་དངུལ་སྒོར་དུང་ཕྱུར134ལེགས་གྲུབ་བྱུང་། ཁིལ་འགྱུར་ལིས་ཏུན6000དང་མུ་ཟིའི་སྐྱུར་ཏུན་ཁྲི20འི་ཅཱ་མའེ་རྫས་ལུད་སོགས་ལས་གཞི19བསྐྲུན་ཚར།  གསར་དུ་བསྐྲུན་པའི་འོད་ཤུགས་དང་རླུང་གློག་ལས་གཞིའི་ཀྲའོ་ཝ1095་གསར་དུ་བསྐྲུན།ནུས་རྒྱུ་གསར་བའི་འཕྲུལ་འཁོར་བཙུགས་པའི་གཞི་ཁྱོན་རིམ་བསགས་ཀྱི་ཀྲའོ་ཝ3924ཟིན།  ཀྲའོ་ཝ200ཡི་ལྡབ་མང་འོད་བསྡུ་གློག་རྫས་སྒྲིག་ཆས་དང་ཀྲའོ་ཝ300ཡི་ས་མཐོའི་རྣམ་པའི་རླུང་འཁོར་སོགས་ལས་གཞི་ཁག་ཅིག་བསྐྲུན་ཚར།  ཤེལ་མང་ཀུའེ་དང་ཤེལ་རྐྱང་ཀུའེ། ལིས་ཚྭ་སོགས་ཀྱི་རྒྱུ་ཆ་གསར་བའི་ཐོན་ལས་ཀྱི་གཞི་ཁྱོན་རགས་ཙམ་གྲུབ་པ་དང་།བུལ་རྐྱང་ཁིལ་འགྱུར་ལིས་དང་ཐཱན་སྐྱུར་ལིས།ཤེལ་སྒོ་སྲིང་བལ་སོགས་ཀྱི་ལས་གཞི་བསྐྲུན་ཚར་བ་དང་། ཚྭ་མཚེའུ་མའེ་ལས་རིགས་ཀྱི་ལྕགས་རིགས་མའེ་སྒྲིག་ཆས་ཀྱི་བཟོ་རྩལ་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ཡོད། འཕང་འབྲས་ཕབས་རྩི་ཏུན3000དང་སྐྱེ་དངོས་ཀྱི་སྐྱེ་ལྡན་ལུད་རྫས་ཏུན་ཁྲི10། འཕང་འབྲས་ནག་པོའི་སྙིང་བཅུད་ལེབ་མོ་སོགས་ཞིབ་ཚགས་ལས་སྣོན་བྱེད་པའི་རྣམ་གྲངས་ཁག་ཅིག་བསྐྲུན་ཚར་བ་དང་། འདྲེ་ཚེར་མ་ལས་སྣོན་ཞིབ་ཚགས་བྱེད་པའི་ཁེ་ལས14སྐྱེད་སྲིང་བྱས།   དྲ་སྦྲེལཀྱི་འགུལ་སྤྱོད་འཆར་གཞི་ལག་བསྟར་བྱས་ཏེ་གློག་རྡུལ་ཚོང་དོན་ཆེ་རིགས་ཀྱི་དྲ་ཐོག་བྲིན་ཚོང་སྒོར་དུང་ཕྱུར1.3མངོན་འགྱུར་བྱུང་བ་དང་། འཕར་ཚད་བརྒྱ་ཆའི82.6ཡིན། དྲ་ཆེན་མཚོ་ནུབ་འཐབ་ཇུས་འགུལ་སྐྱོད་དངོས་འབེབ་བྱས་ཏེ།ཆ་འཕྲིན་འཛད་སྤྱོད་སྒོར་དུང་ཕྱུར6.6མངོན་འགྱུར་བྱུང་བ་དང་འཕར་ཚད་བརྒྱ་ཆའི35ཡིན། ཡུལ་སྐོར་ལས་རིགས་མགྱོགས་འཕར་བྱུང་བར་ཡུལ་སྐོར་བ་མི་ཐེངས་ཁྲི1105.8སྣེ་ལེན་བྱས་པ་དང་འཕར་ཚད་བརྒྱ་ཆའི48ཡིན། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར58མངོན་འགྱུར་བྱུང་བ་དང་འཕར་ཚད་བརྒྱ་ཆའི59ཡིན།  

-----བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་གཙིགས་ཆེན་དང་གསར་གཏོད་དམ་འཛིན་བྱས་པ། གཏེཪ་ལེན་ཁ་དང་ཚྭ་འདམ་ཆེ་བ་ཟླ་སྒྲིལ་བྱས་ནས་གྲོང་ཁྱེར་དུ་རྒྱ་བསྐྱེད་པ་དང་།མང་ནེ་དང་ལིན་ཧུའུ་ཟླ་སྒྲིལ་བྱས་ནས་ག་ཟི་ཧོ་ཐི་གྲོང་ཁྱེར་བསྐྲུན་པའི་ས་ཁུལ་དབྱེ་འབྱེད་ཀྱི་བཅོས་སྒྱུར་ཇུས་གཞིར་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཕུལ་ནས་ཆོག་མཆན་ཐོབ་པར་སྒུག་ཡོད།སྲིད་འཛིན་གྱི་ཞིབ་མཆན་དོན་ཚན47གཙང་བཤེར་དང་ཚད་ལྡན་དུ་བཏང་བ་དང་།  ཁུ་བསྡུའི་ཚད་བརྒྱ་ཆའི32.4ལ་བསླེབས།  ལག་ཁྱེར་ལྔ་གཅིག་ཏུ་སྒྲིལ་བ་དང་ལག་ཁྱེར་གཅིག་དང་ཚབ་རྟགས་གཅིགལག་བསྟར་བྱས་ཏེ། སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིགཁྱོན་ཡོངས་ནས་ཁྱབ་གདལ་དུ་བཏང་ནས། ཁུལ་སྲིད་འཛིན་ཞབས་ཞུ་དང་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་སུ་དངོས་སུ་སྤྱོད་འགོ་ཚུགས།ཁུལ་འཕེལ་རྒྱས་མ་འཇོག་ཀུང་སིའི་རྣམ་པ་བསྒྱུར་བའི་འཕེལ་རྒྱས་བཅོས་སྒྱུར་དང་ཆིན་ཧྭ་དབུས་ལམ་སོལ་འགྱུར་དབང་བའི་ལམ་ལུགས་མཉམ་བསྲེས་ཀྱི་བཅོས་སྒྱུར་ཚོད་ལྟའི་གནས་མགོ་ཚུགས་ཏེ། གཞུང་ཁོངས་ས་རྒོད་གསར་སྦོལ་ཁེ་ལས་དང་ཐེམ་ཐོའི་ལམ་ལུགས་སོགས་བཅོས་སྒྱུར་ལ་སྐུལ་འདེད་བརྟན་པོ་བཏང་། ཚན་རྩལ་གསར་གཏོད་ཀྱི་ཐེབས་རྩ་སྒོར་དུང་ཕྱུར10དང་ཚན་རྩལ་གསར་གཏོད་བྱ་དགའི་མ་དངུལ་སྒོར་ཁྲི1000ཅན་ཞིག་བཙུགས་ནས།ཕུལ་བྱུང་གི་འཇོན་མི9དང་སྣེ་ཁྲིད་འཇོནམི12།ཤེས་ལྡན་མི་སྣ་རྩེ་གྲ10བཅས་ནང་འདྲེན་བྱས་ཏེ། ཡོན་ཧྲིའི་ལས་དོན་ས་ཚིགས6བཙུགས།  གཙོ་བོ་མའེ་ཐའེ་བསྲེས་ལྕགས་དང་ལྡབ་མང་འོད་བསྡུ་སོགས་ཀྱི་གལ་ཆེའི་ཚན་རྩལ་འགག་སྒྲོལ་ལས་གཞི14ལ་སྐུལ་འདེད་བཏང་བ་དང་།ཚྭ་མཚེའུ་ནས་ལིས་བཏོན་པའི་ལག་རྩལ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་བསླེབས།ན་གོར་མོའི་རང་མོས་ཚོང་དོན་ཁུལ་དང་ཀྲུང་ནེའི་ཐོན་ལས་གླིང་གི་དུས་འགོའི་ཞིབ་འཇུག་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་བྱས་ཏེ།རྒྱལ་སྤྱིའི་ཚ་ཟེར་གྱི་ཚོགས་ཆེན་སོགས་བྱེད་སྒོ་གལ་ཆེན་རབ་དང་རིམ་པ་སྤེལ་བ་ལེགས་གྲུབ་བྱུང་།ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར24ལ་བསྐྱོད་དེ།མ་དངུལ་འཇོག་པ་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན204བཞག་པ་དང་།  ལས་གཞི་བཞག་པའི་དངུལ་འབོར་སྒོར་དུང་ཕྱུར1236ཡིན།ཚོང་འགུག་དངུལ་འདྲེན་གྱི་ལས་འགོ་ཚུགས་པའི་ལས་གཞི163དང་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར198.2ཡིན།ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར1.9དོན་འཁྱོལ་བྱས།ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་ཨ་སྒོར་ཁྲི3890མངོན་འགྱུར་བྱུང་།

----གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག་གིས་སྐྱེ་ཁམས་ལ་མཐོང་ཆེན་དང་རེས་འཁོར་དམ་འཛིན་བྱས་པ། མ་དངུལ་སྒོར་དུང་ཕྱུར6བཏང་ནས།སྐྱེ་ཁམས་ལས་གཞི42དོན་འཁྱོལ་བྱས།མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་།བྱང་གསུམ་འགོག་སྲུང་ནགས་ཚལ་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ཁག་ཅིག་འཛུགས་སྐྲུན་བྱས་ཏེ།རི་རྒྱ་ནགས་གསོ་མུའུ་ཁྲི23དང་ས་ནག་ཐང་བཅོས་སྐྱོང་མུའུ་ཁྲི13.2། ཚད་མཐོའི་ས་ཞིང་འཛུགས་སྐྲུན་མུའུ་ཁྲི5།  བརླན་ས་སྲུང་སྐྱོང་མུའུ་ཁྲི21།  ས་ཞིང་ས་རྒོད་ཅན་དུ་མི་འགྱུར་བར་བཅོས་སྐྱོང་བྱས་པ་མུའུ་ཁྲི2།སྤྱི་ཕན་ནགས་ཚལ་བདག་སྐྱོང་མུའུ2145.4བཅས་ལེགས་གྲུབ་བྱུང་བས། ཚྭ་འདམ་སའོ་སའོ་ནགས་ཚལ་ལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱལ་ཁབ་ཆེད་མཁས་ཚོ་ཆུང་གིས་དཔྱད་དཔོག་བརྒྱུད།ནུས་ཁུངས་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་གི་ཆེད་དོན་བྱ་སྤྱོད་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་དང་སྡེ་ཁག་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་རྩིས་གཞི་རེའི་ནུས་ཁུངས་ཟད་གྲོན་བརྒྱ་ཆའི1.7ཡིན། གཏེར་ལེན་ཁ་དང་ན་གོཪ་མོའི་ལག་རྩལ་མཐོ་གསར་ཐོན་ལས་གསར་སྤེལ་ཁུལ་གྱི་སྤྱིའི་འཆར་འགོད་དང་ཚྭ་འདམ་བྱེ་ཐོན་སྐྱེད་ལས་རིགས་འཕེལ་རྒྱས་ཀྱི་འཆར་གཞི་བཟོ་འགོད་བྱ་བ་འགོ་ཚུགས་པ་དང་།སྡེ་གླིང་གི་གཙོ་གནད་ཐོན་ལས་གས་གཞི88དང་བསྐྱར་གསོའི་འགོ་ཚུགས་པ79ལག་བསྟར་བྱས་པར་མ་འཇོག་སྒོར་དུང་ཕྱུར184བཏང་ཟིན།ཙང་ཀའེ་ཅཱ་ལུད་ཁིལ་འགྱུར་ཅཱ་རྒྱས་སྐྲུན་སོགས་ཀྱི་ལས་གཞི40བསྐྲུན་ཚར།ཚྭ་མཚེའུ་ཚོགས་པའི་ཅ་ལུད་སྦས་སྔོག་ནུས་སྤེལ་སྒྱུར་བཀོད་སོགས་ཀྱི་ལས་གཞི39ཡི་འཛུགས་སྐྲུན་མགྱོགས་པོར་བཏང་བ་དང་།རྒྱུན་འཁོར་ཐོན་ལས་མ་ལག་སྔར་ལས་འཐུས་ཚང་དུ་བཏང་། གཙོ་གནད་རྨང་གཞིའི་སྒྲིག་བཀོད་ལས་གཞི64ལག་བསྟར་དང་། བསྐྱར་གསོ་འགོ་ཚུགས་པའི་ལས་གཞི45ཡོད་པར་མ་དངུལ་སྒོར་དུང་ཕྱུར33.4བཏང་པས།  གླིང་ཁུལ་གྱི་ཐེག་ནུས་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད།

----ལྷག་བསམ་རྣམ་དག་གིས་དམངས་འཚོར་མཐོང་ཆེན་དང་དོན་དངོས་དམ་འཛིན་བྱས་པ།དམངས་འཚོའི་ཐད་མ་དངུལ་སྒོར་དུང་ཕྱུར76བཏང་བ་དེས་ནོར་སྲིད་ཀྱི་སྤྱིའི་གཏོང་སྒོའི་བརྒྱ་ཆའི76.2 ཟིན། དབུལ་སྒྲོལ་འགག་སྒྲོལ་གྱི་ཐད་ནས།  ཆ་ཚང་ཞིང་རིམ་པ་མང་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་མ་ལག་བཙུགས་ནས། དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར10.6དོན་འཁྱོལ་བྱས་མཐར། ཞིང་ཆེན་རིམ་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཞིབ་དཔྱད་རྩིས་ལེན་བདེ་བླག་ངང་བརྒྱུད་ཐུབ།ཕྱོགས་གསུམ་པའི་དཔྱད་དཔོག་བྱས་པ་བརྒྱུད། ཁུལ་ཡོངས་ཀྱི་དབུལ་བོའི་རྫོངགྲོང་ཁྱེར་དང་སྲིད་འཛིན་ཨུ་ཡོན་ལྷན་ཁང8དང་། གྲོང་ཚོ་དབུལ་བོ118། དུད་ཚང2580ཡི་དབུལ་བོ་མི་གྲངས6122ཚང་མས་དབུལ་ཞྭ་ཕུད་པ་དང་དབུལ་བོ་ལས་ཕྱིར་འཐེན། དབུལ་སྒྲོལ་གཙང་བཤེར་གྱི་ཆ་རྐྱེན་དུ་བསླེབས།མཚོ་ནུབ་ཀྱིས་ཞིང་ཆེན་ཡོངས་སུ་མི་འབོར་དབུལ་པོ་མེད་པ་མངོན་འགྱུར་བྱུང་།སློབ་གསོའི་ཐད་ནས། སློབ་གསོའི་དམངས་ཕན་སྲིད་ཇུས་སོ་སོ་བརྟན་པོའི་ངང་ནས་ལག་བསྟར་བྱས་ནས།ལོ་བཅོ་ལྔའི་རིན་མེད་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་ཇེ་མཐོར་བཏང་བ་དང་།སློབ་ན་མ་སོན་གོང་གི་སློབ་གསོ་དེ་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་ཀྱི་སྤུས་ཚད་དང་ཁྱབ་རྒྱ་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་ས་ཁུལ7གྱི་བུ་བཅོལ་ཁང23ལ་ཁེབས་པར་བྱས།སྤྱི་ཚོགས་འགན་སྲུང་གི་ཐད་ནས། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་ཞིང་ཆེན་ཡོངས་ཀྱི་སྔོན་དུ་སྒོར4000ཞིག་ཏུ་མཐོ་རུ་བཏང་བ་དང་།གྲོང་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་སྒོར235ཞིག་ཏུ་མཐོ་རུ་བཏང་བ་དང་།གྲོང་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་གི་ཚད་གཞི་མི་རེར་སྒོར་དུང་ཕྱུར610 ཡིན། ལས་ཞུགས་ཐད་ནས། མཐོ་སློབ་མཐར་ཕྱིན་སློབ་མའི་སྤྱི་ཁོག་གི་ལས་ཞུགས་ཚད་བརྒྱ་ཆའི91དང་འབྲིང་རིམ་ལས་རིགས་ཀྱི་མཐར་ཕྱིན་སློབ་མའི་ལས་ཞུགས་ཚད་བརྒྱ་ཆའི98.7ཡིན། མཁར་གྲོང་གི་གསར་འཕར་ལས་ཞུགས་མི་ཁྲི1.2དང་།མཁར་གྲོང་གི་ལས་ཤོར་མི་སྣ་ཡང་བསྐྱར་ལས་ཞུགས་བྱས་པ་མི5472དང་།  ལས་ཤོར་ཐོ་འགོད་བྱེད་ཚད་བརྒྱ་ཆའི2.6ཡིན།   གྲོང་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ཡོང་འབབ་ཐད་ནས།  གྲོང་དང་གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར27720དང11539ཡིན་ལ་འཕར་ཚད་སོ་སོར་བརྒྱ་ཆའི9.1དང་9ཡིན།རྩྭ་ཐང་གི་བྱ་དགའི་ཁ་གསབ་དང་སྐྱེ་ཁམས་སྲུང་སྐྱོབ་དང་ཞིང་ལས་འཕྲུལ་ཆས་ཡོ་བྱད་ཁ་གསབ་སྒོར་དུང་ཕྱུར3.6བྱིན་པ་དང་།རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་གྱི་ལས་ཞུགས་མི་ཐེངས་ཁྲི7.8དང་།ངལ་ལས་ཡོང་འབབ་སྒོར་དུང་ཕྱུར4མངོན་འགྱུར་བྱས།  སྨན་བཅོས་འཕྲོད་སྟེན་གྱི་ཐད་ནས།ཞིང་ཆེན་ཡོངས་ཀྱི་སྔོན་དུ་སྨན་བཅོས་ཞབས་ཞུའི་རིན་གོང་གསར་བ་ལག་བསྟར་ཚད་ལྡན་དུ་བཏང་ནས།ཞིང་ཆེན་ཡོངས་ཀྱི་སྔོན་དུ་སྨན་ཁང་ནས་འགོས་ཚུལ་དོ་དམ་གྱི་སྤུས་ཚད་ཚོད་འཛིན་ལྟེ་གནས་བཙུགས།གྲོང་དང་་གྲོང་གསེབ་ཀྱི་ཆ་རྐྱེན་ལེགས་གཏོང་ཐད་ནས། ཁྱོན་ཡོངས་ནས་ལེགས་སྒྲུབ་མཛེས་སྡུག་ལྡན་པའི་གྲོང་རྡལ་2དང་མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ལས་འགན11ཡོངས་འགྲུབ་བྱས།མཁར་གྲོང་གི་སྡོད་ཁང་ཐབ་ཆག་ཁུལ་གྱི་འདུག་ཁང་ཆ་ཚང2056སྒྱུར་སྐྲུན་དང་།རོང་འབྲོག་ཁུལ་གྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་དུད་ཚང1500ཡོད།གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ1800ལྷག་གསར་སྐྲུན་དང་བསྐྱར་བཟོ་བྱས།དངོས་ཟོག་རིན་གོང་བརྟན་པོ་ཡོང་བའི་ཐད་ནས། གྲང་འཇོག་སོས་ཉར་དང་གསོག་འཇོག་མཛོད6བཙུགས་པ་དང་། ཞིང་ཚོང་ཁྲོམ་ར3སྒྱུར་བཀོད་རིམ་སྤོར་དང་།འཕང་འབྲས་ཉོ་ཚོང་ཁྲོམ་ར1གསར་དུ་བསྐྲུན།གཏེར་ལེན་ཁ་དང་ན་གོར་མོ་གྲོང་ཁྱེར་གཉིས་ཀྱི་སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་གི་སྟོན་གྲངས་ཚང་མ་ཞིང་ཆེན་རིམ་པའི་དམིགས་ཚད་ལས་དམའ་བར་བྱས།སྤྱི་པའི་རིག་གནས་ཐད་ནས།  ཁུལ་རྫོང་གི་རིམ་པ་གཉིས་ཀྱི་རིག་གནས་ལུས་རྩལ་བྱེད་སྒོ་ཁག360ལྷག་སྤེལ་ནས།གྲོང་ཚོ་རིམ་པའི་ཞིང་པའི་ལུས་རྩལ་ལུས་སྦྱོང་བཟོ་སྐྲུན45བསྐྲུན།དཔེ་མཛོད་ཁང་དང་རིག་གནས་ཁང6གི་ལས་གཞིའི་ཇེ་མགྱོགས་སུ་བཏང་ཡོད།ཞི་མཐུན་བརྟན་ལྷིང་གི་ཐད་ནས།འགལ་བ་དང་རྩོད་གཞི་རིམ་བཤེར་འདུམ་གཅོད་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས། མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གྱོད་གཞི391བསྒྲུབས་ནས་མཇུག་སྒྲིལ་བ་དང་ཐག་གཅོད་ཚད95.6ཡིན།སྤྱི་པའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་ཐེབས་པ་དང་།མེ་གསོད་མེ་འགོག་གི་བྱ་གཞག་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ་དང་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་།བསྟུད་མར་ལོ16ལ་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བདེ་འཇགས་འཛུགས་སྐྲུནགི་ཕུལ་བྱུང་ས་ཁུལ་དུ་བདམས། ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་།བདེ་འཇགས་ཐོན་སྐྱེད་བསྟུད་མར་ཇེ་ལེགས་སུ་ཕྱིན།རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཁུལ་བདེ་བླག་ངང་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་བརྒྱུད། དེར་བརྟེན། ང་ཚོས་བསྒྲུབ་རྒྱུ་ཁས་ལེན་བྱས་པའི2016ལོའི་དམངས་འཚོའི་དོན་དངོས་བྱ་བ་བཅུ་ཚང་མ་ཚད་གཞི་མཐོན་པོའི་ངང་ལག་བསྟར་བྱས་པ་དང་། མི་དམངས་མང་ཚོགས་ཀྱིཟས་གོས་གནས་མལ་དང་ལས་རིགས་སློབ་གསོ། སྨན་བཅོས་ཁག་ཐེགབཅས་ཀྱི་འགན་སྲུང་གི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ་དང་།འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱེད་པའི་རླབས་ཆེན་གྱི་ལམ་བུའི་ཐོག་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད།

འཐུས་མི་རྣམ་པ། ལོ་གཅིག་གི་རིང་ལ་ང་ཚོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།ཁུལ་ཨུས་བློ་བརྟན་འགྱུར་མེད་གྱིས་འགོ་ཁྲིད་འོགབསླབ་པ་གཉིས་དང་བྱེད་པ་གཅིགགི་སློབ་སྦྱོང་སློབ་གསོ་ནན་ཏན་གྱིས་སྤེལ་བ་དང་།རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱས་པ།སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་འགྲོལ་དང་བཅོས་བསྒྱུར་གསར་གཏོད་བྱས་ཏེ་སྲིད་གཞུང་གི་ཁྲིམས་སྐྱོང་དང་སྤྱོད་གཙང་།ཕན་ནུས། སྤྱོད་ཚུལ་འཛུགས་སྐྱོང་སོགས་ལ་ཡར་རྒྱས་གསར་པ་ཡོང་བར་བྱས།ཚད་གཞི་ཅན་གྱི་ཡིག་ཆ1086གཙང་བཤེར་བྱས་པ་དང་ཚད་གཞི་ཅན་གྱི་ཡིག་ཆ40ལ་ཞིབ་བཤེར་བྱས།རང་འགུལ་སྒོས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལུགས་ཀྱིས་ལྟ་སྐུལ་དང་བྱ་བའི་ལྟ་སྐུལ།སྲིད་གྲོས་ཀྱིས་དམངས་གཙོའི་ལྟ་སྐུལ་དང་ལེན་བྱས།  ཁུལ་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་གྲོས་ཚོགས་ཐེངས་བདུན་པའི་འཐུས་མིའི་བསམ་འཆར་དང་ཁུལ་གྱི་སྐབས་བཅུ་གཉིས་པའི་སྲིད་གྲོས་ཚོགས་འདུ་ཐེངས་དྲུག་པའི་ཨུ་ཡོན་གྱིས་གྲོས་གཞི་ཁྱོན78ཁག་སྒྲུབ་ལ། ཁུལ་གྱི་སྐབས་བཅུ་བཞི་བའི་མི་དམངས་འཐུས་མིའི་གྲོས་ཚོགས་ཐེངས་དང་བོའི་འཐུས་མིས་བཏོན་པའི་གྲོས་འཆར་དང་ཁུལ་གྱི་སྐབས་བཅུ་གསུམ་པའི་སྲིད་གྲོས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཨུ་ཡོན་གྱིས་བཏོན་པའི་གྲོས་གཞི་ཁྱོན116སྒྲུབ་བཞིན་ཡོད།ཤུགས་ཆེན་པོས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ་དམག་སྲིད་དང་དམག་དམངས་བར་གྱི་འབྲེལ་བ་སྔར་བས་དམ་ཟབ་བཏང་།ཁྱོན་ཡོངས་ནས་སྤྱི་ཕན་དང་སྤྱི་ཚོགས་ཀྱི་བྱ་གཞག་མཐུན་སྦྱོར་ངང་གོང་དུ་སྤེལ་ཏེ་རྒྱ་གྲམ་དམར་པོ་དང་དབང་བོ་སྐྱོན་ཅན།མི་རིགས་སྐད་ཡིག་དང་ལོ་རྒྱུས་ཡིག་ཚགས།  བུད་མེད་དང་བྱིས་པ།གནོད་འགོག་གནོད་སེལ་སོགས་ལས་དོན་ཁག་སྐས་རིམ་གསར་པར་སླེབས་ཐུབ་པར་བྱས།མཐུན་སྒྲིལ་མདུན་སྐྱོད་ཀྱི་ལམ་བུའི་ཁྲོད་ང་ཚོས་མཚོ་ནུབ་ཀྱི་སྙིང་སྟོབས་མངོན་པར་བྱས་པ་དང་།མཚོ་ནུབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས།མཚོ་ནུབ་ཀྱིས་འགན་ཁུར་ཕོད་པ་ཤུགས་ཆེ་རུ་བཏང་བ།མཚོ་ནུབ་ཀྱི་བྱ་བའི་བྱེད་སྟངས་འབུར་དུ་ཐོན་པར་བྱས་ཏེ་མཚོ་ནུབ་ཀྱི་མྱུར་ཚད་གསར་ཏུ་བསྐྲུན་ཡོད།

འཐུས་མི་རྣམ་པ།འདས་ཟིན་པའི་ལོ་གཅིག་རིང་གི་དཀའ་སྤྱད་འབད་བརྩོན་བྱས་པའི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་ཚེ་ང་ཚོར་མྱོང་ཚོར་གཏིང་ཟབ་ཞིག་སྐྱེས།གྲུབ་འབྲས་འདི་དག་ནི་ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གིས་བརྩེ་བའི་གཟིགས་སྐྱོང་དང་བློ་བརྟན་འགྱུར་མེད་གྱི་འགོ་ཁྲིད་བྱས་པའི་འབྲས་བུ་རེད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་ཀྱིས་མཚོ་ནུབ་ལ་ལྟ་ཞིབ་བྱས་ཏེ་མཚོ་ནུབ་ཀྱི་འཕེལ་ཕྱོགས་བསྒྱུར་བར་ཁ་ཕྱོགས་བསྟན་པ་དང་གཞི་བཟུང་ས་མཁོ་འདོན་གནང་ལ།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་ནུབ་ཀྱི་བཅོས་བསྒྱུར་དང་འཕེལ་རྒྱས་བྱ་བའི་ཚོགས་འདུ་བསྡུས་ཤིང་།ཞིང་ཆེན་ཨུ་ཡོན་ལྷན་ཁང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དག་ཐེངས་མང་བོར་མཚོ་ནུབ་ལ་ཡོང་ནས་བརྟག་ཞིབ་དང་མཛུབ་སྟོན་བྱས་ཏེ་མཚོ་ནུབ་ཀྱི་འཕེལ་རྒྱས་ཆེད་དུ་ནད་དཔྱད་རྩ་བརྟག་དང་།འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱེད་པར་རོགས་རམ་བྱས་ཏེ་ཤུགས་ཆེན་པོས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལས་ལམ་གསར་སྐྲུན་བྱེད་པར་ཡིད་ཆེས་དང་ཆོད་སེམས་སྦྱིན།གྲུབ་འབྲས་འདི་དག་ནི་ཁུལ་ཨུས་ཡང་དག་པའི་ཐབས་ཇུས་ཀྱི་འབྲས་བུ་ཡིན།རྒྱུན་རྣམ་གསར་བའི་འོག་ཁུལ་ཨུས་དུས་དཔག་བབ་བསྟུན་བྱས་ཏེ་བསམ་བློ་བཅིངས་འགྲོལ་གྱི་བགྲོ་གླེང་ཆེན་མོའི་བྱ་འགུལ་གཏིང་ཟབ་སྒོས་སྤེལ་བ་དང་ཁུལ་གྱི་གནས་ཚུལ་ལ་ངོས་འཛིན་ཡང་དག་བྱས་ལ།འཕེལ་རྒྱས་ཀྱི་གནས་བབ་ཡང་དག་པར་འཛིན་པ་དང་།དུས་ཐོག་ཏུ་འཕེལ་རྒྱས་ཀྱི་གནས་ཚུལ་ཞིབ་འཇུག་བརྡར་གཅོད་བྱས་ཤིང་། དོན་དངོས་དང་མཐུན་པའི་གལ་ཆེའི་གསར་སྐྲུན་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ།མཚོ་ནུབ་ཀྱི་འཕེལ་ཕྱོགས་བསྒྱུར་བར་སྒུལ་ཤུགས་ཆེན་པོ་བསྣན།གྲུབ་འབྲས་འདི་དག་ནི་ཁུལ་ཡོངས་ཀྱི་གོང་འོག་གིས་དོན་འཁྱོལ་དམ་འཛིན་བྱས་པའི་འབྲས་བུ་ཡིན།ང་ཚོས་ཐོག་མཐའ་བར་གསུམ་དུདམངས་ཀྱི་རེ་འདུན་དང་སྲིད་གཞུང་གི་འགུལ་སྤྱོདདུས་ནམ་ཡང་རྒྱུན་འཁྱོངས་དང་དཀྱིལ་སྙིང་བྱ་བར་དམ་པོར་དམིགས་ནས་སྔ་ཙམ་ལ་འཆར་འགོད་དང་སྔ་ཙམ་ལ་བཀོད་སྒྲིགསྔ་ཙམ་ལ་འགུལ་སྐྱོད་བྱས་ལ། ཤུགས་བཏོན་ནས་བྱ་བའི་སྒྲིག་གཞི་དང་ལམ་སྲོལ་གསར་གཏོད་དང་འཐུས་ཚང་དུ་བཏང་།ནུས་ཤུགས་ཡོད་རྒུས་ལས་གཞི་སོ་སོའི་དམིགས་འབེན་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་དང་གྲུབ་འབྲས་ལེན་པར་སྐུལ་འདེད་བྱས།གྲུབ་འབྲས་འདི་དག་ནི་མི་རིགས་སོ་སོས་སྟོབས་ཤུགས་གཅིག་སྒྲིལ་གྱི་འབྲས་བུ་ཡིན།སྔོན་ན་མེད་པའི་དཀའ་ངལ་དང་གནོན་ཤུགས་ལ་གདོང་གཏད་དེ་མཚོ་ནུབ་ཀྱི་མི་རིགས་སོ་སོས་ཕན་ཚུན་བཟོད་སྒོམ་དང་འཆམ་མཐུན་མཉམ་གནས།མཉམ་དུ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཡར་ཐོན།ཆབ་སྲིད་བརྟན་ལྷིང་གི་རྣམ་པ་བཟང་པོ་བསྐྲུན་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་བདེ་ཐང་ངང་གོང་དུ་འཕེལ་བར་ཁོར་ཡུག་བཟང་པོ་ཞིག་བསྐྲུན།གྲུབ་འབྲས་འདི་དག་ནི་རིམ་པ་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་འབད་འབུངས་མདུན་སྐྱོད་བྱས་པའི་འབྲས་བུ་ཡིན།མཚོ་ནུབ་ཀྱི་འཕེལ་རྒྱས་ཆེས་དཀའ་ཁག་ཆེ་བ་དང་གནོན་ཤུགས་ཆེ་བ། ལས་འགན་ཆེས་ལྕི་དུས་སུ་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་འབད་འབུངས་བྱས་ཏེ་གནོན་ཤུགས་ཀྱི་འགྲན་སློང་ལས་རྣམ་པར་རྒྱལ་བ་དང་།ཉམས་སད་ཐེག་པ་དང་ཉམས་མྱོང་བསགས་པ།རྙོག་འཛིང་ཆེ་བའི་དཔལ་འབྱོར་ཁོར་ཡུག་གི་འགྱུར་ལྡོག་ལ་བདེ་ལེགས་ངང་གདོང་གཏད་དེ།ལོ་མང་ལ་བསྒྲུབ་འདོད་པ་དང་ལེགས་འགྲུབ་མ་བྱུང་བའི་དོན་ཆེན་ཁག་ཅིག་གྲུབ་པར་བྱས། 2016ལོ་ནི་མཚོ་ནུབ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་འོད་སྟོང་འབར་བའི་ལེའུ་ཞིག་ཏུ་འགྱུར་ངེས་ཡིན།

འཐུས་མི་རྣམ་པ།འདས་ཟིན་པའི་ལོ་གཅིག་གི་ནང་ཧ་ཅང་རྙོག་འཛིང་དང་ཛ་དྲག་ཆེ་བའི་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་གདོང་གཏད་དེ།ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞུམ་མེད་མདུན་བསྐྱོད་བྱས་ལ། འདི་འདྲའི་གྲུབ་འབྲས་ཤིག་བླངས་པ་ནི་ལས་སླ་བོ་ཞིག་མིན་པ་རེད།མཚོ་ནུབ་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་ཁག་མྱངས་པ་དང་།མཚོ་ནུབ་ཀྱི་འཐུས་མི་དང་ཨུ་ཡོན་གྱི་དཀའ་ཚེགས་མྱངས་སོང་།མཚོ་ནུབ་ཀྱི་ཁེ་ལས་པས་དཀའ་ཁག་མྱངས་སོང་།ལོ་འདིའི་གྲུབ་འབྲས་ནི་བློ་བརྟན་འགྱུར་མེད་དང་ཉིན་མཚན་མེད་པར་གཞི་རིམ་དུ་འཐབ་འཛིང་བྱེད་པའི་གཞི་རིམ་གྱི་ལས་བྱེད་པ་དང་།ཁེ་ལས་དང་རྣམ་གྲངས་ལས་ཁུངས་ཀྱི་ལས་བཟོ་པ་ལ་བརྟེན་ནས་བྱུང་བ་ཡིན།ལྟ་སྐུལ་ནུས་ལྡན་དང་ཐབས་འདོན་ཇུས་འདོན་གྱི་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ལ་བརྟེན་ནས་བྱུང་བ་ཡིན།ཕུན་སུམ་ཚོགས་པའི་བློ་གྲོས་དང་གསར་གཏོད་བྱེད་ཕོད་པའི་ལས་རིགས་ཁག་གི་ཉིང་བཅུད་ལ་བརྟེན་ནས་བྱུང་བ་ཡིན།ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་དང་གཞན་དོན་དུ་བློས་གཏོང་ཕོད་པའི་མཚོ་ནུབ་ཀྱི་མི་རིགས་སོ་སོའི་མང་ཚོགས་ལ་བརྟེན་ནས་བྱུང་བ་ཡིན།མཚོ་ནུབ་ལ་བརྩེ་སེམས་བཅངས་པ་དང་བརྩེ་སེམས་ཀྱིས་རོགས་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས།རོགས་སྐྲུན་ལས་ཁུངས་དང་སྤྱི་ཚོགས་ལས་རིགས་སོ་སོར་བརྟེན་ནས་བྱུང་བ་ཡིན།ལོ་འདིའི་གྲུབ་འབྲས་ནང་ལ་མི་མང་པོ་ཞིག་གི་དཀའ་བ་དང་སེམས་ཤུགས་ཀྱིས་སིམ་ཡོད།ཚང་མར་འདི་འདྲའི་ཚོར་སྣང་ཡོད་པར་ཡིད་ཆེས་ཡོད། འདི་ནས་ངས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་།དམངས་ཆེན་གྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན།དམངས་གཙོའི་ཏང་ཁག་དང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས།ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་དང་།ཀྲུང་དབྱང་དང་ཞིང་ཆེན་གྱི་ཁུལ་སྡོད་ལས་ཁུངས། ཁུལ་སྡོད་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔོན་དམགསྤྱི་བདེ་མེ་འགོག་ལས་བྱེད་ཉེན་རྟོག་པ།མཚོ་ནུབ་འཛུགས་སྐྲུན་འཕེལ་རྒྱས་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་སེམས་ཁུར་དང་རྒྱབ་སྐྱོར་བཅས་ལ་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུ་བ་ཡིན།

འཐུས་མི་རྣམ་པ།ང་ཚོས་གྲུབ་འབྲས་མཐོང་དགོས་པ་མ་ཟད།འཕྲད་པའི་དཀའ་ངལ་དང་འགྲན་སློང་ལ་ངོས་འཛིན་གསལ་པོ་བྱེད་དགོས།དཔལ་འབྱོར་གྱི་འཕེལ་རྒྱས་ནི་སྔར་བཞིན་དཀའ་ཁག་དང་རིགས་བསྒྱུར་རིམ་སྤར་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པ་དང་།འཕེལ་རྒྱས་ཀྱི་ཞན་ཆ་སྔར་བཞིན་ཅུང་མང་བ་དང་།འགུལ་ནུས་བརྗེ་སྤོར་དང་སྒྲིག་གཞི་ལེགས་སྒྲིག་གི་ལས་འགན་ཧ་ཅང་དཀའ་ཚེགས་ཆེ།དཔལ་འབྱོར་མར་ཆག་པའི་གནོན་ཤུགས་སྔར་བཞིན་ཆེ་བ་དང་།དངོས་གཞིའི་དཔལ་འབྱོར་གོང་དུ་འཕེལ་བར་སྔར་བཞིན་དཀའ་ངལ་ལྡན།དངུལ་གཏོང་འཕར་ཚད་ཀྱི་འདེགས་སྐྱོར་སྔར་བཞིན་མི་འདང་བ་རེད། ཚོང་གཉེར་དཔྱ་ཁྲལ་རིན་ཐང་འཕར་བའི་དཔྱ་ཁྲལ་དུ་བསྒྱུར་བ་དང་ཐོན་ཁུངས་དཔྱ་ཁྲལ་རིན་གོང་ལྟར་བསྡུ་བ་སོགས་ཀྱི་སྲིད་ཇུས་རང་བཞིན་གྱི་གླ་ཆ་ཉུང་ལེན་བྱེད་པའི་རྒྱུ་འཕར་བ་དང་།འགྲོ་གྲོན་ཇེ་ཆེར་སོང་བ་དང་ནོར་སྲིད་གཏོང་ལེན་འགལ་བ་མངོན་གསལ་གྱུར།སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་སྤྱོད་ཚུལ་འཛུགས་སྐྱོང་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ།དེའི་རྐྱེན་ང་ཚོས་སྔར་ལས་ཀྱང་སེམས་ཁྲལ་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་དམངས་ཀྱི་རེ་འདོད་ལྟར་སྲིད་སྐྱོང་བ་དང་།རང་ནུས་ཅི་ལྕོགས་ཀྱིས་བྱ་བ་ལེགས་པོར་བསྒྲུབ་པ་དང་ལོ་རྒྱུས་ཀྱི་ལས་འགན་དང་མི་དམངས་ཀྱི་མངག་བཅོལ་སྟོང་ཟད་དུ་མི་གཏོང་བར་བྱེད་དགོས།

2017ལོའི་བྱ་བའི་སྤྱི་ཡོངས་ཀྱི་བཀོད་སྒྲིག

ད་ལོ་ནིལོ་ལྔའི་འཆར་གཞི་བཅུ་གསུམ་པའིའཆར་འགོད་ཀྱི་སྔ་མཐུད་ཕྱི་འདྲེན་གྱི་ལོ་གལ་ཆེན་ཞིག་ཡིན་ལ།མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ལོ་ཞིག་དང་།ཁྱོན་ཡོངས་ནས་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་འགོ་ཚུགས་པའི་ལོ་ཞིག་ཡིན་པ་མ་ཟད།ད་དུང་ཏང་གི་ཚོགས་ཆེན་བཅུ་དགུ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་བདེ་བླག་ངང་འཚོགས་པར་བསུ་མ་བྱ་དགོས།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་ནུབ་ཀྱི་འཕེལ་རྒྱས་ཐད་རེ་བ་ཆེན་པོ་བཟུང་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའིཏན་ཏིག་བཞིའིགལ་ཆེའི་བླང་བྱ་ཡིས་ང་ཚོར་མགྱོགས་མྱུར་སྒོས་གོང་འཕེལ་འགྲོ་བར་རྩ་བའི་གཞི་བཟུང་ས་མཁོ་འདོན་བྱས།ཞིང་ཆེན་ཏང་ཨུ་ཡིའཕོ་འགྱུར་བཞིདང་འབད་བརྩོན་དྲུགགི་བླང་བྱ་གསར་བ་ལྟར།ང་ཚོས་འཛམ་གླིང་གི་དཔལ་འབྱོར་གནས་སྟངས་དང་རྒྱལ་ཡོངས།ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་འཐབ་ཇུས་ཐོག་མཚོ་ནུབ་ཀྱི་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་གནས་བབ་འཆར་འགོད་བྱ་དགོས་པ་དང་།འཕོ་འགྱུར་བཞིའིལག་ལེན་བྱེད་པའི་སྔོན་བྱོན་པ་བརྩོན་ལེན་བྱས་ཏེ།མཚོ་ནུབ་ཀྱི་དོན་དངོས་དང་འཕེལ་རྒྱས་ཀྱི་གནས་བབ་ལ་མཐུན་པའི་ལམ་བུ་ཞིག་ཏུ་བགྲོད་ནས་མཚོ་ནུབ་ཀྱི་ལེགས་ཆ་དང་རིགས་བསྒྱུར་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་བྱེད་པ་དང་།མཚོ་ནུབ་ཀྱི་ཁྱད་ཆོས་དང་། འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས་པའིམཚོ་ནུབ་ཀྱི་འཕོ་འགྱུར་བཞིའིལམ་བུ་གསར་བ་འབུར་དུ་ཐོན་ནས།ཚྭ་འདམ་རྟགས་ཅན་གྱི་གྲུ་གཟིངས་ཆེན་མོབརྟན་བརླིང་ངང་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏང་དགོས།

ད་ལོའི་སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་།ཁྱོན་ཡོངས་བཞིའིའཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ།ཏན་ཏན་ཏིག་ཏིག་བཞིཡི་བླང་བྱ་གལ་ཆེན་གཏིང་ཟབ་ངང་ལག་བསྟར་བྱ་དགོས་ལ།བརྟན་པོའི་ཁྲོད་གོང་དུ་འཕེལ་བའི་བྱ་བའི་སྤྱིའི་དོན་སྙིང་དམ་པོར་འཛིན་པ་དང་། ཁུལ་ཨུས“2456”དང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྤྱིའི་བླང་བྱ་ལྟར།བཅོས་བསྒྱུར་སྒོ་འབྱེད་ཀྱི་སྒུལ་ཤུགས་ཆེན་པོ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་ལྟེ་བར་བཟུང་བ་ལ་རྒྱུན་འཁྱོངས་དང་།མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆ་རང་བཞིན་གྱི་བཅོས་བསྒྱུར་ནི་གཙོ་བོར་འཛིན་པ།ཤུགས་བཏོན་ནས་གཏན་འཇགས་ངང་གོང་འཕེལ། བློ་བརྟན་འགྱུར་མེད་ངང་ནུས་ལྡན་མ་འཇོག་དམ་བཟུང་བྱས་ཏེ། གསར་བྱུང་ཐོན་ལས་དང་དཔལ་འབྱོར་གྱི་འཕར་གཞི་གསར་པ་གསོ་སྐྱོང་དང་།ལྗང་མདོག་འཁོར་རྒྱུག་གི་ཐོན་ལས་ཁྱུ་ཚོགས་བསྐྲུན་དགོས་ལ།དམངས་འཚོ་བསྟུད་མར་བཅོས་བསྒྱུར་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོང་བྱ་དགོས་པ་མ་ཟད།གོམ་གང་མདུན་སྤོས་ཀྱིས་སྲིད་གཞུང་རང་ཉིད་ཀྱི་འཛུགས་སྐྲུན་ཆུ་ཚད་མཐོ་རུ་གཏང་དགོས།གཏིང་ཟབ་པའི་སྒོ་ནས་དཔལ་འབྱོར་གྱི་འཕེལ་རྒྱས་སྲ་བརྟན་མཐོར་འདེགས་གཏོང་བའི་ལོའི་བྱེད་སྒོ་སྤེལ་དགོས་ལ།མུ་མཐུད་དུ་མཚོ་ནུབ་ཀྱི་ལས་ཀ་བྱེད་སྟངས་བསྐྲུན་དགོས་པ་མ་ཟད། དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་གྱི་རླབས་ཆེ་བའི་བརྒྱུད་ལམ་ལ་གོམ་པ་སྤོས་ཏེ།ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་།ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱ་དགོས།

ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་གི་དམིགས་ཚད་གཙོ་བོ་ནི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར12%ཡན་ལ་འཕར་དགོས་ལ།ཐོན་ལས་དང་པོའི་འཕར་ཐང12%ཡན་ལ་འཕར་དགོས་པ་དང་། ཐོན་ལས་གཉིས་པའི་འཕར་ཐང10%ཡན་ལ་འཕར་དགོས།གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང11%ཡན་ལ་འཕར་དགོས། ཐོན་ལས་གསུམ་པའི་འཕར་ཐང13%ཡན་ལ་འཕར་དགོས་པ་དང་།གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་སྒོར་དུང་ཕྱུར800ཡིན།ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དུས་མཉམ་ལས9%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་འཚོང་སྤྱི་འབོར12%དགོས་ལ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མིའི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ10%འཕར་དགོས་པ་མ་ཟད།སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་སྟོན་གྲངས་དང་།ནུས་ཁུངས་གྲོན་ཆུང་བྱས་ནས་འབོག་བཙོག་ཉུང་འབུད།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་ཞིང་ཆེན་རིམ་པའི་དམིགས་འབེན་ནང་ཚོད་འཛིན་བྱ་དགོས།དམིགས་ཚད་འདི་དག་གཏན་འཁེལ་བྱས་པས། དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲོ་ཕྱོགས་ཕྱོགས་བསྡུས་ཞིབ་འཇུག་གིས་ཐག་གཅོད་བྱས་ཡོད་ལ།ལོ་ལྔའི་འཆར་གཞིའི་བཅུ་གསུམ་པདང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ།ཁུལ་ཨུས་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་གཏན་འབེབས་དམིགས་ཚད་མངོན་འགྱུར་བྱེད་པའི་དགོས་མཁོ་དང་བྱུང་ཐུབ་པ་ལ་དོ་སྣང་བྱས་ཡོད་པ་མ་ཟད།  བརྟན་པོའི་ངང་འཕར་བ་དང་གྲུབ་ཆ་ལེགས་སྒྲིག་བྱེད་པའི་དོ་མཉམ་གནས་ཁོང་དུ་ཆུད་པར་བྱས་ཡོད་ལ།ཕྱི་རོལ་ཡུལ་གྱི་དངོན་དོན་གཉེར་བའི་རྩོད་སྒྲུབ་ཀྱི་བསམ་གཞིགས་དང་ཕུགས་ལ་དམིགས་པའི་འཐབ་ཇུས་ཀྱི་བསམ་གཞིགས་གསལ་བོར་མཚོན་ཡོད། དོན་དངོས་ཀྱི་བྱ་བའི་ཁྲོད་ཁུལ་ཡོངས་ཀྱི་གོང་འོག་ཚང་མསམཆོང་ནས་ཁམ་བུ་འཐོག་པའིསྙིང་སྟོབས་ཧུར་ཐག་གིས་དར་སྤེལ་གཏང་དགོས་ལ།འཕེལ་རྒྱས་ཀྱི་མྱུར་ཚད་དང་། བཅོས་བསྒྱུར་གྱི་གཏིང་ཚད།བྱ་བའི་ཤུགས་ཚད་ཕན་ཚུན་གཅིག་གྱུར་བྱས་ཏེ། ནུས་པ་ཡོད་ཚད་བཏོན་ནས་བསྐྱར་དུ་མཚོ་ནུབ་ཀྱི་མྱུར་ཚད་གསར་བཟོ་བྱ་དགོས་ལ།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་མ་ལག་དང་འབྲེལ་མཐུད་བྱ་དགོས་པ་དང་།གནོན་ཤུགས་འཚམ་པོར་སྣོན་པ་རྒྱུན་འཁྱོངས་བྱས་ཏེ།སྔར་ལས་ལེགས་པའི་འབྲས་བུ་ཞིག་བརྩོན་ལེན་བྱ་དགོས།

ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་ལེགས་པར་བསྒྲུབ་པ་དང་།ཆེས་རྩ་བའི་དམིགས་ཡུལ་ནི་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་གཏན་འཁེལ་བྱས་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་ཁ་ཕྱོགས།དམིགས་འབེན་བཅས་ལ་དམ་པོར་དམིགས་པ་དེ་ཡིན་ལ། “2456”གི་སྤྱིའི་བླང་བྱ་དོན་སྙིང་གཙོ་བོར་བཟུང་སྟེ།དཔལ་འབྱོར་སྤྱི་འབོར་ཆེ་བར་གཏང་བ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་ཡར་འདེགས་དགོས།གོམ་པ་རེ་རེ་བྱས་ནས་གཏན་ཁེལ་གྱི་དམིགས་འབེན་དུ་བཅར་དགོས་ལ།མཚོ་ནུབ་ཀྱི་བརྗིད་ཉམས་གསར་བཞེངས་བྱ་དགོས།ཆེས་བྲེལ་འཚབ་ཆེ་བའི་ལས་འགན་ནི་གནད་དོན་གྱི་ཁྲིད་ཕྱོགས་དང་། དམིགས་འབེན་གྱི་ཁྲིད་ཕྱོགས།གྲུབ་འབྲས་ཀྱི་ཁྲིད་ཕྱོགས་སྲ་བརྟན་དུ་འཛུགས་པ་དེ་ཡིན།  འགག་རྩའི་ཚན་པ་དམ་པོར་འཛིན་པ་དང་།མུ་མཐུད་དུ་བཅོས་བསྒྱུར་གཏིང་ཟབ་བྱ་དགོས་ལ། བརྟན་པོའི་ངང་འཕར་བ་དེ་ལས་དོན་སོ་སོའིལས་གཞིའི་ཨང་དང་པོརའཇོག་པ་དང་།རྣམ་གྲངས་འཛུགས་སྐྲུན་དེ་དཔལ་འབྱོར་ལས་དོན་གྱི་རྩ་བའི་འཛིན་ས་རུ་བྱེད་དགོས།རྣམ་གྲངས་འཛུགས་སྐྲུན་སྟེང་བྱ་སྤྱོད་ངོ་མ་སྤེལ་བ་དང་། དངོས་སུ་བསྒྲུབ་པར་བྱས་ཏེ།མཚོ་ནུབ་དཔལ་འབྱོར་འཕེལ་རྒྱས་ཀྱིམཛེས་ཉམས་བརྗེ་བམངོན་འགྱུར་བྱ་དགོས་ལ།དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཡང་བསྐྱར་སྟེགས་བུ་གསར་བ་ཞིག་ཏུ་འགོས་པར་སྐུལ་འདེད་བྱ་དགོས།ཆེས་གནད་འགག་གི་ཚན་པ་ནི་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལ་ལག་ལེན་དོན་འཁྱོལ་ཟབ་མོ་བྱེད་པ་དང་།གཏིང་ཟབ་པའི་སྒོ་ནསམཚོ་ནུབ་ཀྱི་བྱ་བའི་བྱེད་སྟངསདངགཞི་རིམ་གྱི་ལས་དོན་སྤེལ་ཐབསལག་བསྟར་བྱ་དགོས། ངེས་གཏན་བྱུང་བའི་བྱ་བ་དང་སུའི་རྣམ་གྲངས་ལ་བལྟས་ན་གཏན་ནས་ཐེ་ཚོམ་མི་སྐྱེ་པ་དང་།བལྟས་ནས་ལྷོད་གཡེང་མེད་པ་བྱས་ཏེ།རྡོ་ལ་རྐང་རྗེས་འཇོག་པ་དང་ལྕགས་ལ་བཟུང་ན་ལག་རྗེས་འབབ་པ་ལྟ་བུའི་སྙིང་རུས་བསྐྱེད་དེ།རྒྱུན་འཁྱོངས་ལྷོད་མེད་ངང་ཞིབ་བར་འཛིན་པ་དང་། དཀའ་བ་སྤྱད་ནས་སྲིད་ཇུས་དོན་འཁྱོལ་བྱ་དགོས།ཆེས་གལ་ཆེ་བའི་སྔོན་འགྲོའི་ཆ་རྐྱེན་ནི་གོམ་གང་མདུན་སྤོས་ཀྱི་བསམ་བློ་བཅིངས་འགྲོལ་དང་།འཕེལ་རྒྱས་ཀྱི་དམིགས་ཚད་མཐོན་པོར་འཛིན་པ། དམངས་སེམས་ཀྱི་ངར་ཤུགས་ཆེས་ཆེར་བསླངས་ཏེ།བསམ་བློ་བཅིངས་འགྲོལ་ནི་མཚོ་ནུབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའིགོ་རིམ་ཨང་དང་པོརའཇོག་དགོས་ལ།བསམ་བློ་བཅིངས་འགྲོལ་གྱིས་འགག་རྐྱེན་སེལ་བ་དང་། འབུར་ཐོན་འདུ་ཤེས་ཀྱིས་མདུན་ལམ་འབྱེད་དགོས་པ་མ་ཟད།རེས་སྐོར་གསར་པའི་བསམ་བློ་བཅིངས་འགྲོལ་ཆེན་པོ་བརྒྱུད་ནས་མཚོ་ནུབ་ཀྱི་འཕེལ་རྒྱས་ཆེན་པོ་ལ་སྐུལ་འདེད་གཏང་དགོས།

གོང་གསལ་གྱི་སྤྱིའི་བླང་བྱ་དང་སྔོན་དཔག་དམིགས་འབེན་ལ་དམིགས་ཏེ།གཙོ་བོ་གཤམ་གྱི་ཕྱོགས་བཅུ་ཡི་བྱ་བ་ལེགས་པོར་བསྒྲུབ་དགོས་ཏེ།

དང་པོ།ཐོན་སྐྱེད་རྒྱ་བསྐྱེད་པ་དང་འཁོར་སྐྱོད་ཐུབ་པར་འགན་སྲུང་དང་བརྟན་འཕར་ཡོང་བ་བཅས་བྱས་ཏེ།བཟོ་ལས་དཔལ་འབྱོར་གྱི་སྟོབས་ཤུགས་བརྟན་བརླིང་ངང་མཐོ་རུ་གཏོང་དགོས།

ཕྱོགས་བསྡུས་ཐབས་འདོན་གྱིས་ཁེ་ལས་ཀྱི་ཐོན་སྐྱེད་རྒྱ་བསྐྱེད་པ། ཚོང་ར་ཕྱིར་བྲིན་པའི་གླགས་བཟང་ལ་བརྟེན་ཏེ།གནད་ས་ངེས་འཛིན་དང་མ་རྩ་ཇེ་དམའ་རུ་བཏང་ནས་ནུས་ལྡན་བྱེད་ཐབས་བཀོལ་བ་དང་།འགན་སྲུང་གི་བྱེད་ཐབས་ལག་ལེན་དོན་འཁྱོལ་བྱས་ནས།ཁེ་ལས་ཀྱི་ཐོན་ནུས་འདོན་ཅི་ཐུབ་བྱེད་པར་སྣེ་འཁྲིད་དགོས་ལ།ཚྭ་མཚོ་མཐུན་ཚོགས་ཀྱི་ཏུན་འབུམ་གཅིག་ཅན་གྱི་ལྕགས་རིགས་གཞི་གཅིག་ཅན་དང་།ལན་ཁི་ལི་རིགས་ཀྱི་ཏུན་ཁྲི་གཅིག་ཅན་གྱི་ཐན་སྐྱུར་ལི།ཧྭ་ཁྲིན་གྱི་ཏུན་ཁྲི་སུམ་བརྒྱའི་རྡོ་སོལ་འཁྲུད་པ་སོགས་སྔོན་དཔག་ལས་གཞི་སྔ་མོ་ནས་དངུལ་གཏོང་ནུས་ཐོན་བྱ་དགོས།གཙོ་གནད་བཟོ་ལས་ཐོན་རྫས་ཐོན་ཚད་དམ་པོར་གཟུང་སྟེ་ཁེ་ལས་ཀྱི་ཐོན་སྐྱེད་རྒྱ་བསྐྱེད་པ་དང་སྤུས་ཚད་མཐོར་འདེགས་སོགས་ལ་རོགས་འདེགས་བྱས་ཏེ་ཅ་ལུད་ཏུན་ཁྲི་དགུ་བརྒྱ་ལྔ་བཅུ་དང་བུལ་རྐྱང་ཏུན་ཁྲི་བཞི་བརྒྱ་ལྔ་བཅུ།ཐན་སྐྱུར་ལི་ཏུན་ཁྲི་གསུམ་འགྲུབ་དགོས།

ཞབས་ཞུ་ལེགས་བསྒྱུར་བྱས་ཏེ་སྙོམ་སྒྲིག་ཚོད་འཛིན་ནུས་ཤུགས་ཆེ་རུ་གཏོང་དགོས།འཁོར་སྐྱོད་ཀྱི་ལྟ་ཞིབ་ཚད་ལེན་དང་། སྔོན་བརྡ། རོགས་སྐྱོར་མ་ལག་བཅས་འཐུས་ཚང་དུ་གཏོང་དགོས་པ་དང་དཔལ་འབྱོར་འཁོར་སྐྱོད་ཀྱི་འོས་ཚད་སྙོམ་སྒྲིག་ཚོད་འཛིན་ནུས་ཤུགས་ཆེ་རུ་གཏོང་དགོས།མུ་མཐུད་དུ་སྒོར་དུང་ཕྱུར་གཅིག་གིས་ཐོན་སྐྱེད་བརྟན་འཕར་ཡོང་བའི་ཆེད་སྤྱོད་མ་དངུལ་བཙུགས་ཏེ་བཟོ་ལས་དཔལ་འབྱོར་དང་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་བརྟན་འཕར་ལ་ཁག་ཐེག་བྱ་དགོས།མདུན་ལྗོངས་ལེགས་ཤིང་གསར་སྐྲུན་གྱི་ནུས་པ་ཡོད་པའི་ཁེ་ལས་ཆུང་འབྲིང་སྐོར་ཞིག་བསལ་ནས་རྒྱུན་ལྡན་འཁོར་སྐྱོད་ལ་ཞིབ་ལེན་དང་ཞབས་ཞུ་བྱ་དགོས།ཁུལ་དང་གྲོང་ཁྱེརརྫོང་དང་སྲིད་ཨུཁེ་ལས་བཅས་རིམ་པ་གསུམ་མཉམ་འབྲེལ་ཅན་གྱི་ཁེ་ལས་ལ་ཞབས་ཞུ་འདོན་པའི་གཞུང་ལས་ཁང་འཛུགས་པ་དང་།ཁེ་ལས་ལ་འཕྲལ་མཁོའི་རྩིས་ཐོ་ཡང་འཛུགས་དགོས།མུ་མཐུད་དུ་ཁེ་ལས་གཅིག་ལ་སྲིད་ཇུས་གཅིག་གི་རོགས་སྐྱོར་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་།ཁེ་ལས་ལ་ཞབས་ཞུ་འདོན་པ་དམིགས་འབེན་འགན་འཁྲིའི་ནང་འཇོག་དགོས་ཤིང་།ནུས་ཤུགས་ཡོད་རྒུས་རྡོ་སོལ་དང་གློག སྣུམ། སོལ་རླངས།སྐྱེལ་འདྲེན་སོགས་ཀྱི་དཀའ་ཁག་དང་འགལ་ཞི་འདུམ་བྱ་དགོས།ནུས་ཤུགས་ཡོད་རྒུས་ལྕགས་ལམ་སྐྱེལ་འདྲེན་ཚད་ཏུན་ཁྲི2585དང་འཕར་ཚད་བརྒྱ་ཆའི་བཅུ་གཉིས་འགྲུབ་དགོས་ཤིང་།གློག་འདོན་ཚད་སྟོང་ཝ་དུང་ཕྱུར62འགྲུབ་ཅིང་བརྒྱ་ཆའི12འཕར་དགོས།སྤྱི་སྡོམ་བྱ་བར་ལེགས་པོར་འཁྱོངས་པར་བྱས་ཏེ་ཚད་རིག་ཇུས་འགོད་དང་སྙོམ་སྒྲིག་ཞབས་ཞུ་ལ་འགན་སྲུང་བྱ་དགོས།

ཐོན་ལས་འབྲེལ་མཐུད་ལ་ནུས་ཤུགས་ཡོད་རྒུ་འདོན་དགོས།དངུལ་གཏོང་གཙོ་བོ་དང་ཐོན་སྐྱེད་རྒྱུ་རྐྱེན་འབྲེལ་མཐུད་དང་།ཐོན་ལས་མུ་འབྲེལ་གྱི་གོང་འོག་གི་ཐོན་རྫས་ཀྱི་འབྲེལ་མཐུད།གཙོ་གནད་ལས་གཞིའི་འཛུགས་སྐྲུན་རྒྱུ་ཆའི་འདོན་སྤྲོད་འབྲེལ་མཐུད་བཅས་དམ་པོར་གཟུང་དགོས།ནུས་ཤུགས་ཡོད་རྒུས་ཐོན་ལས་ཐོན་རྫས་འབྲེལ་མཐུད་ཀྱི་ཕྱིར་འཚོང་ལ་སྐུལ་བའི་བྱ་འགུལ་སྤེལ་བ་དང་ཐོན་རྫས་ཐོན་གནས་སུ་འཚོང་ཐུབ་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས། ཅ་ལུད་དང་བུལ་རྐྱང་། ཨར་འདམ། སོལ་ཐ། དེ་མིན་ཨར་ལས་རྒྱུ་སོགས་ཀྱི་འབྲེལ་མཐུད་དམ་པོར་འཛིན་དགོས་པ་དང་།གློག་སྤྱོད་དང་གློག་འདོན་ཁེ་ལས་བར་གྱི་འབྲེལ་མཐུད།ཁུལ་ནང་ཁུལ་གྱི་ཁེ་ལས་བར་ཐོན་རྫས་འཚོང་ལེན་སོགས་ལ་སྐུལ་འཁྲིད་བྱེད་པ་དང་འབྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར་སུམ་རྒྱ་ལས་བརྒལ་བར་བརྩོན་ལེན་བྱ་དགོས།

ནུས་ཤུགས་གནད་སར་བཏོན་ཏེ་དཔལ་འབྱོར་དར་སྤེལ་གཏོང་དགོས།ཁྱོན་ཡོངས་ནས་དཔལ་འབྱོར་དར་སྤེལ་གཏོང་བའི་སྲིད་ཇུས་ལག་ལེན་དོན་འཁྱོལ་བྱེད་ཅིང་།དུས་ཐོག་དུ་འབྲེལ་མཐུད་རོགས་སྐྱོར་ལས་གཞི་མགྱོགས་མྱུར་འགྲུབ་ཅི་ཐུབ་བྱེད་པ།ནུས་ཤུགས་ཡོད་རྒུས་དངོས་གཞིའི་དཔལ་འབྱོར་ཐད་ངེས་པ་དོན་གྱི་གྲུབ་འབྲས་ལོན་པར་སྐུལ་སྤེལ་བྱེད་དགོས།དངུལ་རྩར་རྒྱབ་སྐྱོར་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས་པ་དང་།ལྗང་མདོག་གི་དངུལ་རྩའི་ཚོད་ལྟའི་བྱ་བ་གཙོར་བཟུང་ནས་སྤྱི་ཕན་དངུལ་རྩའི་ཕྱོགས་བསྡུས་དཔེ་སྟོན་ས་་ཁུལ་མགྱོགས་མྱུར་གྱིས་འཛུགས་དགོས།དམངས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཕྲེང་བསྟར་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས་པ་དང་།མུ་མཐུད་དུ་དུང་ཕྱུར་བརྒྱ་ཅན་གྱི་ཁེ་ལས་གསོ་སྐྱོང་གི་འཆར་གཞི་དང་ཁེ་ལས་ཆུང་བ་སྟོང་གསོ་སྐྱོང་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱེད་དགོས།མཚོ་སྔོན་ཅིན་ཐའེ་དང་མཚོ་ནུབ་ཧྭ་ཧོས་སོགས་ཁེ་ལས་དག་ལ་ཚོང་རའི་སྒོ་བྱང་འགེལ་བར་རོགས་འདེགས་བྱ་དགོས།ཁེ་ལས་ཆུང་འབྲིང་གི་ཞབས་ཞུ་སྟེགས་བུ་མགྱོགས་མྱུར་འཛུགས་པ་དང་།ལོའི་ནང་ཚད་གཞི་ལོན་པའི་བཟོ་ལས་ཁེ་ལས་ཉེར་ལྔ་གསོ་སྐྱོང་བྱ་དགོས།

གཉིས། ལས་གཞི་དམ་འཛིན་དང་དངུལ་གཏོང་འཕར་སྣོན་ཕན་འབྲས་དངོས་བརྩོན་ལེན་བྱས་ཏེ།འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པ་ཇེ་མཐོར་གཏོང་བར་སྲ་བརྟན་བྱེད་པ།

རྣམ་གྲངས་འཆར་འགོད་གསོག་འཇོག་ལ་ཤུགས་སྣོན་པ། སྟོང་ལྔ་ཅན་གྱི་ཐོན་ལས་འདུས་འཛོམས་དང་རྨང་གཞི་སྒྲིག་ཆས་གཙོ་བོ།གྲོང་རྡལ་གསར་དར་ཅན།  ནུས་སྲི་ཁོར་སྲུང་།སྤྱི་ཚོགས་དམངས་གཙོ་སོགས་ཁྱབ་ཁོངས་དཀྱིལ་སྙིང་དུ་བཟུང་ནས།ལས་གཞི་གསོག་འཇོག་མཛོད་ལེགས་འདེམས་དང་འཐུས་ཚང་དུ་བཏང་སྟེ། སྲིད་གཞུང་གི་དངུལ་གཏོང་ལས་གཞི1400ལས་བརྒལ་ནས་གསོག་འཇོག་བྱེད་ཐུས་པར་འབད་བརྩོན་དང་།དངུལ་གཏོང་མ་དངུལ་སྒོར་དུང་ཕྱུར712ལ་སླེབས་རྒྱུ་ཡིན་ལ།ཞིང་ཆེན་རིམ་པའི་སྟེགས་བུ་ལ་ལས་གཞི་300ཡན་མཚམས་སྦྱོར་བྱེད་པར་འབད་བརྩོན་བྱེད་པ། རྒྱལ་ཁབ་ཀྱིས་བོད་ཁུལ་འཕེལ་རྒྱས་སོགས་གནད་ཆེ་བའི་ལས་གཞིའི་འཆར་གཞིར་དམིགས་ནས་།ཞིང་ཆེན་དང་པུའུ་རིམ་པའི་ལས་གཞི་བརྩོན་ལེན་བྱེད་པའི་ཤུགས་ཚད་ཆེ་རུ་བཏང་སྟེ།འབྲེལ་འདྲིས་དང་མཐུན་སྦྱོར་ཇེ་དྲག་ཏུ་བཏང་ནས།  བདེ་ཐང་ཞབས་ཕྱི་དང་ས་འོག་གི་ཕྱོགས་བསྡུས་སྦུག་ལམ།ཁང་རྙིང་མང་ས་བཅོས་བསྒྱུར་སོགས་ལས་གཞི་སྐོར་ཞིག་རྒྱལ་ཁབ་གནད་སའི་བཟོ་སྐྲུན་ནང་འཇོག་པར་བརྩོན་ལེན་བྱེད་པ།  གནད་སའི་ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ།

གནད་སའི་ལས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། གནད་སའི་ལས་གཞི211ལ་སྐུལ་འདེད་བྱས་ཏེ།དངུལ་གཏོང་མ་དངུལ་སྒོར་དུང་ཕྱུར573ལེགས་འགྲུབ་བྱེད་པ། ཤར་ཐེ་ཅེས་ནའེ་ཨར་ཚྭ་མཚོའི་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་དང་། མཁའ་རླུང་གནོན་བཙིར་ནུས་གསོག    ཞུན་རྡོ་སོགས་ལས་གཞི་ཆེན་མོ་དག་དངོས་འབེབ་བྱེད་པ།ཕན་ནུས་ལྡན་པའི་སྒོ་ནས་དངུལ་གཏོང་བྱེད་པའི་རྣམ་པ་ཞིག་གྲུབ་ནས།ན་གོར་མོ་གནམ་གྲུབ་འབབ་ཐང་རྒྱས་སྐྲུན་དང་།གཏེར་ལེན་ཁ་ནུས་ཁོངས་གསར་བའི་དེང་རབས་ལྕགས་ལམ་ཡོད་པའི་གློག་འཁོར་སོགས་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ།མཚོ་ནུབ་འགྲེམས་སྟོན་ལྟེ་གནས་དང་། ནུས་ཁོངས་གསར་བའི་འགྲེམས་སྟོན་ལྟེ་གནས།ཁུ་ནུ་ཆེན་མོ་དངོས་མང་བཤམས་སྟོན་ཁང་།གཏེར་ལམ་མུའུ་ཁྲི་ཅན་གྱི་ཚན་གཞི་མཐོ་བའི་སྒྲིག་ཆས་ཀྱི་སིལ་ཏོག་རྟེན་གཞི་སོགས་ལས་གཞི་ལ་སྐུལ་འདེད་བྱས་ཏེ།ན་གོར་མོ་ཕྱོགས་བསྡུས་འགྲིམ་འགྲུལ་གནད་འགག་དང་། གཏེར་ལམ་གནམ་གྲུ་འབབ་ཐང་།ན་ལིན་ཀུ་ལི་ཆུ་བེད་གནད་འགག་བཟོ་སྐྲུན་སོགས་སྐྲུན་འཛུགས་བྱེད་པ།ན་གོར་མོ་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་དང་ཐེམ་ཆེན་གནམ་གྲུ་ཐང་།གནམ་གྲུ་ཆེན་མོ་བཤིག་སྤོ་སོགས་ལས་གཞིའི་སྔོན་གྲོས་བྱ་བར་སྐུལ་འདེད་བྱས་ཏེ། ཟླ3པའི་ཟླ་མཇུག་གི་སྔོན་ལ་གཅིག་བསྡུས་སྒོས་ལས་གཞི400བསྐྱར་སྐྲུན་བྱེད་ཐུབ་པ་ཁག་ཐེག་བྱེད་པ་དང་།སྐོར་གཉིས་ལ་བགོས་ནས་ཐོན་ལས་ལས་གཞི་གཙོ་བྱས་པའི་ལས་གཞི400བསྐྱར་སྐྲུན་བྱེད་རྒྱུ་ཡིན།

ལས་གཞིའི་མ་དངུལ་མཉམ་བསྲེས་ཀྱི་སྤྱི་གྲངས་རྒྱ་བསྐྱེད་པ།PPPལས་གཞིའི་ལག་བསྟར་ཞིབ་ཕྲ་བཏོན་ནས།ཞིབ་བཤེར་དང་ཐོན་ཚད་འཕར་བར་བྱ་དགའ་སྟེར་བའི་རྐྱེན་སྲོལ་བཙུགས་ཏེ། འབྲེལ་ཡོད་ལས་རིགས་དང་ཁྱབ་ཁོངས་ཀྱིPPPལས་གཞི་ཞིབ་འཇུག་དང་ཇུས་འགོད་བྱས་ཏེ།ས་གནས་རེ་རེའི་ལོའི་ནང་དཔེ་སྟོན་ལས་གཞི་3ནས5བར་ལག་བསྟར་བྱེད་པ།ཕྱོགས་ཡོངས་ནས་དམངས་སྲོལ་ཕྱོགས་ལ་མ་དངུལ་གཏོང་བ་དང་ཁྱབ་ཁོངས་ཆེ་རུ་བཏང་ནས། དམངས་སྲོལ་དངུལ་གཏོང་སྒོར་དུང་ཕྱུར292ལེགས་འགྲུབ་བྱེད་པ་དང་བརྒྱ་ཆའི18འཕར་ཐུབ་པ་བརྩོན་ལེན་བྱེད་དགོས།ཁུལ་ཕྱི་ནང་གི་དངུལ་རྩའི་སྡེ་ཁག་གི་འཐབ་ཕྱོགས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ།དངུལ་རྩའི་སྟེགས་བུ་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ། དམངས་སྲོལ་དངུལ་གཏོང་དེ་དངུལ་རྩའི་ཞབས་ཕྱིའི་ཁྱབ་ཁོངས་སུ་ནང་འདྲེན་བྱས་ཏེ།ཁེ་ལས་དེ་རིམ་པ་མང་པོའི་མ་རྩའི་ཚོང་རའི་མཉམ་བསྲེས་ནང་ཞུགས་པར་སྐུལ་འདེད་བྱས་ཏེ།མ་དངུལ་སྒོར་དུང་ཕྱུར་ཁྲི་ཅན་གྱི་དངུལ་མཛོད་གསོ་སྤེལ་བྱས་ནས།དངུལ་རྩའི་མི་འདང་ས་ཁ་གསབ་བྱེད་པ། ཁེ་ལས་ཀྱི་དངུལ་བུན་དང་། ཀུང་ཟིའི་དངུལ་བུན།སྒེར་འཛིན་དངུལ་བུན། དུས་རིམ་བར་མའི་འཛིན་ཡིག་དང་།མ་དངུལ་མཉམ་བསྲེས་ཀྱི་བོགས་མར་གཏོང་ལེན་སོགས་ཕྱོགས་ཀྱི་བྱེད་ཐབས་བརྒྱུད་ནས།ཐད་ཀར་མ་དངུལ་མཉམ་བསྲེས་སྒོར་དུང་ཕྱུར300ཡན་ལ་སླེབས་པར་འབད་བརྩོན་བྱེད་དགོས།

གསུམ། བྱེད་ཐབས་བསྒྱུར་ནས་སྒྲིག་གཞི་ལེགས་སྒྲིག་བྱས་ཏེ་ཕན་ནུས་མཐོ་རུ་བཏང་ནས།རྣམ་པ་བསྒྱུར་བའི་འཕེལ་རྒྱས་ཆུ་ཚད་ཇེ་མཐོར་གཏོང་དགོས།

སྲོལ་རྒྱུན་ཐོན་ལས་ཡར་འཕར་བ་ཇེ་མགྱོགས་སུ་གཏོང་དགོས། སྲོལ་རྒྱུན་ཐོན་ལས་ལེགས་བཅོས་དང་བཟོ་སྐྲུན་ཡར་འཕར་བ་ལག་བསྟར་བྱས་ཏེ།ཚྭ་མཚོ་བཟོ་ལས་རྫས་འགྱུར་དང་། སྣུམ་རླངས་བཟོ་ལས་རྫས་འགྱུར།རྡོ་སོལ་བཟོ་ལས་རྫས་འགྱུར།ལྕགས་རིགས་བཙོ་སྦྱངས་བཅས་སྲོལ་རྒྱུན་ཐོན་ལས་ཆེན་པོ་བཞིའི་སྤུས་ཚད་ཇེ་མཐོར་བཏང་ནས་ཕན་འབྲས་ཇེ་ལེགས་སུ་གཏོང་བ།ཚྭ་མཚོའི་ཕྱོགས་བསྡུས་བདེ་སྤྱོད་དུས་རིམ་དང་པོ་དང་གཉིས་པར་སྐུལ་འདེད་བྱས་ཏེ།ཧུན་ཞིན་ཐན་འདྲེས་སྐྱུར་ལིས་སོགས་རྣམ་གྲངས་ཁག་གི་ཐོན་འབོར་དང་དམིགས་ཚད་གཉིས་ལ་ཡར་སྐུལ་བྱས་ནས།ཏུན་ཁྲི800ཅན་གྱི་སོལ་འདེམས་ར་བ་སོགས་ལས་གཞི་ཚོད་ལྟའི་ཐོན་སྐྱེད་བྱེད་པར་བརྩོན་ལེན་བྱེད་དགོས།སོལ་བཟོས་ཞི་ན་དང་གསེར་ཐོན་ཐོན་ལས་གླིང་སོགས་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ།ཏུན50ཅན་གྱི་རླངས་རྨང་རླངས་སོལ་ལྕགས་འགྱུར་སོགས་ལས་གཞི་ཐོན་སྐྱེད་ཚོད་ལྟ་བྱེད་མགོ་རྩོམ་པ་སྐུལ་འདེད་དང་།སྒོར་དུང་ཕྱུར་སྟོང་ཅན་གྱི་ལཱིས་ཐོན་ལས་འདུས་འཛོམས་བཞེངས་སྐྲུན་བྱེད་པ་དཀྱིལ་སྙིང་དུ་བཟུང་ནས་ལྕགས་རིགས་ལཱིས་དང་།ལཱིས་གློག་རྫས་རྒྱུ་གསུམ་ཕོ་སྣེའི་རྒྱུ་ཆ་སོགས་ལས་གཞི་ལས་མགོ་རྩོམ་པར་སྐུལ་འདེད་དང་།འབྲེལ་ཡོད་ཐོན་ལས་ཆ་ཚང་ནང་འདྲེན་བྱས་ཏེ།ཐོན་རྫས་ཀྱི་རིགས་སྣ་མུ་མཐུད་དུ་རྒྱ་བསྐྱེད་དུ་བཏང་ནས།ལཱིས་ཐོནས་ལས་སྒྲིག་ཆས་རྒྱ་ཁྱོན་ལ་ཏུན་ཁྲི་བདུན་ལ་སླེབས་ཐུབ་པ་བྱེད་དགོས།ཏུན་ཁྲི་སྟོང་རིམ་པའི་མ་བཅོས་རྡོ་སྣུམ་གསོག་འཇོག་དང་།སྣུམ་རླངས་བཟོ་འགྱུར་ཐོན་ལས་འདུས་འཛོམས་བཞེངས་སྐྲུན་བྱེད་པ་དཀྱིལ་སྙིང་དུ་བཟུང་ནས་ཏུན་སྟོང་ཁྲི་རིམ་པའི་མ་བཅོས་རྡོ་སྣུམ་གསོག་འཇོག་སོགས་ལས་གཞི་ཇུས་འགོད་དང་། རྡོ་སྣུམ་རྩད་ཞིབ་དང་ཐོན་ནུས་འཛུགས་སྐྲུན་ལ་མ་དངུལ་བཏང་ནས། མ་བཅོས་རྡོ་སྣུམ་ཏུན་ཁྲི228དང་རང་བྱུང་སོལ་རླངས་ལིས་ཧྥང་མུས་དུང་ཕྱུར67ཐོན་སྐྱེད་བྱེད་ཐུབ་པར་འབད་བརྩོན་བྱེད་དགོས།མ་བཅོས་རྡོ་སྣུམ་ལས་སྣོན་ཚད་ཏུན་ཁྲི150སླེབས་དགོས་པ་དང་། ཀྲུང་ཧྭ་རྡོ་སྣུམ་དོ་དམ་སྦུག་ལམ་ལ་མཐུན་སྦྱོར་བྱས་ཏེ་ན་གོར་མོ་རུ་རྒྱུན་བསྲིངས་པའི་ལས་གཞིའི་སྔོན་འགྲོས་བྱ་བར་སྐུལ་འདེད་བྱེད་དགོས།

ནུས་ཁོངས་གསར་བའི་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས།   སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་ཁོངས་གསར་བའི་ཐོན་ལས་ཁྱུ་ཚོགས་སྐྲུན་པ་དཀྱིལ་སྙིང་དུ་བཟུང་ནས།ནུས་ཁོངས་གསར་བའི་ཐོན་ལས་སྣེ་ཁྲིད་ཀྱི་བཟོ་སྐྲུན་ལག་བསྟར་བྱས་ཏེ།རྒྱལ་ཁབ་ཀྱི་སྐོར་འོད་ཤུགས་གློག་འདོན་དཔེ་སྟོན་ས་ཚིགས་དང་། ན་གོར་མོའི་ཀྲོ་ཝ250ཅན་གྱི་འོད་ཧྥུའུ་གློག་འདོན་སོགས་ཀྱི་ལས་གཞི་འཛུགས་སྐྲུན་བྱེད་པ།དུང་ཕྱུར་10ཅན་གྱི་ནུས་ཁོངས་གསར་བའི་ཐོན་ལས་ཀྱིས་འཕེལ་རྒྱས་མ་རྩ་བསྐྲུན་པ་དང་།གཏེར་ལེན་ཁ་དང་།ན་གོར་མོ༼སྣེ་སྟོན་པ༽འི་སྔོན་ཐོན་ལག་རྩལ་འོད་ཧྥུའུ་གློག་འདོན་དཔེ་སྟོན་ལས་གཞི་འཛུགས་སྐྲུན་བྱས་ཏེ།མཚོ་ནུབ་ཁུལ་གྱི་རྒྱལ་ཁབ་ཐཱན་མེད་ནུས་ཁུངས་དཔེ་སྟོན་རྟེན་གཞི་བཞེངས་སྐྲུན་བྱས་ནས།ནུས་ཤུགས་ཡོད་རྒུས་རྒྱུན་ལྡན་གྱི་འོད་ཧྥུའུ་དང་རླུང་གློག་ལས་གཞི་ལ་སྐུལ་འདེད་དང་རོགས་འདེགས་བྱས་ཏེ།ནུས་ཁོངས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གཞི་ཁྱོན་ཅི་ཝ2.7གསར་སྣོན་བྱེད་པར་བརྩོན་ལེན་བྱས།

ལུའུ་ནུན་གྱི་ཀྲའོ་ཝ700ཅན་གྱི་ནུས་མང་ཁ་གསབ་དང་ན་གོར་མོ་ལྷོ་རི་ཁའི་འོད་ཧྥུའུ་ཆུ་འགག་གསོག་ནུས་སོགས་དུས་སྔོན་གྱི་བྱ་བ་ལེགས་པོར་གཟུང་ནས།ལོའི་ནང་དུ་དོན་ཐོག་ཏུ་འབབ་པར་ནུས་པ་འདོན་དགོས།ཨེ་ནུན་སིན་གྱི་དུས་རིམ་དང་པོའི་ཏུན་ཁྲི30ཅན་གྱི་ཚ་གསོག་སྦྱར་ཚྭ་དང་ཐའོ་རི་མཐུན་ཚོགས་ཀྱི་ཀྲའོ་ཝ་སུམ་བརྒྱ་ཅན་གྱི་ལྷུ་སྒྲིག་སོགས་ལས་གཞི་མགྱོགས་མྱུར་ལག་བསྟར་བྱེད་པ་དང་།ནུས་ཤུགས་ཡོད་རྒུས་ནུས་ཁུངས་གསར་བའི་གནོན་ཤུགས་ཆེ་བའི་སྐྱེལ་འདྲེན་བགྲོད་ལམ་ལས་གཞིའི་དུས་སྔོན་གྱི་བྱ་བར་ཤུགས་འདོན་ཞིང་། སྟོང་ཧྥུའུ750ཅན་གྱི་ཁ་གསབ་བཟོ་སྐྲུན་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱ་དགོས།

རྒྱུ་ཆ་གསར་བའི་ཐོན་ལས་གསོ་སྐྱོང་བྱ་དགོས།དུང་ཕྱུར་སྟོང་ཅན་གྱི་རྒྱུ་ཆ་གསར་བའི་ཐོན་ལས་ཁྱུ་ཚོགས་དམ་པོར་གཟུང་ནས་རྒྱུ་ཆ་གསར་བའི་ཐོན་ལས་སྐྱོང་བའི་བཟོ་སྐྲུན་ཞེས་པ་འགོ་རྩོམ་དགོས།ད་ཡོད་ཀྱི་རྒྱུ་ཆའི་བཟོ་ལས་རྨང་གཞི་བྱས་ཏེ་གཙོ་གནད་ཁེ་ལས་བསྟེན་མར་བཞག་སྟེ།ལྕགས་རིགས་མའེ་དང་མའེ་འདྲེས་ལྕགས་རིགས། སྐྱེ་མེད་ལྕགས་རིགས་མ་ཡིན་པ།རྡུལ་མང་རྒྱུ་ཆ་སོགས་རྒྱུ་ཆ་གསར་བའི་ཐོན་ལས་སྐྱོང་དགོས་པ་སྟེ།ཏུན་ཉིས་སྟོང་ཅན་གྱི་ཅུའུ་པུན་ལེའུ་མེ་དང་མེ་འགོག་པང་ལེབ་སྨི་གྲུ་བཞི་མ་ཆིག་སྟོང་ཅན་སོགས་ལས་གཞི་བཅུ་དྲུག་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ་དང་གོ་རིམ་ཡོད་པའི་སྒོ་ནས་ཞི་ཅིན་ཐོན་ལས་ལས་གཞིའི་འཆར་འགོད་བཀོད་སྒྲིག་བྱ་དགོས།

ཁྱད་ལྡན་སྐྱེ་དངོས་ཐོན་ལས་སྤུས་དག་འཁྱོངས་དགོས།དུང་ཕྱུར་སྟོང་ཅན་གྱི་ཁྱད་ལྡན་ཐོན་ལས་ཚོགས་དེ་དམ་པོར་གཟུང་སྟེ།ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཙོ་གནད་བྱས་ཏེ།ཁྱད་ལྡན་སྐྱེ་དངོས་ཐོན་ལས་ཀྱི་སྤུས་འདེགས་ནུས་འཁྱོངས་བཟོ་སྐྲུན་ལས་འགོ་རྩོམ་དགོས།ཞིང་ཕྱུགས་ལས་བདག་གཉེར་གྱི་སྒྲིག་གཞི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།ཞིང་ཕྱུགས་ལས་མགྱོགས་མྱུར་ངང་ནས་ཚད་ལྡན་ཅན་དུ་གཏོང་དགོས་པ་དང་། རྫས་གསུམ་ཚད་གཅིག་གི་ངེས་འཛིན་སྐུལ་འདེད་བྱས་ཏེ་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཀ་མཐོར་འདེགས་གཏོང་དགོས།གཙོ་བོ་འཕང་འབྲས་སོགས་ལས་སྣོན་ལས་གཞི་སྐུལ་སྤེལ་བྱ་དགོས།  ཧུར་ཐག་གི་སྒོ་ནས་ལི་གྲོའི་ཐོན་སྐྱེད་ལས་སྣོན་སྐོར་གྱི་ལག་རྩལ་ཞིབ་འཇུག་བྱེད་པ་དང་།རི་སྐྱེས་འཕང་འབྲས་ནག་པོ་སོགས་ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་བྱེད་དགོས།མཐོ་སྒང་གི་ནོར་གནག་དང་བོད་ལུགས་སོགས་སྐྱེ་ཁམས་ཕྱུགས་ལས་གསོ་སྐྱོང་ལས་སྣོན་གྱི་རྟེན་གཞི་འཛུགས་དགོས།དུས་མཚུངས་སུ་ཤུགས་ཆེན་པོས་སྤྲོ་གསེང་གི་རྣམ་པའི་ཞིང་ཕྱུགས་ལས་རིགས་དང་གློག་རྡུལ་ཚོང་ལས།ཞིང་སྡེ་ཡུལ་སྐོར་སོགས་ཐོན་ལས་གོང་དུ་སྤེལ་ཏེ།ཐོན་ལས་གཅིག་གཉིས་གསུམ་བཅས་མཉམ་བསྲེས་བྱེད་པ་དང་འཕར་སྣོན་རིན་ཐང་དུང་ཕྱུར་སོ་གཉིས་ཡན་ལ་ཐོན་པར་ཁག་ཐེག་བྱ་དགོས།

བཞི་བ།བཅོས་བསྒྱུར་དང་ཁེ་ཕན་བསྐྲུན་པ་དང་གསར་སྐྲུན་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་མཐོར་གཏོང་དགོས།

འདོན་སྤྲོད་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་བྱ་དགོས།གཏིང་ཟབ་པའི་སྒོ་ནས་གསུམ་ལེན་པ་དང་གཅིག་མར་འཕེན་པ་གཅིག་ཁ་གསབ་བྱེད་པའི་ལས་འགན་ཆེན་མོ་ལྔ་སྐུལ་འདེད་བྱེད་པ་དང་།དམིགས་འབེན་གསལ་བ་དང་ཁ་ཕྱོགས་གསལ་དགོས་ལ།འགལ་བ་ཞི་འདུམ་བྱེད་པ་དང་ནང་རྐྱེན་གྱི་གེགས་སེལ་བ་གཙོ་བོར་བྱེད་པ་དང་། འདོན་སྤྲོད་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་སྤེལ་བྱེད་པའི་བྱེད་ཐབས་བཅུ་གཉིས་འཐུས་ཚང་དུ་གཏོང་བ་དང་།དེའི་སྤུས་ཀ་དང་ལས་ཕྱོད་ཀྱང་མཐོ་རུ་འདེགས་དགོས། བློ་བརྟན་འགྱུར་མེད་ཀྱིས་ཐོན་ནུས་ལེན་པ།རྒྱལ་ཁབ་དང་ཞིང་ཆེན་གྱི་རྣོ་ལྕགས་དང་རྡོ་ཐལ་ལས་རིགས་ཀྱི་ཐོན་ལས་ལེན་དགོས་པའི་བླང་བྱ་ལྟར།ཡང་དག་དང་ཁོར་སྲུང་།བདེ་འཇགས་སོགས་ཁྲིམས་ལུགས་ཁྲིམས་སྲོལ་དང་ཚད་གཞི་ལག་བསྟར་བྱེད་དགོས་པ་དང་།ཁེ་ལས་ཀྱི་ཐོན་ནུས་སེལ་བ་དང་རྗེས་ལུས་འདོར་བ་སོགས་བྱ་བ་ལེགས་པོ་སྐྱོང་དགོས།ཁེ་ལས་ཀྱི་ཕྱིར་འབུད་ཇུས་གཞི་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བྱེད་པ་དང་ལས་བཟོ་བའི་བཀོད་འདོམས་བྱ་བ་ལེགས་པོ་འཁྱོངས་དགོས།མཛོད་ཁང་གསོག་ཉར་མེད་པར་བྱེད་ཅིང་རིག་ལམ་ཡངས་དགོས།ཁུལ་ནང་ཁུལ་གྱི་ཚོང་རྫས་བརྗེ་རེས་བྱེད་པ་འཐུས་ཚང་དུ་གཏོང་བ་དང་།བཟོ་ལས་ཐོན་རྫས་ཕྱིར་འཚོང་བྱེད་པའི་ཐབས་ལམ་ལེགས་པོ་འཚོལ་བ་དང་ཐོན་རྫས་མཛོད་ཁང་དུ་ཉར་གསོག་མེད་པར་བྱ་དགོས།མང་ཚོགས་ཀྱི་སྡོད་ཁང་གི་དགོས་མཁོ་འདོན་སྤྲོད་བྱེད་པ་དང་དྲོད་ཁང་གི་སྒྲིག་བཀོད་ཤུགས་ཚད་ཆེ་རུ་གཏོང་དགོས།ལོ་མཇུག་ལ་མཛོད་ཉར་བྱས་ཡོད་པའི་ཁང་བ2570ཡི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་ཁྲི20བཀོད་སྒྲིག་བྱས་ཚར་དགོས།ཁུལ་རིམ་པ་དང་ན་གོར་མོ་གྲོང་ཁྱེར་གྱི་གཞུང་གི་སྡོད་ཁང་བཅོས་བསྒྱུར་བྱེད་པའི་འགོ་རྩོམ་དགོས།སྤྱི་པའི་གླ་གཏོང་སྡོད་ཁང་གཙོ་བོ་ཡིན་པའི་ལས་རིགས་སྤེལ་དགོས།ཁེ་ལས་ཀྱི་མ་དངུལ་བསྲེ་བའི་ཐབས་ལམ་རྒྱ་བསྐྱེད་པའི་དུས་མཚུངས་སུ་གསོག་ཉར་མ་དངུལ་བཀོལ་སྤྱོད་གང་ལེགས་གང་འཚམ་བྱེད་དགོས་པ་དང་།ཁེ་ལས་ཀྱི་རྒྱུ་ནོར་རྐང་འཛིན་ཅན་དུ་གཏོང་བ་དང་དངུལ་བུན་སྒྲིག་གཞི་སོགས་ལེགས་སྒྲིག་བྱེད་པ་དང་།ཁྲིམས་ལྟར་མ་རྩ་རྡིབ་པ་ལག་བསྟར་དང་མ་རྐང་གི་དབང་ཆ་མཉམ་བསྲེ་གོང་སྤེལ། བུན་དབང་བརྗེ་སྤོར་སོགས་ཀྱི་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་དགོས།སྲིད་གཞུང་གི་དངུལ་བུན་དོ་དམ་ལ་ཤུགས་བསྣན་ནས་འཕྲོ་དངུལ་དང་ཚད་གཞིའི་དོ་དམ་ལག་བསྟར་ནན་མོ་བྱས་ནས།ས་ཁོངས་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་འབྱུང་བར་ནུས་པ་འདོན་དགོས། བྱེད་ཐབས་སྣ་མང་སྤྱད་དེ་མ་རྩ་ཇེ་དམའ་རུ་གཏོང་དགོས།ཁེ་ལས་ལག་བསྟར་ཞིབ་ཚགས་ཅན་གྱི་དོ་དམ་ལ་སྣེ་ཁྲིད་དེ་ཁྱོན་ཡོངས་ནས་ནང་ཁུལ་ནས་སྔོན་ཐོན་འཚོལ་བ་དང་།གོམ་གང་མདུན་སྤོའི་སྒོས་མེ་འཁོར་སྐྱེལ་འདྲེན་གྱི་གོང་བཅད་སྲིད་ཇུས་དང་། ལམ་གླ་དང་རང་བྱུང་སོལ་རླངས་བཅས་སྤུས་དག་གོང་བདེ་སོགས་ཀྱི་རྒྱུ་རྐྱེན་འགན་སྲུང་བྱེད་པ་དང་།ལྕགས་ལམ་དང་གློག་འདོན་སྡེ་ཁག་གིས་ཚད་གཞི་ལོན་པའི་ཁེ་ལས་ཀྱི་འཛིན་བྱང་དང་ལེན་དང་སྔོན་ལ་རིན་སྤྲོད་པའི་ལམ་ལུགས་མེད་པར་བཟོ་དགོས།ཁེ་ལས་སུ་སོལ་རླངས་སོགས་ཀྱི་ཐོན་ལས་བརྟན་བརླིང་ཡིན་པ་དང་ནུས་ཕྱོད་ཇེ་ཆེར་འགྲོ་བར་རྒྱབ་སྐྱོར་བྱེད་དགོས་ལ།མུ་མཐུད་དུ་གློག་ཤུགས་ཐད་ཀར་ཉོ་འཚོང་བྱེད་པའི་ཁྱབ་རྒྱ་དང་གཞི་ཁྱོན་རྒྱ་བསྐྱེད་དགོས་པ་དང་།སྐྱི་དངུལ་དང་བུ་ལོན་ཐད་ཀྱི་སྲིད་ཇུས་ལག་བསྟར་བྱེད་དགོས་ཤིང་ནུས་པ་ཡོད་པའི་སྒོ་ནས་ཁེ་ལས་ཀྱི་མ་རྩ་ཇེ་དམའ་རུ་གཏོང་བ་དང་ཁེ་ཕན་ཇེ་མང་དུ་གཏོང་དགོས།འཕེལ་རྒྱས་ལ་ཕྱོགས་ཏེ་མི་འདང་སར་ཤུགས་སྣོན་དགོས། དངུལ་རྩ་དང་ནོར་སྲིད།འཇོན་མིའི་འགན་སྲུང་།རྨང་གཞི་སྒྲིག་ཆས་སོགས་འཕེལ་རྒྱས་ལ་འབྲེལ་བ་ཡོད་པའི་རྒྱུ་རྐྱེན་དམ་པོར་འཛིན་དགོས་ལ།དཔལ་འབྱོར་འཕེལ་རྒྱས་ཀྱི་རིག་ལམ་དང་ཐབས་ལམ་གསར་བ་འཚོལ་དགོས་པ་དང་བྱེ་བྲག་གི་བྱེད་ཐབས་གཏན་འབེབས་བྱས་ཏེ།འཕེལ་རྒྱས་ལ་རམ་འདེགས་བྱ་དགོས།ནང་འདྲེན་དང་ཆེད་ཅན་གྱི་གསོ་སྐྱོང་བྱེད་ཐབས་བཀོལ་ནས་འཇོན་མི་ནང་འདྲེན་བྱེད་དགོས།ད་ཡོད་ཀྱི་དངུལ་རྩའི་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ་མི་འདང་སར་ཁ་གསབ་བྱེད་དགོས་པ་དང་།དེང་རབས་ཅན་གྱི་སྒྲིག་ཆས་མ་ལག་མགྱོགས་མྱུར་འཛུགས་པ་དང་།ནང་རྐྱེན་གསར་བ་སྒྲིག་འཛུགས།ཐོན་ཁུངས་བཀོད་སྒྲིག་དེ་གནས་བབ་ལེགས་པའི་ཐོན་ལས་དང་ལས་གཞི་ལ་ཕྱོགས་དགོས།

གཙོ་གནད་ཁྱབ་ཁོངས་གཅིག་གྱུར་བཅོས་བསྒྱུར་བྱེད་པར་སྐུལ་འདེད་བྱ་དགོས།གཏིང་ཟབ་པའི་སྒོ་ནས་གཏོང་དོམ་ཞབས་ཞུ་བཅས་ཀྱི་བཅོས་བསྒྱུར་སྤེལ་བ་དང་།རྩིས་ཐོ་གསུམ་དང་དྲ་ཚིགས་གཅིག་གི་འཛུགས་སྐྲུན་དམ་པོར་འཛིན་པ་དང་།སྔར་བས་སྲིད་འཛིན་ཞབས་ཞུ་དང་སྤྱི་སྤྱོད་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཚད་ལྡན་འཛུགས་སྐྲུན་བྱེད་པ།གཏིང་ཟབ་པའི་སྒོ་ནས་དམངས་ལ་སྟབས་བདེ་བསྐྲུན་པའི་བྱ་འགུལ་སྤེལ་བ་དང་། བྱ་བའི་ལས་རིམ་སོ་སོའི་ལྟ་དོམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།སྐབས་བསྟུན་གཉིས་དང་སྤྱི་བསྒྲགས་གཅིག་གི་ལྟ་དོམ་ཁེབས་ཚད་ཡོངས་སུ་གཏོང་དགོས།སྤྱི་ཚོགས་ཀྱི་མ་རྩ་དང་དམངས་གཉེར་ཁེ་ལས་བཅས་རྒྱལ་ཁབ་ཀྱི་ཁེ་ལས་ལམ་ལུགས་བཅོས་བསྒྱུར་དུ་འཇོག་པ་དང་།དམངས་ཁྲོད་ཀྱི་མ་རྩ་བཀོལ་བའི་ཁྱབ་རྒྱ་ཆེ་རུ་བསྐྱེད་དགོས།ཏི་ནོང་ཀུང་ཟི་སོགས་རྒྱལ་དབང་རྨོ་འདེབས་ཁེ་ལས་བདུན་ལེགས་སྒྲིག་བྱེད་པ་དང་།ཚྭ་འདམ་རྨོ་འདེབས་མཐུན་ཚོགས་སྒྲིག་འཛུགས་བྱེད་དགོས།མགྱོགས་མྱུར་ངང་ཚྭ་མཚོའི་དོ་དམ་ལམ་ལུགས་བཅོས་བསྒྱུར་བྱེད་པ་དང་།ནུས་པ་ཡོད་པ་དང་ཕྱོད་ཆེ་བའི་རྩ་དོན་རྒྱུན་འཁྱོངས་དང་།ཚོད་ལྟ་ཁུལ་གྱི་བྱ་བའི་ལས་འགན་ལེགས་སྒྲིག་བྱེད་པ་དང་།དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། བློ་རྩེ་གཅིག་སྒྲིམ་གྱིས་གླིང་ཁུལ་ཐོན་ལས་འཕེལ་རྒྱས་འཛིན་དགོས།དངུལ་གཏོང་དང་ནོར་སྲིད་ལམ་ལུགས།་ཞིང་སྡེའི་དབང་གསུམ་ལམ་ལུགས་སོགས་ཁྱབ་ཁོངས་སོ་སོ་བཅོས་བསྒྱུར་བྱས་ཏེ། སྐོར་ཞིག་ཞིང་ཆེན་གྱི་སྔོན་དུ་འགྲོ་བར་བརྩོན་དགོས།

གཏིང་ཟབ་པའི་སྒོ་ནས་གསར་སྐྲུན་གྱིས་འཕེལ་རྒྱས་སྒུལ་བའི་འཐབ་ཇུས་བསྟར་དགོས།ཁྱོན་ཡོངས་ནས་གསར་གཏོད་ཀྱིས་འཕེལ་རྒྱས་སྒུལ་བའི་སྲིད་ཇུས་བྱེད་ཐབས་མངོན་འགྱུར་བྱེད་པ་དང་ཐབས་ལམ་གང་མང་བཀོལ་ནས་སྤྱི་ཚོགས་ཡོངས་ཀྱི་ཚན་རྩལ་འཕེལ་རྒྱས་ལ་ས་གནས་ཀྱི་ཐོན་སྐྱེད་སྤྱི་འབོར་ལས་བརྒྱ་ཆའི0.8ཡན་ཟིན་དགོས་པ་དང་།ཚན་རྩལ་འཕེལ་རྒྱས་ཀྱིས་དཔལ་འབྱོར་གོང་འཕེལ་ལ་བྱས་རྗེས་འཇོག་ཚད་བརྒྱ་ཆའི་ང་གཉིས་ཀྱི་ཡན་ཡིན་དགོས།མགྱོགས་མྱུར་ངང་མཚོ་ནུབ་ཀྱི་ཉི་འོད་གྲོང་མཁར་གྱི་དུས་སྔོན་བྱ་བ་བསྒྲུབ་པ་དང་།ཕྱོགས་བསྡུས་བེད་སྤྱོད་ཐོན་ལས་ལག་རྩལ་གྱི་གསར་སྐྲུན་འཐབ་ཇུས་མཉམ་འབྲེལ་འཛུགས་དགོས།ཚན་རྩལ་ཅན་དང་ལག་རྩལ་མཐོ་བའི་ཁེ་ལས་གཉིས་ཀྱི་བཟོ་སྐྲུན་ལག་བསྟར་བྱེད་པ་དང་མ་དངུལ་སྒོར་དུང་ཕྱུར་དགུ་བཅུ་གཏོང་དགོས།གཙོ་གནད་ལག་རྩལ་སྐོར་ཞིག་ཤེས་དགོས་པ་དང་སྐོར་ཞིག་བསྒྱུར་བཅོས་བྱ་དགོས། མགྱོགས་མྱུར་ངང་ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་དང་སྐྱེ་དངོས་ཞིབ་འཇུག་ཁང་།སྤྱི་ཁོག་ཞིབ་འཇུག་ཁང་་བཅས་འཛུགས་དགོས།ཁུལ་ནང་ཁུལ་གྱི་འཇོན་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་དུས་མཚུངས་སུ་འཇོན་མིའི་མཛོད་དང་ཡོན་ཧྲི་བྱ་བའི་ས་ཚིགས་སོགས་སྟེགས་བུ་འཛུགས་པ་དང་།སྣེ་ཁྲིད་མི་སྣ་བཅུ་དང་རྩེར་སོན་པ་ཉི་ཤུ་བཅས་ནང་འདྲེན་བྱ་དགོས།ལས་རིགས་སློབ་གསོ་དང་ཁེ་ལས་ཀྱི་མཉམ་འབྲེལ་ལ་ཤུགས་བསྣན་ཏེ།རང་ས་གནས་ཀྱི་ཆེད་ལས་ལག་རྩལ་པ་དང་ཐོན་ལས་ལས་བཟོ་བ་མི་ཉིས་སྟོང་ཡན་གསོ་སྐྱོང་བྱ་དགོས།

ལྔ། ཐོན་ལས་གསོ་སྐྱོང་།རྨང་གཞི་ཇེ་བརྟན་དང་ཡུན་རིང་ལ་ཕན་ཞིང་།  གླིང་ཁུལ་འཕེལ་རྒྱས་ཀྱི་རིམ་པ་བརྟན་ཞིང་མཐོ་རུ་འདེགས་དགོས།

ནུས་ཤུགས་ཡོད་རྒུས་ཐོན་ལས་གསོ་སྐྱོང་ལེགས་པོ་འཛིན་དགོས། ཐབས་ཇུས་ཀྱི་མིག་རྒྱ་བཞེངས་ཏེ་མིག་སྔར་གྱི་བྱ་བ་ཇུས་འགོད་དགོས་པ་མ་ཟད་ཡུན་རིང་བའི་བྱ་བ་ཡང་ཇུས་འགོད་གང་ལེགས་དང་།  ཐོན་ལས་སྦྲེལ་ཐག་གི་རྒྱུན་བསྲིང་བ་དང་ཐོན་ལས་མཚམས་ཚིགས་ཀྱི་སྦྲེལ་ཐག་ཁ་གསབ་རྒྱག་པ།  ཐོན་ལས་ཀྱི་མ་ལག་ཆ་ཚང་སོགས་ཀྱི་ཕྱོགས་ནས་ནན་མོ་བཟུང་སྟེ།  གླིང་ཁུལ་གྱི་ཐོན་ལས་ལས་གཞི་གཙོ་ཆེན110པའི་ཡན་ལག་དང་།   མ་དངུལ་སྒོར་དུང་ཕྱུར350ཡི་ཡན་གཏོང་བར་ཁེག་ཐག་དང་མུ་མཐུད་དུ་གླིང་ཁུལ་གྱི་ཁྱད་ལྡན་ཐོན་ལས་སྒྲིག་བཀོད་ལེགས་བསྒྱུར་བྱེད་དགོས། གཙོ་བོ་དྲུག་ཧྥུལ་ལིས་ལྡན་མུ་སྐྱུར་དང་ན་སྨི་རིམ་པའི་དབྱང་མཱའེ་བཅས་ལོ་རེ་ལ་ཏུན6000ཐོན་སྐྱེད་བྱེད་པ་སོགས་ཀྱི་ལས་གཞི་སྐུལ་འདེད་དང་ཐཱན་སྐྱུར་ལིས་དང་ཚྭ་མཚེའུ་རྫས་བཟོ་སོགས་ཀྱི་ཐོན་ལས་སྦྲེལ་ཐག་གི་རྒྱུན་བསྲིང་དགོས།  མཐོ་ཚད་ལས་འདས་པའི་རྡུལ་ཕྲན་བསྡོམས་འབོར་གྱི་ཚི་སྣ་དང་པོར་དཀར་བཅས་ལོ་རེར་ཏུན1000ཐོན་སྐྱེད་བྱེད་པ་སོགས་ཀྱི་ལས་གཞི་ལག་བསྟར་བྱ་རྒྱུ་དང་། ཚྭ་མཚེའུ་ཐོན་ཁུངས་གསར་སྤེལ་དང་རྒྱུ་ཆ་གསར་བ་སོགས་ཀྱི་ཐོན་ལས་སྦྲེལ་ཐག་ལ་ཆད་ཤོར་བྱུང་བའི་ལྷུ་ཚིགས་ཆད་གསབ་བྱ་དགོས།  ཉི་ནུས་སྒྲིག་ཆས་རུལ་འགོག་གི་སྒྲིག་ཆས་ཆ་ཚང་བཟོ་བ་དང་དཀར་གོང་བཞུ་སྣོད་ལོ་རེར་ཁྲི4ཐོན་སྐྱེད་སོགས་ཀྱི་ལས་གཞི་འཛུགས་བསྐྲུན་བྱ་དགོས་ཤིང་།  བཟོ་སྐྲུན་ལས་རིགས་ཀྱི་ཆུ་ཚད་སྔར་ལས་གོང་སྤེལ་དང་ཐོན་ཁུངས་གསར་བའི་ཐོན་ལས་ཀྱི་ཆེད་དུ་སྒྲིག་ཆས་ཆ་ཚང་དང་འདེགས་སྐྱོར་བཅས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས།

ནུས་ཤུགས་ཡོད་རྒུས་རྨང་གཞིའི་འཛུགས་སྐྲུན་ནན་འཛིན་བྱ་དགོས།  རྨང་གཞི་འདིང་བ་དང་ཡུན་རིང་ལ་ཕན་པའི་དོན་དག་གལ་ཆེན་དང་གནད་ཆེན་བཅས་གང་མང་བསྒྲུབ་དགོས་ལ།  གླིང་ཁུལ་གྱི་ཆུ་གློག་ལམ་དང་དེ་མིན་ཁོར་ཡུག་སྒྲིག་ཆས་བཅས་བཟུང་སྟེ།  གླིང་ཁུལ་གྱི་རྨང་གཞི་སྒྲིག་ཆས་ལས་གཞི64ལག་བསྟར་བྱེད་པར་ཇེ་མགྱོགས་དང་།  ཞབས་ཞུའི་ནུས་པ་ཁ་ཚང་དུ་གཏོང་ཞིང་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ལ་དྲག་ཤུགས་ལྡན་པའི་རྨང་གཞིའི་འདེགས་སྐྱོར་འདོན་སྤྲོད་དགོས།  གཙོ་བོ་ཁུ་ནུའི་སྒོར་ཕྲག་ཁྲིག་ཅན་གྱི་ཐོན་ལས་འགངས་ཆེན་གྱི་གཞི་སར་བཟོ་ལས་ཀྱི་ཆུ་འདོན་པ་དང་སྣེ་མོ་དཔོན་འཕང་འབྲས་ཐོན་ལས་གླིང་ཁུལ་གྱི་ཆུ་ཕྱིར་འདོན་པ་སོགས་ཀྱི་ལས་གཞི་སྐུལ་འདེད་བྱ་དགོས། ཞ་ར་མུའུ་སིའི་སྟོང་ཧྥུ330ཡི་གློག་སྐྱེལ་གློག་བསྒྱུར་དང་ཞྭ་ལྕགས་རི་བོའི་སྟོང་ཧྥུ100ཅན་དེ་སྟོང་ཧྥུ330ཅན་གྱི་གཅིག་བསྡུས་ས་ཚུགས་སུ་བཅོས་བསྒྱུར་རྒྱས་བསྐྲུན་བྱེད་པར་ཇེ་མགྱོགས་སུ་གཏང་དགོས། སྟོབས་ཤུགས་ཡོད་རྒུས་ན་གོར་མོའི་བཟོ་ལས་གླིང་ཁུལ་གྱི་གཞུང་ལམ8བཅོས་བསྒྱུར་བཟོ་བསྐྲུན་སོགས་ཀྱི་ལས་གཞི་ལག་བསྟར་བྱ་དགོས།  མཚོ་ནུབ་ཀྱི་ཉེན་རྫས་ཟོག་རོ་ཐག་གཅོད་ལྟེ་གནས་དང་ན་གོར་མོ་གླིང་ཁུལ་གྱི་ལོ་རྒྱུས་ལས་ཤུལ་བཞག་གི་སྙིགས་རོ་བདེ་འཇགས་ངང་གཙང་སྐྱེལ་ཐག་གཅོད་དང་།  ལྕགས་རིགས་ལྗིད་གྲས་བབ་བསྟུན་དང་ཚོད་འཛིན་མ་ལག  བཙོག་བཟོ་བཅས་གནོད་མེད་ཅན་དུ་བསྒྱུར་བ་དང་།  གཏེར་ལེན་ཁའི་ཆུ་བསྐྱར་བཀོད་སོགས་ཀྱི་ལས་གཞི་ལ་སྐུལ་འདེད་དང་།  མུ་མཐུད་དུ་གླིང་ཁུལ་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏང་དགོས།

དྲུག  སྐྱེ་ཁམས་ནན་འཛིན། ནུས་ཁུངས་ཟད་གྲོན་དང་སྔོན་འགོག་བཅོས་སྐྱོང་ནན་འཛིན་བྱས་ཏེ།  ཁོར་ཡུག་སྲུང་སྐྱོང་གི་གྲུབ་འབྲས་བརྟན་ཞིང་མཐོར་རུ་འདེགས་དགོས།

གལ་ཆེ་བའི་སྐྱེ་ཁམས་བཟོ་སྐྲུན་གྱི་འཛུགས་བསྐྲུན་ནན་འཛིན་བྱ་དགོས། རང་འགུལ་གྱིས་སྲུང་སྐྱོང་དང་གཞན་དབང་གིས་སྲུང་སྐྱོང་བར་གྱི་འབྲེལ་བ་ཡང་དག་པའི་ངང་ཐག་གཅོད་དང་། རྒྱལ་ཁབ་ཀྱིས་སྐྱེ་ཁམས་ནུས་ཁུལ་གཏན་འཁེལ་ལྟར་སྐྱེ་ཁམས་གཙོ་ཁུལ་ལ་དབྱེ་འབྱེད་དང་ཁྱབ་བསྒྲགས་བྱས་ཏེ།  རང་བྱུང་ཐོན་ཁུངས་ཀྱི་ཐོན་དབང་སྲུང་སྐྱོང་ཚོད་ལྟའི་ས་གནས་ནན་འཛིན་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མཐའ་མཚམས་དང་ལུགས་སྲོལ་བཅས་ལྡན་པར་ཁག་ཐེག་བྱ་དགོས།   ཚྭ་འདམ་ལ་སྔོ་ཞིང་དྭངས་བའི་ནམ་མཁའ་དང་དྭངས་གཙང་གི་ཆུ་བོ། དག་པའི་ཞིང་ཁམས། ལྗང་མདོག་ཉམས་གསོ་ཞེས་སྐྱེ་ཁམས་སླར་གསོའི་བདག་སྐྱོང་གི་བྱ་འགུལ་ཆེན་མོ་བཞི་སྤེལ་བར་མགོ་རྩོམ་པ་དང་།  རྒྱལ་ཁབ་ཀྱི་སྤྱི་ཕན་ནགས་ཁུལ་གཙོ་བོའི་དོ་དམ་སྲུང་སྐྱོང་དང་བྱང་གསུམ་འགོག་སྲུང་ནགས་ཁུལ་གྱི་འཛུགས་སྐྲུན། བྱེ་ཐང་ཅན་འགྱུར་གྱི་འགོག་བཅོས།  བརླན་སའི་སྲུང་སྐྱོང་དང་སླར་གསོ་སོགས་ཀྱི་སྐྱེ་ཁམས་བཟོ་སྐྲུན་གནད་ཆེན་བཅས་ལག་བསྟར་གང་ལེགས་དང་།  མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོང་དང་ཕྱོགས་བསྡུས་བདག་སྐྱོང་།  རང་བྱུང་སྲུང་སྐྱོང་ཁུལ་གྱི་ནུས་ཤུགས་མཐོར་འདེགས།  སྐྱེ་དངོས་སྣ་མང་རང་བཞིན་འཛུགས་སྐྲུན་སོགས་ཀྱི་བཟོ་བཀོད་ལ་སྐུལ་འདེད་དང་།   མུའུ་ཁྲི10ལ་ནགས་བཟོ་བ་དང་སྤྱི་ཕན་ནགས་ཁུལ་མུའུ་ཁྲི2144ལ་དོ་དམ་སྲུང་སྐྱོང་བཅས་བྱེད་པར་ལེགས་སུ་འགྲུབ་དགོས།   ཚྭ་འདམ་སྐྱེ་ཁམས་ཕྱོགས་བསྡུས་བདག་སྐྱོང་དང་ལྗང་བསྒྱུར་འཕེལ་རྒྱས་འཆར་གཞིབཅས་སྒྲིག་འགོད་དང་ཡིག་ཐོག་སྙན་ཞུ་བཅས་ཀྱི་བྱ་བ་ལེགས་སུ་འགྲུབ་དགོས་ཤིང་རྒྱལ་ཁབ་ཀྱི་འཆར་གཞིའི་ནང་དུ་འཇོག་ཐུབ་པར་བརྩོན་ལེན་བྱེད་དགོས།  མུ་མཐུད་དུ་མེ་རི་གཏེར་ཁུལ་གྱི་སྐྱེ་ཁམས་སླར་གསོའི་བཟོ་སྐྲུན་ལ་སྐུལ་འདེད་དང་དུས་སྔ་ཙམ་དུ་ཡང་བསྐྱར་ཐོན་སྐྱེད་བྱེད་ཐུབ་པར་འབད་དགོས།

ནུས་སྲི་འཕྲི་གཏོང་དང་ཟད་གྲོན་བྱ་བ་ནན་མོར་འཛིན་དགོས།  སྙིགས་རོ་གསུམ་གྱི་སྒྲིག་བཅོས་ཤུགས་ཚད་ཇེ་ཆེར་དང་།  རྡོ་སྣུམ་དང་དེ་མིན་ཨར་འདམ་ལས་རིགས་ཀྱི་ལག་རྩལ་བཅོས་བསྒྱུར་དང་དག་གཙང་གི་ཐོན་སྐྱེད་བཅས་ནན་མོ་བཟུང་སྟེ།  གཙོ་བོ་བཙོག་དངོས་ཚད་ལོན་ཕྱིར་གཏོང་ལ་སྐུལ་འདེད་དང་།   ཐཱན་ཕྱིར་གཏོང་དབང་གི་ཉོ་ཚོང་ལ་འཚོལ་ཞིབ་བྱས་ཏེ་སྤེལ་དགོས་བ་དང་།  གན་རྒྱའི་ནུས་ཁུངས་དོ་དམ་གྱི་མ་དཔེ་ཁྱབ་གདལ་དུ་གཏང་དགོས།  རྒྱལ་ཁབ་དང་ཞིང་ཆེན་ཁུལ་གྱིས་དངོས་སུ་བཏོན་པའི་ནུས་སྲི་ཟད་གྲོན་སྐོར་གྱི་དམིགས་བསལ་སྲིད་ཇུས་དོན་འཁྱོལ་ནན་མོ་དང་། ཁེ་ལས་ཁྲི་ཅན་གྱིས་ནུས་སྲི་ཐཱན་དམའི་བྱ་འགུལ་དང་ནུས་སྲི་འཕྲི་གཏོང་གི་ཚན་རྩལ་བྱ་འགུལ་ལག་བསྟར་གང་ལེགས་བྱེད་དགོས།  ལས་གཞི་ལག་བསྟར་བྱེད་ཐུབ་མིན་གྱི་དཔྱད་བསྡུར་སྔོན་འགྲོའི་ཆ་རྐྱེན་ནན་སྲུང་དང་། ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་ཁྲི་ཅན་གྱི་ནུས་ཁུངས་ཟད་ཚད་ཞིང་ཆེན་གྱི་གཏན་འཁེལ་བྱས་པའི་དམིགས་འབེན་ནང་དུ་ཚོད་འཛིན་བྱེད་པར་ཁག་ཐེག་བྱ་དགོས།

མངའ་ཁོངས་ཀྱི་ཁོར་ཡུག་སྦགས་བཙོག་ལ་འགོག་བཅོས་ནན་མོ་བྱ་དགོས། ཀྲུང་དབྱང་གིས་ཁོར་ཡུག་ལ་ལྟ་ཞིབ་བྱེད་པའི་བྱ་བ་ནན་བསུ་དང་།  ལྟ་ཞིབ་ལས་ཕྱིར་བཏོན་པའི་གནད་དོན་ལ་དག་ཐེར་ལེགས་བཅོས་བྱེད་པའི་ལས་འགན་དོན་འཁྱོན་ནན་མོ་བྱ་དགོས། མཁའ་རླུང་དང་ས་སྟེང་གི་ཆུ། སྒྲའི་ཁོར་ཡུག་བཅས་ཀྱི་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱེད་པའི་དྲ་རྒྱ་བཙུགས་ཏེ།  གཙོ་བོ་འབབ་ཁོངས་ས་སྟེང་གི་ཆུ་དང་རྫོང་གནད་འགག་ཅན་མངའ་ཁོངས་ཀྱི་མཁའ་རླུང་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་ནན་མོ་བྱེད་དགོས།  རྗོང་རིམ་ཡན་ལ་གཅིག་བསྡུས་ཀྱིས་བཏུང་ཆུ་འདོན་པའི་ཆུའི་མགོ་ཁུངས་ཡོངས་ཀྱི་ཆུའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་གྱི་མ་ལག་ཡོངས་སུ་ཁེབས་པར་འཛུགས་དགོས། ཞིང་འདེབས་པ་དང་མངའ་ཁོངས་གཙོ་བོ་སོགས་ཀྱི་ས་རྒྱུ་ཁོར་ཡུག་གི་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱེད་པར་སྐུལ་འདེད་དང་།  ཁྲིམས་ལྟར་བཟོ་ལས་ཀྱི་ཁུངས་ནས་སྦགས་བཙོག་བཟོ་བ་དང་གྲོང་ཁྱེར་ལ་ཐལ་རྡུལ་སློང་བའི་སྦགས་བཙོག་བཅས་ཀྱི་བདག་སྐྱོང་ཇེ་དྲག་ཏུ་གཏང་ཞིང་། སྐམ་སའི་ཆུ་རྒྱུན་དང་རང་བྱུང་མཚེའུ་བཅས་སྲུང་སྐྱོང་གི་ཤུགས་ཚད་ཇེ་ཆེ་དང་།  རླངས་སྤྱད་ཨན་བཟོའི་གཤེར་རོ་དང་རྡོ་བལ་གྱི་ཐལ་རྡུལ། ལྕགས་རིགས་ལྗིད་གྲས་དང་འབྲེལ་བའི་སྦགས་བཙོག་བཅས་བཅོས་སྐྱོང་ཕྱོགས་སུ་ཤུགས་བསྣན་ཏེ་ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་ཐད་ཕན་འབྲས་དངོས་ལེན་པར་འབད་དགོས།

བདུན།  འདུ་ཤེས་ཇེ་དྲག སྒྲིག་གཞི་ལེགས་བསྒྱུར་དང་དོ་དམ་ལ་མཐོང་ཆེན་གནངས་ཏེ།  མཁར་ཤང་གཅིག་གྱུར་འཆར་འགོད་ཀྱི་ཕན་འབྲས་བརྟན་ཞིང་མཐོར་རུ་འདེགས་དགོས།

གྲོང་ཁྱེར་འཆར་འགོད་ཀྱི་འདུ་ཤེས་གསར་གཏོད་བྱ་དགོས།   རྣམ་པ་མཛེས་པའི་གྲོང་ཁྱེར་དང་བྱེད་སྟངས་དར་བའི་གྲོང་ཁྱེར། སྙིང་སྟོབས་ལྡན་པའི་གྲོང་ཁྱེར།   སྐྱེ་ཁམས་ལེགས་པའི་གྲོང་ཁྱེར་བཅས་རྣམ་པ་བཞི་གཅིག་ཏུ་བསྡུས་པའི་རིག་ལམ་གྱིས་གྲོང་ཁྱེར་གྱི་འཆར་འགོད་འཛུགས་སྐྲུན་ལ་སྣེ་འཁྲིད་དེ།  གྲོང་ཁྱེར་འཛུགས་སྐྲུན་ནི་ཕྱི་རྒྱ་སྐྱེད་པ་ལས་དོན་སྤྱི་མཐོར་འདེགས་བྱེད་པར་བསྒྱུར་བའི་འདུ་ཤེས་བརྟན་པོར་བཞེངས་ཏེ། གོ་རེ་འགྲེམ་པ་ལྟར་གོ་རིམ་མེད་པར་མཆེད་པའི་རྣམ་པ་གཏན་འགོག་དང་།  ལུགས་མཐུན་ངང་གྲོང་ཁུལ་གསར་སྤེལ་གྱི་ས་མཚམས་གཅོད་དགོས་ཤིང་།  མཁར་གྲོང་འཆར་འགོད་ཀྱི་གཟབ་ནན་རང་བཞིན་དང་བསྟུད་མར་རང་བཞིན་བཅས་ཁག་ཐེག་བྱ་དགོས། ཁྱབ་ཁོངས་གང་མང་དང་རིམ་མང་ཅན་གྱི་བར་སྣང་འཆར་འགོད་དོ་དམ་བྱེད་པའི་མ་ལག་འཛུགས་དགོས་ཤིང་།  གྲོང་ཁྱེར་ཇུས་འགོད་ནི་ཇེ་དྲག་དང་གྲོང་ཁྱེར་གྱི་འཕེལ་རྒྱས་སྤུས་ཀའི་དག་ཚད་མཐོར་རུ་འདེགས་དགོས།  ཁྱོན་ཡོངས་སུ་ཇུས་འགོད་གང་མང་གཅིག་བསྡུས་བྱེད་པར་ཁྱབ་གདལ་དུ་གཏང་བ་དང་།    འཆར་འགོད་གང་མང་གཅིག་བསྡུས་བྱེད་པར་ཁྱོན་ཡོངས་ནས་ཁྱབ་གདལ་དུ་བཏང་སྟེ། གྲོང་ཁྱེར་སྤྱིའི་འཆར་འགོད་དང་ས་ཞིང་བཀོལ་སྤྱོད་འཆར་འགོད་བཅས་ནི་འབྲེལ་མཐུད་གང་ལེགས་བྱེད་པར་སྐུལ་འདེད་བྱ་དགོས།

གསར་དར་གྲོང་ཁྱེར་གྱི་གསོ་སྐྱོང་འབུར་དུ་ཐོན་དགོས། གསར་ཁུལ་གྱི་འཕེལ་རྒྱས་དང་གྲོང་ཁྱེར་རྙིང་བའི་བསྒྱུར་བཀོད་བཅས་གཅིག་གྱུར་བཀོད་འདོམས་དང་།  མུ་མཐུད་དུ་གཏེར་ལེན་ཁ་དང་ན་གོར་མོ་གཉིས་སུ་གྲོང་ཁྱེར་གསར་བ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། ན་གོར་མོ་གྲོང་ཁྱེར་གྱི་བྱང་ཕྱོགས་གྲོང་ཁུལ་ལྔ་བསྒྱུར་བཀོད་བྱེད་པའི་བཟོ་སྐྲུན་མགོ་རྩོམ་པ་དང་། ཁྱོན་ཡོངས་སུ་གཏེར་ལེན་ཁ་གྲོང་ཁྱེར་གྱི་ཆུ་ནུབ་གྲོང་ཁུལ་གྱི་བསྒྱུར་བཀོད་ལས་འགན་ལེགས་སུ་འགྲུབ་དགོས།  རྒྱལ་ཁབ་དང་ཞིང་ཆེན་རིམ་པར་འབྲེལ་མཐུད་མཐུན་སྦྱོར་བྱེད་ཚད་ཇེ་དྲག་དང་། གཏེར་ལེན་ཁ་དང་ཚྭ་འདམ་ཆེ་བ་གཉིས་མཉམ་སྦྲེལ་བྱས་ཏེ་གྲོང་ཁྱེར་རྒྱ་སྐྱེད་པ་དང་མང་ནེ་དང་ལིན་ཧུའུ་གཉིས་མཉམ་སྦྲེལ་བྱས་ཏེ་ཀཱ་སི་ཧའོ་ཐུའུ་གྲོང་ཁྱེར་བཙུགས་ཏེ་ས་ཁུལ་དབྱེ་འབྱེད་བཅོས་བསྒྱུར་གྱི་འཆར་གཞི་ནི་ལོ་འདིའི་ནང་དུ་ཆོག་མཆན་ཐོབ་པར་འབད་དགོས་ཤིང་།  མངའ་ཁོངས་ས་མཚམས་ལེགས་སྒྲིག་སོགས་ཀྱི་བྱ་བ་མགྱོགས་སྐུལ་དང་མངའ་ཁོངས་ཀྱི་འཕེལ་རྒྱས་བཀོད་སྒྲིག་རིམ་གྱིས་ལེགས་བསྒྱུར་དང་།  འཕེལ་རྒྱས་ཀྱི་གསོན་ཤུགས་དང་སྒུལ་ཤུགས་གཅིག་བསྡུས་སུ་གཏང་ནས་མཚོ་ནུབ་ཀྱི་གཟུགས་བརྙན་ཆེས་ཆེར་འཕར་དགོས།

གྲོང་ཁྱེར་གྱི་དོ་དམ་དང་འཁོར་སྐྱོད་ཚོང་གཉེར་ཇེ་དྲག་ཏུ་གཏང་དགོས།  གྲོང་ཁྱེར་གྱི་དོ་དམ་ལམ་ལུགས་ཁ་ཚང་དུ་བཏང་སྟེ་ཤེས་རབ་གྲོང་ཁྱེར་དོ་དམ་གྱི་ལམ་ལུགས་འཛུགས་དགོས་ཤིང་།  ལྔ་ལྡན་གྲོང་ཁྱེར་གྱི་དོ་དམ་མ་དཔེ་འཚོལ་ཞིབ་དང་འཛུགས་སྐྲུན་བྱ་དགོས།  གྲོང་ཁྱེར་དོ་དམ་ནི་རིག་ནུས་ཀྱིས་ཚོད་འཛིན་དང་སྤྱི་སྤྱོད་ཞབས་ཞུ། འཕྲལ་བསྟུན་ཐག་གཅོད་སོགས་བཀོལ་སྤྱོད་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས་ཤིང་།  ཆ་འཕྲིན་གྱི་བདེ་འཇགས་འགན་སྲུང་ཇེ་དྲག་དང་སྤྱི་ཚོགས་ཡོངས་སུ་ཆ་འཕྲིན་ཅན་སྒྱུར་གྱི་ཆུ་ཚད་ཇེ་མཐོར་གཏང་དགོས།  གཙོ་བོ་ནི་གྲོང་ཁྱེར་དོ་དམ་ཐད་ཀྱི་དཀའ་གནད་ཐག་གཅོད་དང་ཕྱོགས་གསུམ་སུམ་ལྡན་ཅན་གྱི་ལེགས་སྒྲིག་མཉམ་གསོའི་བྱ་འགུལ་སྤེལ་ཏེ། ལོ་འཁོར་ནང་དཔྱད་བསྡུར་ཆད་གཅོད་དང་བྱ་དགའ་གནང་བའི་ནང་རྐྱེན་འཛུགས་དགོས་ལ། མི་དམངས་མང་ཚོགས་ལ་ཞིབ་ཚགས་ལྡན་པའི་གྲོང་ཁྱེར་གྱི་དོ་དམ་ཞབས་ཞུ་འདོན་དགོས།  ནུས་ཤུགས་ཡོད་རྒུས་གཏེར་ལེན་ཁས་རྒྱལ་ཁབ་རིམ་པའི་དག་གཙང་གི་གྲོང་ཁྱེར་གསར་བསྐྲུན་བྱེད་པར་སྐུལ་འདེད་དང་། ལོ་འདིའི་ནང་དུ་རྒྱལ་ཁབ་ཀྱི་ཚད་གཞི་སྟེང་སླེབས་ཐུབ་པར་ཁག་ཐེག་བྱ་དགོས།

མཁར་གྲོང་གཅིག་གྱུར་བཀོད་འདོམས་ཀྱི་ཆུ་ཚད་མཐོར་རུ་འདེགས་དགོས། ཞིང་སྡེའི་རྨང་གཞི་སྒྲིག་ཆས་ཐད་མ་དངུལ་གཅིག་བསྡུས་ཀྱི་གཏོང་བའི་སྒྲིག་གཞི་དང་ནང་རྐྱེན་གསར་དུ་སྤེལ་ཏེ་ཐོད་བརྒལ་བྱེད་པའི་གནད་འགག་ཏུ་བཟུང་སྟེ།  མཁར་གྲོང་འཛུགས་སྐྲུན་ནི་སྣ་མང་ཅན་གྱི་མ་དངུལ་གཏོང་བའི་རྣམ་པ་གསར་བ་མགྱོགས་པོར་བསྐྲུན་ཏེ།  དངུལ་གཏོང་གི་ཡུན་རིང་བའི་ནང་རྐྱེན་ཁ་ཚང་དུ་གཏང་དགོས།  མཁར་གྲོང་གཅིག་གྱུར་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་དང་སྐུལ་འདེད་བཏང་སྟེ།  རྨང་གཞི་སྒྲིག་ཆས་ཆ་རྐྱེན་ལེགས་བསྒྱུར་དང་སྤྱི་སྤྱོད་ཞབས་ཞུའི་སྒྲིག་ཆས་སྒྲིག་སྦྱོར་འཐུས་ཚང་དུ་གཏང་དགོས།  སྤྱིལ་ཁྱིམ3770དང་རོང་འབྲོག་ཁུལ་གྱི་ཁང་རྙིང་དང་ཉེན་ཁང1300བཅས་བསྒྱུར་བཀོད་བྱེད་པར་ལག་ཏུ་བསྟར་དགོས་ཤིང་།  རྫོང་གསུམ་དང་སྲིད་ཨུ་གསུམ་གྱི་གྲོང་རྡལ་གྱི་སྤྱིལ་ཁྱིམ་ཐིག་ཏུ་ལོག་པར་བརྩོན་ལེན་བྱ་དགོས།  མཐོ་སྒང་གི་མཛེས་ལྡན་ཤང་སྡེ་འཛུགས་སྐྲུན་བྱེད་ཚད་ཇེ་དྲག་དང་ཁྱོན་ཡོངས་སུ་ན་གོར་མོའི་འབྲི་ཆུའི་མགོ་ཁུངས་སོགས་སྡེ་བ10འཛུགས་སྐྲུན་བྱེད་པའི་ལས་འགན་ལེགས་སུ་འགྲུབ་དགོས།  ཚྭ་ཁའི་རྒྱལ་ཁབ་རིམ་པའི་ཁྱད་ལྡན་གྲོང་རྡལ་ཆུང་བ་གསར་འཛུགས་གང་ལེགས་དང་།  གཏེར་ལེན་ཁའི་མཚོ་ཁུར་ལུག་ས་རྒོད་རིག་གནས་ཡུལ་སྲོལ་གོམས་གཤིས་གྲོང་རྡལ་ཆུང་བ་དང་ན་གོར་མོའི་གསེར་ཉ་མཚེའུ་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་གྲོང་རྡལ་ཆུང་བ། གཏེར་ལམ་འ་ཞ་དཔོན་སའི་རིག་གནས་གྲོང་རྡལ་ཆུང་བ་སོགས་ཁྱད་ལྡན་ཐོན་ལས་ཀྱི་གྲོང་རྡལ་ཆུང་བ15མགྱོགས་པོའི་ངང་འཛུགས་བསྐྲུན་བྱ་དགོས་ཤིང་། ནུས་ཤུགས་ཡོད་རྒུས་མཛེས་པ་ལྔ་ལྡན་ཞེས་པའི་མཁར་གྲོང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱ་དགོས།

བརྒྱད། ཡུལ་སྐོར་ནན་འཛིན་དང་ཞབས་ཞུ་མཐོར་འདེགས་ལས་རིགས་གལ་ཆེན་དམ་འཛིན་བྱས་ཏེ། ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་སྤུས་ཚད་སྲ་བརྟན་དང་མཐོར་འདེགས་སུ་གཏང་དགོས།

སྟོབས་ཤུགས་ཡོད་རྒུས་ཡུལ་སྐོར་ལས་རིགས་དར་སྤེལ་གཏང་དགོས། ཚྭ་ཁའི་ཚྭ་མཚོ་རིམ་པA5ཅན་གྱི་ལྗོངས་ཁུལ་གསར་སྐྲུན་བྱེད་པར་འགོ་བརྩམས་ཏེ།  ནམ་མཁའི་མེ་ལོང་ཞེས་པའི་ཡུལ་སྐོར་མིང་གྲགས་ཅན་གྱི་ཕན་ནུས་རྒྱ་བསྐྱེད་དགོས།   མགྱོགས་མྱུར་གྱིས་ཚྭ་ཁམས་ཚྭ་མཚོ་དང་ཆུ་ཐོག་ཡཱ་ཏན་བཅས་ཀྱི་ལྗོངས་ཁུལ་གལ་ཆེན་འཛུགས་སྐྲུན་བྱེད་དགོས། ལྗོངས་ཁུལ་གྱི་བཟའ་བཏུང་དང་མགྲོན་ཁང་། འགྲིམ་འགྲུལ། སྤྲོ་གསེང་བཅས་ཀྱི་སྒྲིག་ཆས་འཐུས་ཚང་དུ་བཏང་སྟེ། བཟའ་བཏུང་དང་མགྲོན་ཁང་གི་རྒྱུ་སྤུས་མཐོར་འདེགས་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱེད་དགོས། ལྗོངས་ཁུལ་གྱི་ཞབས་ཞུའི་རིམ་པ་ཡར་འདེགས་དང་མཚོ་བོད་མཐོ་སྒང་གི་ལྕགས་ལམ་འགྲམ་གྱི་ཡུལ་སྐོར་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས། ཏུང་ཧོང་དང་འཁོར་ལོ། ལྷ་ས་སོགས་ཉེ་འགྲམ་གྱི་ཁ་གསབ་རང་བཞིན་གྱི་གྲོང་ཁྱེར་མཉམ་འབྲེལ་མཐུན་སྦྱོར་ལ་ཤུགས་བསྣན་ནས།   མཉམ་སྐྱེལ་ཚོང་གཉེར་ནང་རྐྱེན་འཛུགས་པ་དང་། མགྲོན་ཁོངས་ཚོང་ར་སྲ་བརྟན་དང་རྒྱ་བསྐྱེད་དགོས། སྒེར་གྱི་རླངས་འཁོར་ཡུལ་སྐོར་ས་ཚིགས་སོགས་ཁྱད་ཆོས་ལྡན་པའི་ས་ཚིགས་བསྐྲུན་པར་སྐུལ་འདེད་བྱས་ཏེ། ཞིང་ཆེན་གྱི་སྒེར་གྱི་རླངས་འཁོར་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་དགོས།མགོ་ཚུགས་པའི་སྐབས་སུ་ཁྱད་ཆོས་མངོན་གསལ་ཡིན་པ་དང་གཙང་དག་མཛེས་སྡུག་ཡིན་པ། རིག་གནས་ཕུན་སུམ་ཚོགས་པ། གསོན་ཤུགས་ལྡན་པ་བཅས་ཀྱི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་སྤྲོ་གསེང་རང་བཞིན་གྱི་མཁར་གྲོང་འཛུགས་སྐྲུན་བྱས་ཤིང་། ཁུལ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱ་དགོས། ཡུལ་སྐོར་མི་གྲངས18%འཕར་བ་དང་ཡུལ་སྐོར་ཡོང་སྒོ24%འཕར་བ་མངོན་འགྱུར་བྱུང་།  

ཁྱོན་ཡོངས་ནས་ཞབས་ཞུའི་ལས་རིགས་ཀྱི་རྒྱུ་སྤུས་ཇེ་ལེགས་སུ་གཏང་དགོས།   ནུས་ཤུགས་ཡོད་རྒུས་དེང་རབས་དངོས་སྐྱེལ་དང་བཟོ་ལས་ཇུས་འགོད། ཚན་རྩལ་ཞབས་ཞུ།        ཐོན་ཁུངས་གྲོན་ཆུང་བཅས་ཁོར་ཡུག་སྲུང་སྐྱོང་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སུ་གཏང་དགོས།  ཚྭ་ཁམས་ཀྱི་ལྕགས་རིགས་མཱེ་དངོས་འདྲེན་གླིང་དང་གཏེར་ལེན་ཁའི་རླངས་འཁོར་སྒྲིག་ཆས་ཞབས་ཞུའི་དངོས་འདྲེན་གླིང་བཅས་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་གཏང་དགོས། ནུས་ཁུངས་གསར་བའི་དཔང་སྤྲོད་དཔྱད་ལེན་དང་འཁོར་འདྲེན་སྲུང་སྐྱོང་ཞབས་ཞུ་མྱུར་བསྐྲུན་བྱ་དགོས།  ཚོང་དོན་དངོས་འདྲེན་ཚད་ལྡན་ཅན་གྱི་ཆེད་དོན་བྱ་འགུལ་་སྤེལ་བ་དང་། དངོས་སྦྲེལ་ཟོག་འདྲེན་ཆ་འཕྲིན་ཅན་དང་ཚད་ལྡན་ཅན། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བཅས་ལ་སྐུལ་འདེད་བཏང་སྟེ།  སྐྱེལ་འདྲེན་གྱི་ལས་ཆོད་ཇེ་མཐོར་གཏང་དགོས།    བཟོ་ལས་མཛད་སྤྱོད་དང་ཟས་རིགས་གཙོར་བཟུང་ནས།  ལས་རིགས་འཕར་སྣོན་དང་རྒྱུ་སྤུས་ཡར་འདེགས།  ཚོང་རྟགས་ཅན་གསར་སྐྲུན་བཅས་ཆེད་དོན་བྱ་འགུལ་སྤེལ་དགོས།  ཞབས་ཞུའི་ཆུ་ཚད་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བ་་དང་རིམ་པ་འཕར་བར་སྐུལ་འདེད་གཏང་དགོས།

ནུས་ཤུགས་ཡོད་རྒུས་ལས་རིགས་གསར་སྐྲུན་བྱ་དགོས།    4Gབརྡ་འཕྲིན་དྲ་རྒྱ་ཡོངས་སུ་ཁེབས་པར་སྐུལ་འདེད་བཏང་སྟེ།  གྲངས་མཛོད་གསོག་ཉེར་ལྟེ་གནས་འཛུགས་སྐྲུན་བྱེད་དགོས།  དྲ་སྦྲེལ+ཞེས་པའི་ཐབས་ཇུས་བྱ་འགུལ་ལག་བསྟར་བྱས་ནས།  གློག་རྡུལ་ཚོང་ལས་དང་དྲ་ཐོག་ནས་སློབ་གསོའི་གསོ་སྦྱོང་བཅས་ཞབས་ཞུའི་འཕེལ་རྒྱས་དང་།   སྲིད་གཞུང་དང་ཁེ་ལས།     སྤྱི་སྤྱོད་ཀྱི་ཆ་འཕྲིན་ཐོན་ཁུངས་གསར་སྤེལ་བྱས་ནས།   དྲ་ཐོག་ནས་དོན་སྒྲུབ་ཚོམས་ཆེན་འཛུགས་སྐྲུན་བྱེད་དགོས།  ཚྭ་འདམ་གློག་རྡུལ་ཚོང་དོན་ཀྱིས་སྣེ་འཁྲིད་བྱེད་ནུས་འདོན་དགོས།     མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་དང་ནུས་ཁུངས་ཐོན་ལས།  ཡུལ་སྐོར་གྱི་ཐོན་ཁུངས་གནས་བབ་ལེགས་པོ་བཅས་ལ་བརྟེན་ནས།  གློག་རྡུལ་ཚོང་དོན་འཛུགས་སྐྲུན་བྱ་དགོས།   ཧུར་བརྩོན་སྒོས་ལོ་འདིའི་ནང་དུ་གློག་རྡུལ་ཚོང་དོན་ཐོག་ནས་ཚོང་གཉེར་བྱེད་པ50%འཕར་པ་དང་ཆ་འཕྲིན་མཛད་སྤྱོད25%འཕར་དགོས།  

དགུ།  དམངས་ཀྱི་གནས་ཚུལ་རྒྱུས་ལོན་དང་དམངས་ཀྱི་དཀའ་གནད་ཐག་གཅོད།  དོན་དངོས་སྒྲུབ་པ་བཅས་བྱས་ཏེ།  མི་དམངས་མང་ཚོགས་བདེ་སྐྱིད་དཔལ་ལ་རོལ་ཐུབ་པ་བྱ་དགོས།  

ད་ལོ་ང་ཚོས་དམངས་འཚོར་དངུལ་གཏོང་ཇེ་མང་དུ་གཏོང་བ་མ་གཏོགས་ཇེ་ཉུང་དུ་མི་འགྲོ་བར་རྒྱུན་འཁྱོངས་བྱས་ཏེ།དམངས་འཚོ་ལ་མ་དངུལ་གཏོང་བའི་སྤྱིའི་ནོར་སྲིད་ཀྱི་འགྲོ་སྒོ75%ཡན་ཟིན་པར་རྒྱུན་འཁྱོངས་བྱ་དགོས།  དམངས་འཚོ་ཕྱོགས་ཀྱི་ཞན་ཆར་ཁ་གསབ་བྱེད་པར་ཤུགས་སྣོན་དགོས།   དབུལ་སྐྱོར་གནད་ཕིགས་ཀྱི་གྲུབ་འབྲས་སྲ་བརྟན་དང་ཇེ་མཐོར་གཏང་དགོས།    ཧུར་ཐག་སྒོས་མཚོ་ནུབ་ཀྱི་དབུལ་སྐྱོར་ཆགས་སྟངས་ཆེན་མོར་འཛུགས་སྐྲུན་བྱས་ཏེ། བོད་ཁུལ་ཞིང་ཆེན་བཞི་ཡི་དབུལ་སྐྱོར་གནད་ཕིགས་ཀྱི་དཔེ་སྟོན་ཁུལ་བསྐྲུན་པར་བརྩོན་ལེན་བྱ་དགོས། མུ་མཐུད་དུ1+8+10+3གྱི་སྲིད་ཇུས་མང་པོ་ལེགས་པོར་ལག་བསྟར་བྱས་ནས།   ཕྱིར་རྟོག་གཉིས་དང་མི་འཕྲི་བ་གཉིས། འགན་སྲུང་གསུམ།ཤུགས་སྣོན་བཞི་བཅས་ལ་དམ་འཛིན་བྱས་ཏེ།  གཏེར་ལེན་ཁ་དང་ན་གོར་མོ། གཏེར་ལམ།   ཐེམ་ཆེན་བཅས་ཀྱི་དབུར་སྐྱོར་ཐོན་ལས་གླིང་འཛུགས་སྐྲུན་བྱས་པར་སྐུལ་འདེད་བཏང་སྟེ།  དབུར་ཐར་མང་ཚོགས་དབུལ་ཕོངས་ལས་ཐར་ཞིང་སྲིད་ཇུས་དོར་མི་རུང་། རྒྱལ་ཡོངས་སྐབས་གསུམ་པའི་མི་རིགས་རང་སྐྱོང་ཁུལ་གྱི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཉམས་མྱོང་བརྗེ་རེས་ཚོགས་འདུ་ཞེས་པ་ལེགས་པོར་སྒྲུབ་དགོས།   སྡོད་དམངས་ཡོང་སྒོ་བརྟན་འཕར་ཡོང་བར་སྐུལ་འདེད་བྱ་དགོས།   མཚོ་ནུབ་ལས་གཏོད་ཞབས་ཞུའི་ཁང་ཆེན་དང་གཏེར་ལེན་ཁའི་གྲོང་ཁྱེར་ལས་གཏོད་གསོ་སྤེལ་རྟེན་གཞི་བཅས་འཛུགས་སྐྲུན་བྱེད་པ་དང་།   ལས་གཏོད་ལས་ཞུགས་ལ་སྐུལ་འཁྲིད།   ཞིང་ཕྱུགས་ཁུལ་གྱི་ཐུན་མོང་གི་དཔལ་འབྱོར་དར་རྒྱས་སུ་གཏང་དགོས།    ལས་ཞུགས་དཀའ་གནད་མི་སྣར་དབུལ་སྐྱོར་བྱས་ཏེ། ལས་ཞུགས་མེད་པའི་ཁྱིམ་ཚང་གི་དབུལ་སྐྱོར་ལ་ཤུགས་སྣོན་དགོས།  མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་ལས་ཞུགས་ཀྱི་ཚད87%ཡན་ཐོན་དགོས། མཁའ་གྲོང་ལ་ལས་ཞུགས་གསར་བ1.5སྣོན་པ་དང་།   ཞིང་ཕྱུགས་ཁུལ་གྱི་ངལ་རྩོལ་བ་མི་ཁྲི9ཡི་རྩོལ་ཤུགས་སྤོ་བསྒྱུར་བྱ་དགོས།    སློབ་གསོའི་རིག་རྩལ་དམངས་ཕན་གྱི་ཆུ་ཚད་མཐོར་འདེགས་སུ་གཏང་དགོས།  མུ་མཐུད་དུ་ལོ་བཅོ་ལྔར་སློབ་རིན་མི་ལེན་པའི་སློབ་གསོ་སྲ་བརྟན་དང་མཐོར་འདེགས་སུ་བཏང་སྟེ།    སྤུས་ལེགས་ཀྱི་སློབ་གསོ་ཐོན་ཁུངས་ནང་འདྲེན་བྱས་ནས། དགེ་རྒན་སྡེ་ཁག་འཛུགས་སྐྲུན་ཐད་ལ་ཤུགས་སྣོན་དགོས།  ཁྱོན་ཡོངས་ནས་དགེ་རྒན་སྡེ་ཁག་དང་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་བའི་འགན་ཁུར་ཕར་ཆེར་ལེགས་འགྲུབ་བྱུང་དགོས།   གཏེར་ལམ་དང་དབུས་ལམ་རྫོང་གཉིས་ཀྱི་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་ཆ་སྙོམས་ཀྱི་འཕེལ་རྒྱས་ལ་ཞིབ་བཤེར་རྩིས་ལེན་ཐོབ་དགོས། རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།   ཁྱད་ལྡན་རིག་གནས་གསར་གཏོད་ཐོན་ལས་གླིང་ཁུལ་བསྐྲུན་དགོས།  ས་ཁུལ་གྱི་རིག་གནས་སྲུང་སྐྱོང་དང་གསར་སྤེལ་ལ་ཤུགས་བསྣན་ནས།   ནཱ་ཏ་མུའོ་དུས་ཆེན་སོགས་ཁྱད་ཆོས་རིགས་གནས་ལུས་རྩལ་བྱ་འགུལ་ལེགས་པོར་སྤེལ་དགོས། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏང་དགོས། ཚོང་ལས་འགན་སྲུང་ལས་ཁུངས་མཁར་ཞང་སྡོད་དམངས་རྨང་གཞི་སྨན་བཅོས་འགན་སྲུང་སྒྲུབ་པའི་ཞབས་ཞུའི་ནང་དུ་ཞུགས་པར་སྐུལ་འདེད་བཏང་སྟེ།  དམངས་ཡོངས་ཀྱི་འགན་སྲུང་མིང་ཐོ་འགོད་པའི་འཆར་གཞི་ལག་བསྟར་བྱ་དགོས།  འགན་སྲུང་ལྔ་ཞེས་པ་གཅིག་འགྱུར་དུ་བཀོལ་བར་ཤུགས་སྣོན་དགོས།  སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏང་དགོས།  ཁྱིམ་ནས་རྒན་གསོ་དང་གཞིས་ཁུལ་རྒན་གསོ་སོགས་སྣ་མང་ཅན་གྱི་རྒན་གསོའི་ཞབས་ཞུ་འཕེལ་རྒྱས་སུ་གཏང་དགོས།   སྤྱི་ཚོགས་འགན་སྲུང་དང་སྤྱི་ཚོགས་རོགས་སྐྱོར་ལམ་ལུགས་གཅིག་གྱུར་བྱེད་པ། དཀའ་གནད་མང་ཚོགས་སྲིད་ཇུས་ལ་བརྟན་ནས་རོགས་སྐྱོར་བྱེད་པ་ཇེ་དྲག་ཏུ་གཏང་དགོས།   བདེ་ཐང་གི་མཚོ་ནུབ་བྱ་འགུལ་འཆར་གཞིར་སྐུལ་འདེད་གཏང་དགོས། དམངས་ཕན་ལས་ཆོད་ཀྱི་སྨན་བཅོས་ཞབས་ཞུའི་དོ་དམ་ནང་རྐྱེན་འཚོལ་ཞིབ་བྱས་ནས་འཛུགས་སྐྲུན་བྱེད་པ་དང་གཞི་རིམ་འཕྲོད་བསྟེན་ཞབས་ཞུའི་ནུས་པར་ཡར་སྐུལ་བྱ་དགོས།  རིམ་འབྱེད་སྨན་བཅོས་ཀྱི་ལམ་ལུགས་ལག་བསྟར་བྱས་ཏེ།     སྨན་བཅོས་འཕྲོད་བསྟེན་བྱ་བའི་གནད་ས་དང་ཐོན་ཁུངས་མར་ཆག་པར་སྐུལ་འདེད་བྱ་དགོས། ཟས་རིགས་སྨན་རིགས་ལྟ་རྟོག་ཇེ་དྲག་ཏུ་བཏང་ནས།   མང་ཚོགས་ཀྱི་བཟའ་བཏུང་དང་སྨན་སྤྱོད་ཀྱི་བདེ་འཇགས་ལ་འགན་སྲུང་བྱ་དགོས།   བདེ་འཇགས་མཚོ་ནུབ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏང་དགོས།  སྤྱི་སྤྱོད་བདེ་འཇགས་ཀྱི་བརྙན་རིས་ལྟ་རྟོག་གི་དྲ་སྦྲེལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཁྲིམས་འགལ་གྱི་ཉེས་སྤྱོད་སོ་སོར་རྡུང་རྡེག་དྲག་པོར་བྱ་དགོས།སྤྱི་ཚོགས་བདེ་སྲུང་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དགོས།ཡིག་སྐུར་ངོ་གཏུག་དང་གཏུག་མཁན་སྣེ་ལེན།  མི་དམངས་འདུམ་འགྲིག སྲིད་འཛིན་འདུམ་འགྲིག་བཅས་ལེགས་པོར་བསྒྲུབ་སྟེ།    འགལ་བ་རྩོད་གླེང་སྣ་མང་ཅན་གྱི་འདུམ་འགྲིག་ནང་རྐྱེན་འཐུས་ཚང་དུ་གཏང་དགོས།    མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་སྐྲུན་བྱ་བ་མུ་མཐུད་དུ་སྤེལ་ཏེ།  ཁྲིམས་ལྟར་མི་རིགས་ཆོས་ལུགས་ལས་དོན་གྱི་དོ་དམ་ཇེ་དྲག་ཏུ་བཏང་ཞིང།   མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཀྱི་རྣམ་པ་ཆེན་པོ་འཆམ་མཐུན་བརྟན་བརླིང་ཡོང་བར་སྐུལ་འདེད་གཏང་དགོས།

འཐུས་མི་རྣམ་པ། ད་ལོར་ང་ཚོས་མང་ཚོགས་ཀྱི་འདོན་བློར་བསྟུན་ནས།མུ་མཐུད་དུ་དམངས་འཚོའི་དོན་དངོས་བཅུ་ལེགས་པོར་བསྒྲུབ་དགོས། གཅིག་ནི་མ་དངུལ་སྒོར་དུང་ཕྱུར110བཏང་སྟེ་གཙོ་བོར་མཁར་གྲོང་གི་རྨང་གཞིའི་སྒྲིག་ཆས་ལེགས་བསྒྱུར་དང་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས།དབུལ་ཐར་ལས་གཞི་འཛུགས་སྐྲུན་སོགས་ཕྱོགས་སུ་སྤྱོད་དགོས།  དུད་ཁྱིམ765ཡི་དབུལ་ཕོངས་མང་ཚོགས2497གྱི་དབུལ་སྐྱོར་གནས་སྤོ་འགྲུབ་དགོས།ཁུལ་ཡོངས་སུ་དབུལ་ཐར་ཆ་རྐྱེན་ཚང་བའི་མི6122དབུལ་སྐྱོར་གནད་ཕིགས་མངོན་འགྱུར་དང་དབུལ་ཐར་འགན་སྲུང་ཡོངས་སུ་ཁེབས་དགོས།གཉིས་ནི་སློབ་གྲྭ38གསར་སྐྲུན་དང་ཞིག་གསོ་བྱས་ཏེ། བྱིས་བཅོལ་ཁང9གསར་བསྐྲུན་དང་དགེ་སློབ་ཆུ་ཚད་ཡར་འདེགས་ཀྱི་ལག་ལེན་ལག་བསྟར་བྱས་ཤིང་།ལོ་འདིའི་ནང་དུ་དགེ་རྒན300གསོ་སྦྱོང་བྱས་ཏེ།  ཁུལ་ཡོངས་ཀྱི་འཛིན་བདག་དང་བཅའ་སྡོད་སློབ་གྲྭའི་དགེ་རྒན་གྱི་གྲུབ་འབྲས་དཔྱད་ལེན་ཟླ་ཕོགས་ཇེ་མཐོར་གཏང་དགོས། གསུམ་ནི་གཤག་བཅོས་སྦྲུམ་སྐྱེ་སྔོན་གྱི་གཞི་རྐྱེན་བརྟག་བཤེར་དང་བཙའ་སྐྱེ་ཕྲུ་གུའི་རྒྱུད་ཀྱི་རྙིང་ཚབ་གསར་འབྱེད་ནད་ཀྱི་བརྟག་བཤེར་སོགས་གཞི་རྐྱེན་བརྟག་བཤེར་རྣམ་གྲངས་ལྔའི་དམངས་ཕན་ལས་གཞིར་སྐུལ་འདེད་བྱེད་པར་འབད་དེ།རྒྱང་མཐོང་སྨན་བཅོས་ཞབས་ཞུའི་འགྲོ་གྲོན་ཁ་གསབ་རོགས་སྐྱོར་སྲིད་ཇུས་ལག་བསྟར་དང་ཞིང་ཆེན་ཕྱི་ནང་གི་སྙན་གྲགས་ཆེ་བའི་སྨན་ཁང་གི་རྒྱང་མཐོང་སྨན་བཅོས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏང་དགོས། མངའ་ཁོངས་པར་བརྟག་མ་ལག་སྟེགས་བུ་དང་རྒྱང་མཐོང་བརྟག་བཤེར་ལྟེ་བའི་ཞབས་ཞུ་སྒྲིག་ཆས་བསྐྲུན་དགོས། དབུལ་ཕོངས་ལིང་ཏོག་ནད་པ་གཤག་བཅོས་བྱས་ཏེ་མིག་གི་མཐོང་བར་གྱུར་བའི་དཔེ་གཞི100འགྲུབ་དགོས། སྡེ་རིམ་སྨན་པའི་གླ་ཕོགས་ཇེ་མཐོར་གཏང་དགོས། བཞི་ནི་མཁར་གྲོང་ལས་རྩོལ་བ6500ཡི་ནུས་རྩལ་གསོ་སྦྱོང་དང་མཐོ་རིམ་མཐར་ཕྱིན་སློབ་མ350ཡི་ལས་གཏོད་ནུས་པ་ཇེ་མཐོར་བཏང་སྟེ། མཁར་གྲོང་གི་ལས་ཤོར་མི་སྣ3500དང་ལས་ཞུགས་དཀའ་ཁག་ཅན་མི480ལས་ཞུགས་བྱས་པ་མངོན་འགྱུར་བྱུང་། ལྔ་ནི་རོང་འབྲོག་དམངས་ལུས་རྩལ་བདེ་ཐང་བཟོ་སྐྲུན179བསྐྲུན་ནས་ཞང་གྲོང་དང་སྲིད་འཛིན་སྡེ་བ། དགོན་པའི་གཏན་སྡོད་གྲྭ་ཤག་བཅས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས་ཏེ། གཞིས་ཁུལ་གྱི་རྩལ་སྦྱོང་ར་བ14དང་གཞི་རིམ་སྣ་འཛོམས་རང་བཞིན་གྱི་རིག་རྩལ་ཞབས་ཞུ་ལྟེ་གནས་ལས་གཞིར་སྐུལ་འདེད་དགོས། གཏེར་ལེན་ཁ་དང་ན་གོར་མོ་རུ་དུས་ཚོད24སྒོ་ཕྱེ་བའི་དཔེ་མཛོད་ཁང་བསྐྲུན་དགོས། ཁུལ་ནང་ཁུལ་གྱི་ལྗོངས་རྒྱུ་གནས་སུ་མཚོ་ནུབ་ཀྱི་ཁྱིམ་ཐོར་གཏོགས་པའི་བྱིས་པ་དང་རྒན་པ། དབང་བོ་སྐྱོན་ཅན་བཅས་ལ་རིན་མི་ལེན་པ་ལག་བསྟར་དགོས། དྲུག་ནི་གྲོང་ཁྱེར་གྱི་ཆེས་དམའ་བའི་འཚོ་བའི་འགན་སྲུང་དང་ལོ་ལོན་གྱི་ཁ་གསབ་ཟླ་རེར་སོ་སོ་སྒོར50ནས20ཡར་བསྟོད་དགོས། རོང་འབྲོག་ཁུལ་གྱི་མིའི་ཆ་སྙོམས་ཡོང་སྒོ་སྒོར4000ལས་དམན་ཞིང་དབུལ་སྐྱོར་གནད་ཕིགས་བྱ་ཡུལ་མིན་པའི་མང་ཚོགས་ཡོངས་ཆེས་དམའ་བའི་འཚོ་བའི་འགན་སྲུང་དུ་འཇོག་དགོས།བདུན་ནི་ཁུལ་ཡོངས་མཁར་གྲོང་ལས་བཟོ་བའི་སྨན་བཅོས་འགན་སྲུང་མི་སྒེར་རྩིས་ཐོ་དབྱེ་སྤྲོད་བསྡུར་གྲངས་ཇེ་མཐོར་གཏང་དགོས།ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བཟོ་བའི་བསྡུར་གྲངས་ལོ་སྔོན་མའི་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཆ་སྙོམས་གླ་ཕོགས་ཀྱི4%ཡར་བསྟོད་དགོས། ལོ45མན་གྱི་ལས་རྐང་སུ་ཡོད་པའི་ལས་བཟོ་བའི་བསྡུར་གྲངས་བརྒྱ་ཆའི་གནས0.5ཡར་བསྟོད་དགོས། གཞུང་ཞབས་པའི་ལས་འཁྱུར་ངལ་གསོས་ལས་བཟོ་བའི་མི་སྒེར་ཟླ་ཕོགས་སྤྱིའི4%ཡར་བསྟོད་དགོས། བརྒྱད་ནི་ཁུལ་ཡོངས་ཀྱི་རོང་འབྲོག་དམངས46185ཡི་སྡོད་ཁང་འགན་སྲུང་ཉོས་ཏེ། རོང་འབྲོག་ཁུལ་གྱི་སྡོད་ཁང་འགན་སྲུང་ཡོངས་སུ་ཁེབས་པ་མངོན་འགྱུར་བྱ་དགོས། དགུ་ནི་མ་དངུལ་སྒོར་དུང་ཕྱུར3.3བཏང་ནས་སྡེ་བ་རིམ་པའི་གཞུང་ལམ་སྤྱི་ལེ1500དང་དམངས་བདེ་ཟམ་པ15འཛུགས་སྐྲུན། གཞི་ཁྱོན་ཆུང་ངུའི་ཞིང་སའི་ཆུ་བེད་ལ་སྐུལ་འདེད།  རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་སོགས་ཀྱི་ལས་གཞི་ཡར་སྐྱེད་དང་བཟོ་སྐྲུན་སྲ་བརྟན་གཏོང་བའི་ཐད་བཀོལ་དགོས།ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི10དང་མི་ཁྲི2ཀྱི་འཐུང་ཆུའི་ཆ་རྐྱེན་ལེགས་བསྒྱུར་དགོས། བཅུ་ནི་མྱུར་བར་སྡེ་བའི་སྐུད་ལམ་དྲ་རྒྱ་འཛུགས་སྐྲུན་བྱས་ཏེ། ཞིང་སྡེ་རུ་དྲ་རྒྱ་གསུམ་མཐུན་སྦྱོར་དང་གླ་དངུལ་མར་ཆག་པའི་སྲིད་ཇུས་ཡོངས་སུ་ཁེབས་པ་བྱ་དགོས།དོན་དག་འདི་དག་དངོས་འབེབ་བྱས་ཚེ། རིགས་སོ་སོའི་མང་ཚོགས་བདེ་ཞིང་དཔལ་ལ་རོལ་ཐུར་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།  

བཅུ།སྒོ་འབྱེད་རྒྱ་སྐྱེད་དང་ཁོར་ཡུག་བཅོས་སྐྱོང་། ཚོང་འགུག་དངུལ་འདྲེན་བཅས་བྱས་ཏེ། ཕྱི་ནང་སྦྲེལ་འགུལ་ཕན་ཐོན་ཚད་སྲ་བརྟན་དང་མཐོར་འདེགས་སུ་གཏང་དགོས།

ཁྱོན་ཡོངས་ནས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་དགོས། རྒྱུད་གཅིག་ལམ་གཅིག་གི་འཕེལ་རྒྱས་འཐབ་ཇུས་ལ་འདྲིས་པར་འབད་དེ། ནུས་ཤུགས་ཡོད་རྒུའི་ནུབ་ཕྱོགས་དང་ལྷོ་ཕྱོགས་ཀྱི་སྒོ་འབྱེད་རགས་རྒྱ་བསྐྲུན་དགོས། ཕྱོགས་གང་མང་ལ་འབྲེལ་འདྲིས་མཉམ་འབྲེལ་སྟེགས་བུ་བཙུགས་ཏེ་མཚོ་ནུབ་ཀྱི་གཏམ་རྒྱུད་ལེགས་པོར་བརྗོད་པ་དང་སྣང་བརྙན་ལེགས་བཞེངས། མཚན་སྙན་སྙན་གྲགས་ཇེ་རྒྱས་སུ་གཏང་དགོས། ན་གོར་མོའི་སྒེར་གཉེར་ཚོང་དོན་ཁུལ་དང་ཀྲུང་ཉའེ་ཐོན་ལས་གླིང་བསྐྲུན་པར་སྐུལ་འདེད་དང་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཚད་ཐིག་གསར་བ་བཟོ་དགོས།ཀན་སུའུ་དང་ཞིན་ཅང་། བོད་ལྗོངས་སོགས་མཐའ་འཁོར་གྱི་ས་གནས་ལ་འབྲེལ་འདྲིས་རིམ་པ་ཇེ་མཐོར་བཏང་ནས་མཉམ་སྡེབ་ཁ་གསབ་འཕེལ་རྒྱས་ལ་སྐུལ་དགོས། རྒྱལ་ཁབ་པུའུ་ཨུ་དང་ཀྲའེ་ཅང་ཞིང་ཆེན།དེ་མིན་ཀྲུང་དབྱང་གི་ཁེ་ལས་བཅས་ལ་འབྲེལ་འདྲིས་བྱེད་པར་ཤུགས་བསྣན་ཏེ་ལས་གཞི་དང་། མ་དངུལ།  ལག་རྩལ། མི་འཇོན་ཐང་ཅན་སོགས་ཕྱོགས་ཀྱི་རྒྱབ་སྐྱོར་གང་མང་བརྩོན་ལེན་བྱ་དགོས།ཕྱི་འཚོང་ནུས་ལྡན་ཁེ་ལས་གསོ་སྐྱོང་དང་ཁྱད་ལྡན་སྤུས་ལེགས་ཀྱི་རོང་འབྲོག་ཐོན་ལས་ཕྱིར་འཚོང་གནས་གཞི་བསྐྲུན་ཞིང་། ཕྱིར་འཚོང་གི་སྤུས་འདེགས་ཕན་སྐྱེད་ལ་སྐུལ་འདེད་བྱས་ཏེ། ཚོང་ཟོག་ནང་འདྲེན་ཕྱིར་འཚོང་གི་སྤྱིའི་རིན་གྲངས་ཨ་སྒོར་ཁྲི5000འགྲུབ་དགོས།

སྣོད་ལྡན་ཁོར་ཡུག་བཅོས་སྐྱོང་གང་ལེགས་བྱ་དགོས། ཞབས་ཞུ་ཡར་འདེགས་དང་གནོད་མེད་འཛུགས་སྐྲུན། གེགས་མེད་འཕེལ་རྒྱས་བཅས་ཀྱི་དམིགས་འབེན་ལ་གཞིར་བཟུང་སྟེ།  སྣོད་ལྡན་ཁོར་ཡུག་འཛུགས་སྐྲུན་གྱི་ཡུན་ཕན་རྒྱེན་སྲོལ་ཚང་སྐྲུན་བྱས་ཏེ་དཔྱད་བསྡུར་དང་བརྒྱུད་བསྒྲགས་ལམ་ལུགས་འཛུགས་དགོས། སྣོད་ལྡན་ཁོར་ཡུག་བཅོས་སྐྱོང་ལས་དོན་ནི་ལས་བྱེད་པའི་དངོས་འབབ་གྲུབ་འབྲས་ལ་དཔྱད་ལེན་བྱེད་པའི་ནང་དོན་གལ་ཆེན་དུ་བཟུང་སྟེ།མཛའ་མཐུན་ལྡན་ཞིང་སྤྱོད་ལམ་ལེགས་པོའི་སྲིད་ཚོང་འབྲེལ་བ་གྲུབ་དགོས།  སྤྱི་སྒྲོག་གསལ་འབྱེད་ཀྱི་སྲིད་དོན་ཁོར་ཡུག་དང་ཕན་མཐོ་སྟབས་བདེའི་ཞབས་ཞུ་ཁོར་ཡུག བདེ་འཇགས་རིམ་ལྡན་གྱི་ཚོང་རའི་ཁོར་ཡུག  བདེན་པ་བདེན་དྲང་གི་ཁྲིམས་སྐྱོང་ཁོར་ཡུག ཤེས་རབ་དང་འཇོན་ཐང་ལྡན་པའི་མི་སྣ་འདུས་པའི་ཁོར་ཡུག ཡིད་རྟོན་བློ་དཀར་གྱི་སྤྱི་ཚོགས་ཁོར་ཡུག་བཅས་བསྐྲུན་ནས་མཚོ་ནུབ་ཀྱི་དཔལ་འབྱོར་སྐྱེ་ཁམས་ལེགས་པོ་བསྐྲུན་དགོས།

ཚོང་འགུག་དངུལ་འདྲེན་སྤུས་ཚད་ཇེ་མཐོར་གཏང་དགོས། ཚོང་འགུག་ཞབས་ཞུ་སྐུལ་འདེད་ཨུ་ཡོན་ལྷན་ཁང་དང་ཕྱི་སྡོད་དོན་གཅོད་ཁང་།རོགས་སྐྲུན་བཀོད་འདོམས་པུའུ་བཅས་ཀྱི་འགན་ནུས་ལེགས་པོ་བཏོན་ནས་ཚོང་འགུག་རྣམ་པ་གསར་གཏོད་དང་ཚོང་འགུག་སྟེགས་བུ་རྒྱ་སྐྱེད་དགོས། མཚོ་སྔོན་ཚོང་འཕྲལ་གྲོས་མོལ་དང་ཚོགས་སྟོན་སྣ་ཚོགས་སྤྱ་དེ། ཕྱིར་གཏོང་བ་དང་ནང་དུ་འདྲེན་པའི་ཁྱབ་ཁོངས་སྐྱེད་དགོས་ཤིང་། ཚོང་འགུག་གི་ཁ་གཏད་རང་བཞིན་དང་གནད་ཁེལ་རང་བཞིན་འབུར་དུ་དོད་དེ། ཐོན་ལས་ཚོང་འགུག་དང་རྒྱུད་སྦྲེལ་ཚོང་འགུག  ཚོང་ལས་ཚོང་འགུག། ཞི་མཐུན་སྒོས་ཚོང་འགུག་པ།  སྲིད་ཇུས་ཀྱིས་ཚོང་འགུག་པ།ཁོར་ཡུག་ལས་ཚོང་དོན་སྲུང་བ་སོགས་ཕྱོགས་ནས་ཐོད་བརྒལ་གསར་བ་ཡོད་དགོས།སྣེ་འདྲེན་ཁེ་ལས་ཆེན་པོ་དང་ལག་རྩལ་སྔོན་ཐོན་དང་ཀྲུང་དབྱང་གི་ཁེ་ལས། གཞི་ཁྱོན་ཆེ་བའི་རྒྱལ་དབང་ཁེ་ལས།  ནུས་ལྡན་ཁེ་ལས། ཐོན་ལས་འགྲན་རྩོད་དྲགས་པའི་དམངས་གཉེར་ཁེ་ལས་བཅས་ལ་དམིགས་ཏེ། མྱུར་བར་སྣེ་འདྲེན་རང་བཞིན་ལྡན་ཞིང་དབུ་ཁྲིད་ཀྱི་རྣམ་པ་ཅན།གནས་གཞིའི་རྣམ་པ་ཅན་གྱི་ལས་གཞི་སྐོར་ཞིག་ནང་འདྲེན་བྱ་དགོས་ཤིང་། ལོ་ཧྲིལ་བོར་ཚོང་འགུག་དངུལ་འདྲེན་མཆན་བཀོད་མ་དངུལ་སྒོར་དུང་ཕྱུར2000ཡན་ལ་བསླེབས་པ་དང་མ་དངུལ་བསླེབས་ཚད་སྒོར་དུང་ཕྱུར450ལ་བསླེབས་པར་ཁག་ཐེག་དགོས། ལས་གཞི་ཡོད་ཚེ་ལས་མགོ་རྩོམ་པ་དང་མ་དངུལ་བསླེབས་པ་མཉམ་དུ་མངོན་འགྱུར་བྱུང་བར་སྐུལ་འདེད་བྱེད་པར་འབད་དགོས།

དུས་མཚུངས་སུ། བདེ་འཇགས་ཐོན་སྐྱེད་ལ་གཟབ་ནན་སྒོས་དོ་དམ་དང་གཙོ་ཕུང་འགན་ལེན་དོན་འཁྱོལ་ནན་མོ་ལྡན་ཞིང་། ནུས་ལྡན་སྒོས་རིགས་སོ་སོའི་བདེ་འཇགས་གནོད་སྐྱོན་དག་ཐེར་བྱ་དགོས། རྒྱལ་སྲུང་དང་ཁུལ་སྡོད་དམང་དཔུང་གི་བཅོས་བསྒྱུར་ལ་རྒྱབ་སྐྱོར་ལེགས་པོ་བྱས་ཏེ།ཟུང་ཕན་མཉམ་སྐྲུན་དང་མི་དམངས་མཁའ་སྲུང་། མེ་གསོད་བདེ་འཇགས། ཡིག་ཚགས་རིག་གནས་ལོ་རྒྱུས། གནོད་སེལ་ཐན་འགོག་སོགས་ལས་དོན་སོ་སོ་ལེགས་པོར་བསྒྲུབ་དགོས།

འཐུས་མི་རྣམ་པ།  འབྱོར་ཕྱུག་དང་དཔལ་ཡོན།འཆམ་མཐུན། བདེ་སྐྱིད་བཅས་ལྡན་པའི་སྟོབས་ལྡན་ཁུལ་བསྐྲུན་པར་ང་ཚོའི་སྔར་ལས་སྣང་བརྙན་ལེགས་བཞེངས་བྱས་ཏེ།གསར་གཏོད་བླ་ལྷག་དང་བློ་ཡངས་ཁོངས་འཇུག  དངོས་འབབ་ཡིད་རྟོན། འགན་ལེན་བྱས་འཇོག    དྲིན་ལན་རྟོག་པ་བཅས་ཀྱི་མཚོ་ནུབ་སྙིང་སྟོབས་ཆེས་ཆེར་དར་སྤེལ་བཏང་སྟེ། ཁྱོན་ཡོངས་ནས་སྲིད་གཞུང་གི་རང་སྟེང་འཛུགས་སྐྲུན་ལ་ཤུགས་བསྣན་ནས་མིག་དཔེ་ལྔ་བརྩོན་ལེན་བྱ་དགོས་ཤིང་། དངོས་ནས་བསམ་བློ་བཅིང་འགྲོལ་ཐོབ་ཅིང་ཚོར་སྐྱེན་ལས་སྒྲུབ་ཀྱི་མིག་དཔེ་བརྩོན་ལེན་ཐུབ་དགོས། གནད་བསྡུས་ཀྱི་དབྱིབས་བསྒྱུར་བཞི་ཟབ་སྤེལ་བྱས་ཏེ།མཚོ་ནུབ་ཀྱི་ཞིང་ཆེན་ཡོངས་ཀྱི་སྔོན་དུ་བསྐྱོད་པ་བཞི་འདེགས་ནུས་ཡིན་པའི་བསམ་བློའི་བཅིངས་འགྲོལ་ཆེན་མོའི་དཔྱད་གླེང་བྱ་འགུལ་མངོན་འགྱུར་དགོས།མུ་མཐུད་དུ་བསམ་བློ་བཅིང་འགྲོལ་དང་རྙིང་ཕུད་གསར་སྡུད་བྱས་ཏེ། ངེས་དོན་གྱིས་བསམ་བློའི་སྟེང་ནས་ངོས་ཟིན་གསར་བ་ཡོད་པ་དང་འདོན་འདུན་སྟེང་ནས་བརྗེ་བསྒྱུར་གསར་བ་ཡོད་པ།  རིག་ལམ་སྟེང་བྱེད་ཐབས་གསར་བ་ཡོད་པ། ལག་ལེན་སྟེང་དངོས་འབབ་གསར་བ་ཡོད་པ་བྱ་དགོས། སྙིང་སྟོབས་ཆེར་སྐྱེད་ཀྱི་རྣམ་པ་རྒྱུན་འཁྱོངས་དང་ལས་སྒྲུབ་ལས་གཏོད་ཀྱི་ཚོར་སྐྱེན་བསྔོག་དགོས་ཤིང་། ལས་ཀའི་གྲུབ་འབྲས་ཆེས་ལེགས་པ་བླངས་ཏེ་སྲིད་གཞུང་གི་སྣང་བརྙན་གསར་བཞེངས་བྱ་དགོས།      དངོས་ནས་ལངས་ཕྱོགས་བརྟན་ཞིང་བློ་དཀར་གཞུང་དྲང་གི་མིག་དཔེར་བརྩོན་དགོས།  ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་རྗེས་ཆོད་པ་དང་རྗེས་སུ་བསྙེག་པ་ལེགས་པའི་བླང་བྱ་ལྟར། ནམ་ཡང་སྒྲིག་ཁྲིམས་དང་སྒྲིག་ལམ་གཙིགས་སུ་བཟུང་ནས་ཆབ་སྲིད་འདུ་ཤེས་དང་སྤྱི་ཁོག་གི་འདུ་ཤེས། དཀྱིལ་སྙིང་གི་འདུ་ཤེས། སྤྱི་མཐུན་གྱི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏང་དགོས། དངོས་ནས་བསམ་བློའི་སྟེང་དང་ལག་ལེན་སྟེང་ནས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་།  ཁུལ་ཏང་ཨུ་བཅས་དང་གཅིག་གྱུར་ཡོང་དགོས་ལ།   སྲིད་གཞུང་མ་ལག་གིས་ཁྱོན་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་ཆེན་པོ་བཏང་སྟེ།ཆབ་སྲིད་སྐྱེ་ཁམས་ལེགས་པོའི་འཛུགས་སྐྲུན་པ་དང་ལག་ལེན་པ། སྲུང་སྐྱོང་བ་བཅས་བྱ་དགོས། དངོས་ནས་ལྟ་རྟོག་ནན་མོ་དང་ཁྲིམས་ལྟར་སྲིད་འཛིན་གྱི་མིག་དཔེར་བརྩོན་ལེན་བྱ་དགོས།  ཁྲིམས་སྐྱོང་ཁོར་ཡུག་ལེགས་བསྒྱུར་ལག་ལེན་སྤེལ་ཏེ། སྲིད་གཞུང་གི་ཁྲིམས་འཛུགས་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་སྲིད་འཛིན་བསྐྱར་གྲོས་བྱ་བ་ལེགས་པོར་བསྒྲུབ་ཏེ་བདུན་ལྔའི་ཁྲིམས་ཁྱབ་ལག་བསྟར་དགོས། ཁྲིམས་གཏན་འོས་འགན་ངེས་པར་དུ་ལག་ལེན་དང་ཁྲིམས་ཀྱིས་དབང་བཅོལ་གང་འདོན་དུ་མི་བཀོལ་བར་རྒྱུན་འཁྱོངས་དགོས། གཟབ་ནན་སྒོས་ཁྲིམས་གཏན་དབང་ཚད་དང་གོ་རིམ་ལྟར་དབང་ཆ་དང་འགན་བབས་ལག་བསྟར་དགོས། རང་འགུལ་དུ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་དང་བྱ་བའི་ལྟ་རྟོག་དང་ལེན་བྱ་དགོས་ཤིང་། རང་འགུལ་དུ་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་རྟོག་དང་ལེན་དགོས།  ཁྲིམས་འཛིན་ལྟ་རྟོག་དང་ཞིབ་རྩིས། ཞིབ་དཔྱོད་སོགས་སྲིད་གཞུང་ནང་ཁུལ་གྱི་ལྟ་རྟོག་ཇེ་དྲག་ཏུ་གཏང་དགོས། སྲིད་དོན་ལྟ་བཤེར་དང་ཕན་ནུས་ཞིབ་དཔྱོད་ཇེ་ལེགས་སུ་བཏང་སྟེ་བཅོས་སྐྱོང་ལ་སྲིད་དོན་ལྷོད་གཡེང་དུ་གཏན་ནས་གཏོང་མི་རུང་། སྤྱི་ཚོགས་ལྟ་རྟོག་དང་དཔྱད་བརྗོད་ལྟ་རྟོག་དང་ལེན་བྱས་ཏེ།  དབང་ཤུགས་ནི་ཁྲིམས་སྐྱོང་དང་གསལ་སྟོན་ཁྲོད་ལག་བསྟར་བྱ་དགོས།སྤྱོད་གཙང་རང་སྡོམ་དང་སྲོལ་བཟང་གི་མིག་དཔེར་བརྩོན་དགོས། རུལ་སུངས་མ་ལག་ལ་སྔོན་འགོག་དང་བཅོས་སྐྱོང་འཐུས་ཚང་དུ་བཏང་ནས་ནམ་ཡང་རུལ་སུངས་ལ་རྒོལ་བ་དང་སྲོལ་བཟང་དར་སྤེལ། སྤྱོད་སྟངས་བཞིར་ངོ་རྒོལ།  ཏང་སྲོལ་གཙང་སྤེལ་བཅས་ཀྱི་འཐབ་ཇུས་རྒྱུན་འཁྱོངས་དགོས། དངོས་ནས་བསམ་བློའི་ཁ་ཕྱོགས་མི་ནོར་བ་དང་སྤྱོད་པའི་ཚུལ་ལུགས་མི་འཁྲུལ་བར་བྱས་ཏེ་ལྟ་རྟོག་གི་རགས་རྒྱ་བཟོ་དགོས། དངོས་ནས་རུལ་སུངས་སྤྱོད་ལམ་སྣ་ཚོགས་ལ་ཆད་གཅོད་ནན་མོ་བྱས་ནས་སྲིད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས།དྲང་ཕྱོགས་སུ་སྐུལ་སློང་དང་ནོར་འཁྲུལ་ལ་གུ་ཡངས་ཀྱི་རྐྱེན་སྲོལ་འཐུས་ཚང་བསྐྲུན་ནས་སྔར་བས་ལེགས་པོའི་བྱ་བའི་མཁའ་དབུགས་བསྐྲུན་དགོས།   དོན་དམ་གྱིས་དངོས་འབབ་ཕན་མཐོ་དང་འགན་ལེན་ཕོད་པའི་མིག་དཔེར་བརྩོན་དགོས།  ཚད་གཞི་ཕུལ་བྱུང་དང་གསར་གཏོད་ཕུལ་བྱུང་གི་འདུ་ཤེས་བཞེངས་ཏེ། ལས་བྱེད་པའི་བྱ་བའི་བྱང་ཚད་མཐོར་འདེགས་ལོའི་བྱ་འགུལ་སྤེལ་དགོས།ཞང་གྲོང་སྲིད་གཞུང་གི་ཞབས་ཞུའི་ནུས་པ་ཇེ་མཐོར་གཏོང་བར་ཤུགས་བསྣན་ནས་ཞབས་ཞུའི་དོ་དམ་སྒྲིག་གཞིའི་རྐྱེན་སྲོལ་འཐུང་ཚང་དུ་གཏང་དགོས། ནམ་ཡང་འཕེལ་རྒྱས་ཀྱི་ལས་འགན་དང་པོ་ཡིད་ལ་བཅངས་ནས་འཕེལ་རྒྱས་ཀྱི་འགན་དབང་གཙོ་བོར་གདེང་ཚོད་བླངས་ཏེ། དཔལ་འབྱོར་དཔྱད་ལེན་དབང་ཤུགས་ལ་བརྩོན་དགོས། གཞི་རིམ་དུ་ཟབ་ཞུགས་བྱེད་པའི་ཡུན་ཕན་རྐྱེན་སྲོལ་བཙུགས་ཏེ། བརྟག་དཔྱད་ཞིབ་འཇུག་གི་སྤྱོད་ལམ་དར་སྤེལ་བཏང་སྟེ། སྲིད་གཞུང་གིས་གཏན་ལ་ཕབ་པའི་སྲིད་ཇུས་བྱེད་ཐབས་སོ་སོ་དང་གཞི་རིམ་གྱི་དངོས་ཡོད་ལ་ཕན་ལྡན་སྒོས་ཟུང་འབྲེལ་བྱེད་པར་ཁག་ཐེག་བྱས་ཏེ།ཡུལ་སྲོལ་དང་འཚམ་ལ་དམངས་སེམས་དང་མཐུན་པ་བྱ་དགོས།

འཐུས་མི་རྣམ་པ།  ད་ལོའི་སྲིད་གཞུང་གི་བྱ་བ་ལེགས་པོར་བསྒྲུབ་པར་འོས་འགན་ལྕི་ལ་འགན་བབས་གཟི་བརྗིད་ལྡན། ང་ཚོ་ཁུལ་ཨུའི་འགོ་ཁྲིད་བརྟན་པོའི་འོག དབྱིབས་བསྒྱུར་བཞི་དང་དམིགས་བྱ་དྲུག  སྔོན་དུ་བསྐྱོད་པ་བཞི་བཅས་ཀྱི་བླང་བྱ་གསར་བ་ལག་ལེན་དོན་འཁྱོལ་བྱས་ཏེ། ནམ་ཡང་གནད་དོན་དང་དམིགས་འབེན། གྲུབ་འབྲས་བཅས་ལ་གདོང་གཏད་དེ། ཧུར་ཐག་འབད་ཐག་གིས་བྱ་བའི་སྤྱོད་ལམ་ཡོད་པའི་སྒོ་ནས་བརྩོན་པ་རྣལ་མ་སྐྱེད་དེ་སེམས་འདུན་གཅིག་ཏུ་མཚར་སྡུག་བསྐྲུན་ཞིང་། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། བདེ་སྐྱིད་བཅས་ལྡན་པའི་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་དུ་བསྐྲུན་སླད་ཧུར་བརྩོན་བྱས་ཏེ། ཕུན་སུམ་ཚོགས་པའི་གྲུབ་འབྲས་བླངས་ཏེ་ཏང་འཐུས་ཚོགས་ཆེན་བཅུ་དགུ་བ་དང་ཞིང་ཆེན་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་སོ།།

གོང་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས《ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོས་ཁྲིམས་སྐྱོང་ལ་སྐུལ་འདེད་གཏོང་བའི་འགན་འཁུར་བ་དང་པོའི་འགན་འཁྲི་ལག་བསྟར་སྐོར་གྱི་གཏན་འབེབས》འགྲེམས་སྤེལ་བྱས་པ།

ཞོལ་མ།:༢༠༡༧ལོའི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ།

分享到: 更多
copyright@2007 www.haixi.gov.cn All Rights Reserved
པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
ICP 05001235