མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཏང་སྲིད་ཡིག་ཆ།
 

ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་རྩ་གནད།

ཡོང་ཁུངས།:ངེད་ལས་ཁུངས།  སྤེལ་དུས།:2017-11-13  རྩོམ་པ་པོ།:ངེད་ལས་ཁུངས།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

2017ལོའི་ཟླ11པའི་ཚེས2ཉིན།

   ཟླ10པའི་ཚེས18ཉིན་ནས་ཚེས24ཉིན་བར།ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་དུ་གཟབ་རྒྱས་ངང་ཚོགས།ཚོགས་ཆེན་བཅུ་དགུ་པར་ཞུགས་འོས་པའི་འཐུས་མི2280དང་། དམིགས་བསལ་གདན་ཞུའི་འཐུས་མི74།བསྡོམས་པའི་འཐུས་མི2354ཡོད།རང་ཞིང་གི་འཐུས་མི24གྲོས་ཚོགས་སུ་ཞུགས་ཤིང་།བློ་མཐུན་མགོན་པོ་བཀྲ་ཤིས་དང་རྡོ་རྗེ་རིག་ལྡན་གཉིས་གྲོས་ཚོགས་སུ་ཟུར་ཞུགས་བྱས།རང་ཁུལ་གྱི་བློ་མཐུན་ཝུན་གོ་ཏུང་དང་ཁྲིན་ཡུང་ཅེ་གཉིས་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཡིན་པའི་ཆ་ནས་གྲོས་ཚོགས་སུ་ཞུགས།

ཚོགས་ཆེན་ཐོག་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་སྟེ།སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་བསྡོམས་པའི་ཨུ་ཡོན204དང་རྗེས་སྣོན་ཨུ་ཡོན172ཡོད།     ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་བསྡོམས་པའི་ཨུ་ཡོན133ཡོད། རང་ཞིང་གི་ཝང་གོ་ཧྲིན་དང་ཝང་ཅན་ཅུན།ལེའུ་ཉིང་།  ཡན་ཅིན་ཧའེ། ཐིན་ཅཱ་ཚའེ་སོགས་སོ་སོར་འདེམས་ཤོག་ཁ་ཚང་བའི་སྒོ་ནས་ཀྲུང་དབྱང་ཨུ་ཡོན་དང་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན།ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ཡོན་དུ་བདམས་ཐོན་བྱུང་། ཚོགས་ཆེན་སྟེང་བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཕུལ་བའི་སྙན་ཞུ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཕུལ་བའི་བྱ་བའི་སྙན་ཞུར་ཞིབ་བཤེར་དང་གྲོས་ཞིབ་བྱས།ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམསདག་བཅོས་འཆར་ཟིནསྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་གྲོས་ཆོདདངཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོདཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིགདག་བཅོས་འཆར་ཟིནཐད་ཀྱི་གྲོས་ཆོདགྲོས་འཆམ་བྱུང་།

ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་རིམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་བར་བསྐྱོད་པའི་གནད་འགག་གི་དུས་སྐབས་སུ་ཚོགས་པའི་ཧ་ཅང་གལ་འགངས་ཆེ་བའི་ཚོགས་ཆེན་ཞིག་ཡིན་པས། ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་བློ་གྲོས་གཅིག་སྡུད།  རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྟོབས་ཤུགས་གཅིག་བསྡུས་བྱེད་པར་མཚོན་ན། སྔ་མཐུད་ཕྱི་སྤེལ་དང་སྔ་འཛིན་ཕྱི་གཏོད།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་བ་བརྩོན་ལེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར།ཆབ་སྲིད་ཀྱི་དོན་སྙིང་དང་རིགས་གཞུང་གི་དོན་སྙིང་།  དངོས་ཡོད་ཀྱི་དོན་སྙིང་།  ལོ་རྒྱུས་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན།

ཟླ10པའི་ཚེས18ཉིན། བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་དང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པཞེས་པ་བརྗོད་གཞི་ཡིན་པའི་སྙན་ཞུ་མཛད།  སྙན་ཞུའི་ནང་དོན་ལེའུ་གསུམ་དང་ཚན་པ་བཅུ་གསུམ་དུ་བགར་ཡོད། ལེའུ་དང་པོ་རུ་གླེང་གཞི་དང་ཚན་པ་དང་པོ་ནས་ཚན་པ་བཞི་བའི་བར་ཡོད་ལ་གཙོ་བོ་སྤྱི་བཤད་ཀྱི་ཆ་ཡིན། ལེའུ་གཉིས་པ་ཚན་པ་ལྔ་པ་ནས་ཚན་པ་བཅུ་གཉིས་བར་ཡིན་ལ།  དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གིགནས་ལྔ་གཞི་གཅིགགི་སྤྱི་ཁོག་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའིའཐབ་ཇུས་བཀོད་སྒྲིག་བྱེ་བྲག་གིས་གླེང་ཡོད།ལེའུ་གསུམ་པ་ཚན་པ་བཅུ་གསུམ་ནས་མཇུག་བསྡུའི་གཏམ་བར་ཡིན་ལ།  ཏང་གི་འཛུགས་སྐྲུན་བཀོད་སྒྲིག་དང་།ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་འབོད་སྐུལ་བཏང་ཡོད།  

སྙན་ཞུས་མངོན་གསལ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྗོད་བྱ་གཙོ་བོ་བཏོན་ཡོད།སྙན་ཞུས་བསྟན་དོན།ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཤིང་།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་དང་།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱས་ཏེ།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་པ་དེ་ཡིན།སྙན་ཞུའི་ལྟར་ན།  ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་བྱེད་པ་དེ་ཡིན་ལ།  འདི་ནི་ཀྲུང་གོ་གུང་ཁྲན་ཏང་མི་མུ་མཐུད་དུ་མདུན་སྐྱོད་བྱེད་པའི་རྩ་བའི་སྒུལ་ཤུགས་ཡིན། སྙན་ཞུས་བསྟན་དོན། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་མཐོ་སར་འཛེགས་ནས་རྒྱང་རིང་ལ་ལྟ་བ་དང་བདེ་སྡོད་ཉེན་བསམ།  སྒྱུར་བཅོས་བྱེད་ཕོད་པ།གསར་གཏོད་བྱེད་ཕོད་པ།ནམ་ཡང་འཕེལ་རྒྱུན་མི་ཆད་པ།ནམ་ཡང་འཕེལ་མཚམས་མི་འཇོག་པར།རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་དགོས།བརྗོད་བྱ་གཙོ་བོ་འདིས་ཁ་ཕྱོགས་གསལ་སྟོན་བྱས་ཤིང་། དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པ།ཏང་སེམས་དམངས་སེམས་དང་མཐུན་པ། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་སྔ་འཛིན་ཕྱི་གཏོད་དང་གསར་གཏོད་མདུན་སྐྱོད་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན།

སྙན་ཞུའི་ཁྲོད་དུ་ཕྱོགས་ཡོངས་ནས་འདས་པའི་ལོ་ལྔའི་རིང་གི་བྱ་བ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་སྤྱི་བསྡོམས་བྱས་ཡོད།སྙན་ཞུའི་ལྟར་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་གྱི་ལོ་ལྔ་ནི། ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འགྲོས་རིམ་ཁྲོད་ཆེས་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན།བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱིས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས། སྙན་ཞུའི་ཁྲོད་དུ་ཕྱོགས་བཅུ་ནས་འདས་པའི་ལོ་ལྔའི་རིང་གི་བྱ་བར་སྤྱི་སྡོམ་བྱས་ཏེ་བསྟན་དོན།རང་རྒྱལ་གྱི་དཔལ་འབྱོར་འཛུགས་སྐྲུན་གྱིས་གྲུབ་འབྲས་ཆེན་པོ་བླངས་པ་དང་།ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་ལ་ཐོད་བརྒལ་ཆེན་པོ་བྱུང་བ། དམངས་གཙོ་ཁྲིམས་ལུགས་འཛུགས་སྐྲུན་གྱིས་གོམ་སྟབས་ཆེན་པོ་སྤོས་པ།བསམ་བློའི་རིག་གནས་འཛུགས་སྐྲུན་ལ་ཡར་རྒྱས་ཆེན་པོ་ཐོབ་པ།མི་དམངས་ཀྱི་འཚོ་བ་བསྟུད་མར་ལེགས་བཅོས་བྱུང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ་པ། དམག་དཔུང་སྟོབས་ལྡན་དང་དར་རྒྱས་ལ་རྣམ་པ་གསར་བ་བསྐྲུན་པ། ཤང་ཀང་དང་ཨའོ་མིན།  ཐའེ་ཝན་བཅས་ཀྱི་བྱ་བར་ཡར་ཐོན་གསར་བ་བྱུང་བ། ཕྱོགས་ཀུན་གྱི་ཕྱི་འབྲེལ་བྱ་བའི་བཀོད་སྒྲིག་གཏིང་ཟབ་ཀྱིས་སྤེལ་བ།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་གྲུབ་འབྲས་མངོན་གསལ་ཡིན་པ་བཅས་སོ།།སྙན་ཞུས་བསྟན་དོན། ལོ་ལྔའི་རིང་ལ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་བློ་སྤོབས་ཆེན་པོ་དང་འགན་འཁྲིའི་ཁུར་སེམས་དྲག་པོས་རིགས་གཞུང་གསར་བ་དང་འཐབ་ཇུས་གསར་བ་རབ་དང་རིམ་པ་དང་།བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ།  བྱེད་ཐབས་གལ་ཆེན་རབ་དང་རིམ་པ། བྱ་བ་གལ་ཆེན་རབ་དང་རིམ་པ་སོགས་བཏོན་མཐར།དུས་ཡུན་རིང་བོར་ཐག་གཅོད་བྱེད་དགོས་བསམ་ཡང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་།སྔོན་ཆད་བསྒྲུབ་འདོད་ཀྱང་བསྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་པས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་།ང་ཚོས་ཏང་ལ་འཕྲད་པའི་ཉེན་ཁ་ཚབས་ཆེན་དང་ཚོད་བགམ། ཏང་ནང་ཁུལ་དུ་གནས་པའི་གནད་དོན་འབུར་དུ་ཐོན་པར་གདོང་གཏོད་ཕོད་པ་དང་།འགྱུར་མེད་ཀྱི་འདུ་ཤེས་དང་གཤིས་རྒྱུད།  དྲང་སྲོལ།  སྒྲིག་ཁྲིམས་ནན་མོ། རུལ་རྒོལ་ཆད་གཅོད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ནང་ཁུལ་དུ་གནས་པའི་མངོན་མེད་རྐྱེན་ངན་ཚབས་ཆེན་མེད་པར་བཏང་བས།ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་རྣམ་པ་གསར་སྒྱུར་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐྱེ་ཁམས་མངོན་གསལ་གྱིས་ལེགས་འགྱུར་བྱུང་།ཏང་གི་གསར་གཏོད་ནུས་པ་དང་གོང་བུར་འགྲིལ་ཤུགས།  འཐབ་ཤུགས་བཅས་མངོན་གསལ་གྱིས་ཆེ་རུ་ཕྱིན་པ་དང་ཏང་གི་མཐུན་སྒྲིལ་གཅིག་གྱུར་སྔར་ལས་སྲ་བརྟན་དུ་གྱུར་བ་དང་། ཏང་དང་མང་ཚོགས་བར་གྱི་འབྲེལ་བ་ལེགས་བཅོས་བྱུང་བ་མངོན་གསལ་ཡིན། ཏང་གིས་གསར་བརྗེ་རང་བཞིན་གྱི་སྦྱོང་བརྡར་ཁྲོད་སྔར་ལས་ཞུམ་པ་མེད་ཅིང་།སྐྱེ་སྟོབས་ཀྱི་གསོན་ཤུགས་དྲག་པོ་རྒྱས།  ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་སྲ་བརྟན་འགྱུར་མེད་ཀྱི་ཆབ་སྲིད་ཁག་ཐེག་འདོན་སྤྲོད་བྱས།ལོ་ལྔའི་རིང་གི་གྲུབ་འབྲས་ནི་ཕྱོགས་ཡོངས་དང་གསར་སྐྲུན་རང་བཞིན་ཅན་ཞིག་ཡིན་པ་དང་། ལོ་ལྔའི་རིང་གི་འཕོ་འགྱུར་ནི་གཏིང་ཟབ་རང་བཞིན་དང་རྩ་བའི་རང་བཞིན་ཞིག་ཡིན།  

སྙན་ཞུའི་ཁྲོད་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་བ་དང་ལོ་རྒྱུས་ཀྱི་གོ་གནས་གསར་བ་ཐག་གཅོད་གསལ་བོ་བྱས་ཤིང་།སྙན་ཞུའི་ལྟར་ན།   སྙན་ཞུའི་ཁྲོད་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་བར་སྐྱོད་པར་ངོས་འཛིན་བྱས།དུས་རབས་འདི་ནི་སྔ་མཐུད་ཕྱི་སྐྱོང་དང་མ་འོངས་གསར་གཏོད། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག་མུ་མཐུད་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པའི་དུས་རབས་ཤིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་འབྱོར་རྒྱལ་ཁ་རུ་བསྐྱོད་པའི་དུས་རབས་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་འབད་བརྩོན་དང་མུ་མཐུད་དུ་མཛེས་སྡུག་གི་འཚོ་བ་བསྐྲུན་པ། རིམ་གྱིས་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་དུས་རབས་དང་། ཀྲུང་ཧྭའི་བུ་བུ་མོ་ཡོངས་རྡོག་རྩ་གཅིག་སྒྲིལ་དང་ཤེད་ཤུགས་ཡོད་རྒུས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པའི་དུས་རབས་དང་། རང་རྒྱལ་ཉིན་བཞིན་འཛམ་གླིང་གར་སྟེགས་ཀྱི་དཀྱིལ་དབུས་སུ་བསྐྱོད་པ་དང་མུ་མཐུད་དུ་མིའི་རིགས་ལ་སྔར་ལས་བྱས་རྗེས་ཆེན་པོ་འཇོག་པའི་དུས་རབས་ཤིག་ཡིན། སྙན་ཞུས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་བསྐྱོད་ཡོད་པས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་འགལ་བ་མི་དམངས་ཀྱི་ཉིན་རེར་འཕར་བའི་མཛེས་སྡུག་གི་འཚོ་བའི་དགོས་མཁོ་དོ་མི་མཉམ་དང་གང་ལེགས་མིན་པའི་འཕེལ་རྒྱས་བར་གྱི་འགལ་བར་བསྒྱུར་ཡོད།འགལ་བ་གཙོ་བོ་འདིའི་འཕོ་འགྱུར་ནི་སྤྱི་ཡོངས་ཀྱི་འཕོ་འགྱུར་ལ་འབྲེལ་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡིན་ཞིང་།ཏང་དང་རྒྱལ་ཁབ་ཀྱི་བྱ་བར་བླང་བྱ་གསར་བ་མང་པོ་བཏོན།  དུས་མཚུངས་སུ།  ད་དུང་མཐོང་དགོས་པ་ནི། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འཕོ་འགྱུར་དང་།  ང་ཚོས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཁྲོད་གནས་པའི་ལོ་རྒྱུས་དུས་རིམ་གྱི་ཁ་ཚོན་གཅོད་པ་འགྱུར་མེད་པ་དང་། རང་རྒྱལ་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པ་དང་དུས་ཡུན་རིང་བོར་གནས་པའི་གཞི་རྩའི་རྒྱལ་ཁའི་གནས་ཚུལ་འགྱུར་མེད་པ་དང་། རང་རྒྱལ་ནི་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་རྒྱལ་སྤྱིའི་གོ་གནས་ལ་འགྱུར་བ་བྱུང་མེད།སྙན་ཞུས་བསྟན་དོན།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཟིན་པས།  གུང་ཁྲན་རིང་ལུགས་མངོན་འགྱུར་བྱེད་པ་ཏང་གི་ཆེས་མཐོ་བའི་ཕུགས་བསམ་དང་མཐར་ཐུག་གི་དམིགས་འབེན་དུ་བཞག་སྟེ།བདེན་དོན་གྱི་ཆེད་དུ་ཕྱིར་བཤོལ་མི་བྱེད་པར་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་དགོས།འགན་འཁྲི་འདི་ནི་ཉེ་རབས་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རླབས་ཆེ་བའི་ཕུགས་བསམ་ཡང་ཡིན།སྙན་ཞུས་ཏང་ཡོངས་ལ་བསླབ་བྱ་གནང་བ་སྟེ།  ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ནི་ལྷོད་གཡེང་ཞིག་གཏན་ནས་མིན་པ་དང་རྔ་རྡུང་རོལ་དཀྲོལ་ཙམ་གྱིས་མངོན་འགྱུར་བྱེད་པ་ཞིག་མིན།ཏང་ཡོངས་ཀྱིས་ངེས་པར་དུ་སྔར་ལས་དཀའ་ཚེགས་ཆེ་བ་དང་སྔར་ལས་དཀའ་སྤྱད་འབད་བརྩོན་བྱེད་དགོས་པར་སྟ་གོན་བྱ་དགོས་ལ།  ངེས་པར་དུ་རླབས་ཆེན་གྱི་འཐབ་འཛིང་བྱས་ཏེ། རླབས་ཆེན་འཐབ་འཛིང་འདིའི་ཡུན་རིང་རང་བཞིན་དང་ཉོག་འཛིང་རང་བཞིན།དཀའ་ཚེགས་རང་བཞིན་ངོས་འཛིན་གང་ལེགས་བྱ་དགོས།འཐབ་འཛིང་གི་སྙིང་སྟོབས་དར་སྤེལ་བྱས་ཏེ།འཐབ་འཛིང་གི་ནུས་པ་མཐོར་འདེགས་དང་། མུ་མཐུད་དུ་རླབས་ཆེན་འཐབ་འཛིང་ལ་རྒྱལ་ཁ་གསར་བ་ལེན་དགོས། ངེས་པར་དུ་རླབས་ཆེན་བཟོ་སྐྲུན་འཛུགས་སྐྲུན་བྱས་ཏེ། ང་ཚོའི་ཏང་ལ་ནམ་ཡང་གསོན་ཤུགས་དང་འཐབ་ནུས་དྲག་པོ་ལྡན་པོ་ལྡན་པར་ཁག་ཐེག་བྱ་དགོས།  ངེས་པར་དུ་རླབས་ཆེན་གྱི་ལས་དོན་སྤེལ་ཏེ།  སྔར་ལས་རང་རྟོགས་ཀྱིས་འགྲོ་ལམ་གྱི་གདེང་ཚོད་དང་རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད།  ལམ་ལུགས་ཀྱི་གདེང་ཚོད།  རིག་གནས་ཀྱི་གདེང་ཚོད་བཅས་ལ་ཤུགས་སྣོན་པ་དང་།  ཕྱི་བཀག་ནང་སྡོམ་དང་འཕེལ་རྒྱུན་ཆད་པའི་འགྲོ་ལམ་རྙིང་བའི་སྟེང་མི་བགྲོད་ལ།ལྟ་བ་བརྗེ་བསྒྱུར་བྱེད་པའི་ལོག་ལམ་དུ་མི་བསྐྱོད་པར།  ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གོང་སྤེལ་དང་རྒྱུན་འཁྱོངས་བྱ་དགོས།

སྙན་ཞུ་དུས་རབས་དང་བསྟུན་ནས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དེ་ཏང་གི་མཛུབ་སྟོན་བསམ་བློ་རུང་བཟུང་ཡོད་དེ།སྙན་ཞུས་བསྟན་དོན། ཏང་འཐུས་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་རྒྱལ་ཁབ་ཕྱི་ནང་གི་འགྱུར་བ་དང་རང་རྒྱལ་གྱི་ལས་དོན་སོ་སོའི་འཕེལ་རྒྱས་སོགས་ཀྱིས་ང་ཚོར་དུས་རབས་ཀྱི་བརྗོད་གཞི་གལ་ཆེན་ཞིག་བཏོན་ཡོད།ངེས་པར་དུ་གཞུང་ལུགས་དང་ལག་ལེན་ཟུང་དུ་སྦྲེལ་བའི་སྟེང་ནས་དུས་རབས་གསར་བར་ཅི་ལྟ་བུའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་ཅི་ལྟར་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་དགོས་པ་མ་ལག་རང་བཞིན་གྱིས་ལན་སྟེར་དགོས།དུས་རབས་ཀྱི་བརྗོད་གཞི་ཆེན་མོ་འདིར་དམིགས་ཏེ། ང་ཚོ་ཏང་གིས་དཀའ་བ་སྤྱད་དེ་གཞུང་ལུགས་འཚོལ་ཞིབ་བྱས་ཏེ།གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཆེན་མོ་བླངས་ནས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་གྲུབ་པ་རེད།སྙན་ཞུ་རུ་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ནི་མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ།ཏིན་ཞའོ་ཕིན་གྱི་གཞུང་ལུགས།  མཚོན་བྱེད་གསུམ་གྱི་དགོངས་དོན་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས།མར་ཁི་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཆེས་གསར་བའི་གྲུབ་འབྲས། ཏང་དང་མི་དམངས་ཀྱི་ལག་ལེན་ཉམས་མྱོང་དང་ཐུན་མོང་གི་ཤེས་རབ་ཀྱི་ཉིང་བཅུད་ཡིན་པ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན་ཡིན་པ།ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་ཧུར་བརྩོན་བྱེད་པའི་ལག་ལེན་གྱི་ཕྱོགས་སྟོན་བཅས་ཡིན་པར་བསྟན་ཡོད།ངེས་པར་དུ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པ་མ་ཟད་མུ་མཐུད་དུ་འཕེལ་རྒྱས་སུ་གཏང་དགོས།སྙན་ཞུ་རུ་ངེས་གཏན་བརྒྱད་ཀྱི་སྒོ་ནས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་གསལ་བོར་བརྗོད་ཡོད་དེ། དེ་དག་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བར་ངེས་གཏན་བྱེད་པ་དང་དུས་རབས་གསར་བར་རང་རྒྱལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོ་ངེས་གཏན་བྱེད་པ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་སྤྱིའི་བཀོད་སྒྲིག་དང་འཐབ་ཇུས་བཀོད་སྒྲིག་ངེས་གཏན་བྱེད་པ། ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་མོ་བྱེད་པ་སྤྱིའི་དམིགས་འབེན་ངེས་གཏན་བྱེད་པ།  ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་བྱེད་པ་སྤྱིའི་དམིགས་འབེན་ངེས་གཏན་བྱེད་པ།ཏང་གི་དུས་རབས་གསར་བར་སྟོབས་ལྡན་དུ་འགྱུར་བའི་དམིགས་འབེན་ངེས་གཏན་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་ཕྱིའི་རྒྱལ་ཁབ་ཆེན་མོ་བར་གྱི་འབྲེལ་འདྲིས་དམིགས་འབེན་ངེས་གཏན་བྱེད་པ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ངེས་གཏན་བྱེད་པ་བཅས་བརྒྱད་དོ།།སྙན་ཞུ་རུ་རྒྱུན་འཁྱོངས་བྱེད་པ་བཅུ་བཞི་སྤྱད་དེ་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་བྱེད་ཐབས་གསལ་བོར་བརྗོད་ཡོད་དེ།དེ་དག་ནི་ཏང་གིས་ལས་དོན་ཡོངས་ལ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་མི་དམངས་ནི་སྲོག་ཤིང་ཡིན་པར་རྒྱུན་འཁྱོངས་བྱེད་པ།ཁྱོངས་ཡོངས་ནས་བཅོས་བསྒྱུར་ཟབ་མོ་བྱེད་པར་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུན་མ་གསར་བར་རྒྱུན་འཁྱོངས་བྱེད་པ།མི་དམངས་བདག་པོར་གྱུར་བར་རྒྱུན་འཁྱོངས་བྱེད་པ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་རྒྱུན་འཁྱོངས་བྱེད་པ།སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བའི་མ་ལག་ལ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཁྲོད་དམངས་འཚོར་ཁག་ཐེག་དང་ལེགས་བསྒྱུར་བྱེད་པར་རྒྱུན་འཁྱོངས་བྱེད་པ།མི་དང་རང་བྱུང་མཛའ་ཞིང་མཐུན་པོར་གནས་པར་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་སྤྱིའི་བདེ་འཇགས་ལ་རྒྱུན་འཁྱོངས་བྱེད་པ།ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་ནན་མོ་བྱེད་པར་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་བར་རྒྱུན་འཁྱོངས་བྱེད་པ།འགྲོ་བ་མིའི་ཐུན་མོང་གི་ལས་དབང་ལ་སྐུལ་བར་རྒྱུན་འཁྱོངས་བྱེད་པ། ཁྱོན་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པར་རྒྱུན་འཁྱོངས་བྱེད་པ་བཅས་བཅུ་བཞིའོ།།ཏང་ཡོངས་ཀྱིས་ངེས་པར་དུ་ཁྱོན་ཡོངས་ནས་ཏང་གི་གཞི་རྩའི་གཞུང་ལུགས་དང་ལམ་ཕྱོགས། ཐབས་ལམ་བཅས་དོན་འཁྱོལ་ནན་མོ་བྱས་ཏེ།ཆེས་ལེགས་པའི་སྒོ་ནས་ཏང་དང་མི་དམངས་ཀྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འཁྲིད་བྱ་དགོས།

    སྙན་ཞུས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པའི་རྨང་གཞིའི་སྟེང་།ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་རྒྱལ་ཁབ་བསྐྲུན་པའི་གོམ་ཁ་གསར་བ་བསྒྱུར་ཡོད།སྙན་ཞུས་བསྟན་དོན།  བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ་ང་ཚོ་ཏང་གིས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་བསྐྲུན་པར་འཐབ་ཇུས་བཀོད་སྒྲིག་མཛད་ཡོད་པ་དང་རིམ་པ་གསུམ་གྱི་འཐབ་ཇུས་དམིགས་འབེན་བཏོན་ཡོད།མི་དམངས་ཀྱི་འཚོ་ཚིས་གནད་དོན་ཐག་གཅོད་བྱུང་བ་དང་མི་དམངས་ཀྱི་འཚོ་བ་སྤྱིའི་ཆ་ནས་འབྱོར་འབྲིང་གི་ཆུ་ཚད་རུ་ཕྱིན་པའི་དམིགས་འབེན་འདི་གཉིས་སྔ་མོ་ནས་མངོན་འགྱུར་བྱུང་ཡོད།ད་ལྟ་ནས2020ལོ་བར་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ལོན་པའི་དུས་ཡིན།ཚོགས་ཆེན་བཅུ་དགུ་བ་ནས་ཚོགས་ཆེན་ཉི་ཤུའི་བར་ནི་ལོ་ངོ་བརྒྱ་ཅན་གཉིས་ཀྱི་ཧུར་བརྩོན་དམིགས་འབེན་གྱི་ལོ་རྒྱུས་འདྲེས་མཚམས་ཀྱི་དུས་ཡིན།ང་ཚོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་ངོ་བརྒྱ་ཅན་གྱི་ཧུར་བརྩོན་དམིགས་འབེན་དང་པོ་མངོན་དུ་འགྱུར་བར་བྱ་དགོས་ལ། ཡར་རྒྱས་གོང་འཕེལ་ངང་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་གོམ་སྟབས་བསྒྱུར་ཏེ།ལོ་ངོ་བརྒྱ་ཅན་གྱི་ཧུར་བརྩོན་དམིགས་འབེན་གཉིས་པའི་ཕྱོགས་སུ་བསྐྱོད་དགོས། སྙན་ཞུས་བསྟན་དོན།  ༢༠༢༠ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ་རིམ་པ་གཉིས་ནས་བཀོད་སྒྲིག་མཛད་ཆོག  དུས་རིམ་དང་པོ།༢༠༢༠ལོ་ནས༢༠༣༥ལོར། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྨང་གཞིའི་སྟེང་ད་དུང་ལོ་ངོ་ལྔར་འབད་བརྩོན་བྱས་ཚེ།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕལ་ཆེར་མངོན་དུ་འགྱུར་ངེས།དུས་རིམ་གཉིས་པ།༢༠༣༥ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དེང་རབས་ཅན་ཕལ་ཆེར་མངོན་དུ་འགྱུར་བའི་རྨང་གཞིའི་སྟེང་ད་དུང་ལོ་ངོ་ལྔར་འབད་བརྩོན་བྱས་ཚེ།རང་རྒྱལ་འབྱོར་ཕྱུག་དང་དམངས་གཙོ།དཔལ་ཡོན། འཆམ་མཐུན།མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་བསྐྲུན་ངེས།

   སྙན་ཞུས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ཕུན་སུམ་ཚོགས་པར་བཏང་ཡོད་པ་དང་།དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཀྱི་ལས་འགན་གཙོ་བོ་ངེས་གཏན་བྱས་ཡོད། དཔལ་འབྱོར་འཛུགས་སྐྲུན་ཐད་དུ་སྙན་ཞུ་ལས་བསྟན་དོན།  ངེས་པར་དུ་སྤུས་ཚད་ཆེས་ལེགས་པ་དང་ཕན་འབྲས་ལེགས་པོར་རྒྱུན་འཁྱོངས་བྱས་ཏེ།མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཙོ་གནད་དུ་བཟུང་སྟེ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས།སྒུལ་ཤུགས་བཅས་བསྒྱུར་བར་སྐུལ་འདེད་དང་རྒྱུ་ཆ་ཡོངས་ཀྱི་ཐོན་སྐྱེད་ཚད་ཇེ་མཐོར་བཏང་ནས། དངོས་ཕུང་གི་དཔལ་འབྱོར་དང་ཚན་རིག་གསར་གཏོད། དེང་རབས་དངུལ་རྩ། མི་ཤུགས་ཐོན་ཁུངས་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཐོན་ལས་མ་ལག་མྱུར་བར་བསྐྲུན་པར་དམིགས་དགོས།ཚོང་རའི་རྐྱེན་སྲོལ་ཕན་ལྡན་དང་གཞི་ཆུང་བའི་གཙོ་ཕུང་ལ་གསོན་ཤུགས་ཀྱིས་བརྟས་པ། གཞི་ཁྱོན་ཆེ་བའི་སྙོམས་སྒྲིག་ལ་ཚད་ཡོད་པའི་དཔལ་འབྱོར་སྒྲིག་གཞི་བསྐྲུན་པར་དམིགས་ཏེ།མུ་མཐུད་དུ་རང་རྒྱལ་གྱི་དཔལ་འབྱོར་གསར་གཏོད་ནུས་པ་དང་འགྲན་རྩོད་ཇེ་དྲག་ཏུ་གཏང་དགོས། སྙན་ཞུ་ལས་ཕྱོགས་དྲུག་གི་ལས་དོན་གལ་ཆེན་ནན་གྱིས་བསྟན་ཡོད་དེ། དེ་དག་ནི་མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ཟབ་མོ་བྱེད་པ་དང་གསར་གཏོད་ཅན་གྱི་རྒྱལ་ཁབ་མྱུར་བར་བསྐྲུན་པ།ཡུལ་ཚོ་སྡེ་བ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ། མངའ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ།སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་གཞི་མྱུར་བར་འཐུས་ཚང་དུ་གཏོང་བ། ཁྱོན་ཡོངས་ནས་སྒོ་འབྱེད་ཀྱི་རྣམ་པ་གསར་བ་གྲུབ་པར་སྐུལ་བ་བཅས་ཡིན། ཆབ་སྲིད་འཛུགས་སྐྲུན་ཕྱོགས་ནས་སྙན་ཞུ་ལས་བསྟན་དོན། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་དུས་ཡུན་རིང་བོར་རྒྱུན་འཁྱོངས་དང་མུ་མཐུད་དུ་འཕེལ་རྒྱས་སུ་བཏང་ནས།ཧུར་ཐག་གིས་ཆབ་སྲིད་སྒྲིག་གཞི་བཅོས་བསྒྱུར་ལ་བརྟན་བརླིང་གིས་སྐུལ་འདེད་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཅན་དང་ཚད་ལྡན་ཅན།ཁྲིམས་སྐྱོང་ཅན། གོ་རིམ་ཅན་བཅས་ལ་སྐུལ་ཏེ། མི་དམངས་ཀྱིས་ཁྲིམས་ལ་བརྟེན་ནས་ཐབས་ལམ་དང་རྣམ་པ་གང་མང་སྤྱད་དེ་རྒྱལ་ཁབ་ཀྱི་ལས་དོན་དང་དཔལ་འབྱོར་རིག་གནས་ལས་དོན།སྤྱི་ཚོགས་ལས་དོན་བཅས་ལ་དོ་དམ་བྱེད་པར་ཁག་ཐེག་དགོས། གསོན་ཤུགས་ཀྱི་བརྟས་ཤིང་བརྟན་བརླིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་སུ་གཏང་དགོས། སྙན་ཞུ་ལས་ཕྱོགས་དྲུག་གི་ལས་དོན་གལ་ཆེན་བཏོན་ཡོད་དེ། དེ་དག་ནི་ཏང་གི་འགོ་ཁྲིད་ལ་རྒྱུན་འཁྱོངས་དང་མི་དམངས་བདག་པོར་གྱུར་པ།ཁྲིམས་བརྟེན་རྒྱལ་སྐྱོང་ནུས་ལྡན་གཅིག་གྱུར་དང་། མི་དམངས་བདག་པོར་གྱུར་པའི་ལམ་ལུགས་ཁག་ཐེག་ལ་ཤུགས་སྣོན་བྱས་ཏེ།སྤྱི་ཚོགས་རིང་ལུགས་ཀྱི་མོས་མཐུན་དམངས་གཙོའི་བྱེད་ནུས་གལ་ཆེན་འདོན་དགོས། ཁྲིམས་བརྟེན་རྒྱལ་སྐྱོང་གི་ལག་ལེན་ཟབ་སྤེལ་དང་སྒྲིག་གཞི་དང་སྲིད་འཛིན་སྒྲིག་གཞི་བཅོས་བསྒྱུར་ཟབ་མོ་བྱས་ཏེ།རྒྱལ་གཅེས་གཅིག་གྱུར་འཐབ་ཕྱོགས་སྲ་བརྟན་དང་འཕེལ་རྒྱས་སུ་གཏང་དགོས། རིག་གནས་འཛུགས་སྐྲུན་ཐད་དུ་སྙན་ཞུ་ལས་བསྟན་དོན།མར་ཁི་སི་རིང་ལུགས་མཛུབ་སྟོན་བྱས་ཏེ།  ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་བརྟན་པོ་བྱས་ནས་དེང་དུས་ཀྲུང་གོའི་གནས་བབ་ལ་རྐང་ཚུགས་ཏེ།དེང་དུས་ཀྱི་ཆ་རྐྱེན་དང་སྦྲེལ་ནས་དེང་རབས་ཅན་ལ་ཕྱོགས་པ་དང་འཛམ་གླིང་ལ་ཕྱོགས་པ། མ་འོངས་པར་ཕྱོགས་པ་དང་།མི་རིགས་དང་ཐུན་མོང་གི་སྤྱི་ཚོགས་རིང་ལུགས་རིག་གནས་འཕེལ་རྒྱས་སུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་ཡོད་དཔལ་ཡོན་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱ་དགོས།མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བར་རྒྱུན་འཁྱོངས་དང་།མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་རྒྱུན་འཁྱོངས། གསར་གཏོད་རང་བཞིན་དུ་བསྒྱུར་བ་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་རྒྱུན་འཁྱོངས་བཅས་བྱས་ཏེ། མུ་མཐུད་དུ་ཀྲུང་ཧྭའི་རིག་གནས་ཀྱི་མཛད་རྗེས་གསར་བ་འགོད་དགོས། སྙན་ཞུ་ལས་འདུ་ཤེས་ཆགས་སྟངས་ཀྱི་བྱ་བའི་འགོ་ཁྲིད་དབང་ཆར་དམ་འཛིན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན།བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་འཕེལ་རྒྱས་སུ་གཏོང་བ།རིག་གནས་ལས་དོན་དང་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཕྱོགས་ལྔ་ནས་བྱ་བར་བཀོད་སྒྲིག་མཛད་ཡོད།ང་ཚོ་ཏང་གི་རིག་གནས་རང་རློམ་བརྟན་པོ་མངོན་པར་བྱས་ཤིང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་འབྱོར་རྒྱས་པའི་ཆོད་སེམས་དང་ཡིད་ཆེས་ལ་སྐུལ་འདེད་བྱས་ཡོད།སྤྱི་ཚོགས་འཛུགས་སྐྲུན་ཐད་དུ་སྙན་ཞུ་ལས་བསྟན་དོན། མི་དམངས་ཀྱི་ཆེས་དོ་ཁུར་བྱེད་པ་དང་ཆེས་ཐག་ཉེ་བ།ཆེས་དངོས་ཡོད་ཀྱི་ཕན་འབྲས་གནད་དོན་དམ་འཛིན་བྱས་ཏེ། མི་ཀུན་གྱིས་འགན་ཁུར་བ་དང་མི་ཀུན་གྱིས་ལོངས་སུ་སྤྱོད་པར་རྒྱུན་འཁྱོངས་བྱས་ཏེ། ཚད་ཐིག་ངེས་གཏན་དང་གཙོ་གནད་འབུར་ཐོན། ལམ་ལུགས་འཐུས་ཚང་། སྔོན་འགྲོར་སྐུལ་འཁྲིད། སྤྱི་སྤྱོད་ཞབས་ཞུ་མ་ལག་འཐུས་ཚང་དུ་བཏང་སྟེ།མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཁག་ཐེག་བྱས་ནས་མུ་མཐུད་དུ་ཉིན་བཞིན་ཡར་རྒྱས་སུ་འགྲོ་བའི་མི་དམངས་ཀྱི་འཚོ་བའི་དགོས་མཁོ་བསྐང་སྟེ།མུ་མཐུད་དུ་སྤྱི་ཚོགས་འདྲ་མཉམ་དྲང་བདེན་ལ་སྐུལ་འདེད་བྱས་ཏེ།  ཕན་ལྡན་གྱི་སྤྱི་ཚོགས་བཅོས་སྐྱོང་དང་སྤྱི་ཚོགས་ལམ་ལུགས་ལེགས་པོ་གྲུབ་དགོས།མི་དམངས་ཀྱི་ཐོབ་པའི་ཚོར་སྣང་དང་བདེ་སྐྱིད་ཚོར་བ། བདེ་འཇགས་ཚོར་བ་བཅས་སྔར་བས་ལེགས་ཤིང་ཁག་ཐེག་ལྡན་ལ་རྒྱུན་མཐུད་ཡོང་བ་བྱ་དགོས།སློབ་གསོའི་ལས་དོན་འཕེལ་རྒྱས་གཙིག་འཛིན་དང་ལས་ཞུགས་སྤུས་ཚད་དང་མི་དམངས་ཀྱི་ཡོང་སྒོའི་ཆུ་ཚད་མཐོར་འདེགས།སྤྱི་ཚོགས་ཁག་ཐེག་མ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན། དབུལ་སྐྱོར་མཁྲེགས་གཏོར་ལས་ངེས་པར་དུ་རྒྱལ་བ།བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར། མཉམ་སྐྲུན་མཉམ་སྐྱོང་དང་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་བསྐྲུན་ནས།ནུས་ལྡན་སྒོས་རྒྱལ་ཁབ་བདེ་འཇགས་སྲུང་སྟེ། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་གྱུར་པ་མངོན་འགྱུར་བྱུང་བའི་ཕྱོགས་སུ་བསྟུད་མར་བསྐྱོད་དགོས།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་དུ་སྙན་ཞུ་ལས་བསྟན་དོན། ངེས་པར་དུ་གྲོན་ཆུང་དང་སྲུང་སྐྱོང་དམ་འཛིན།རང་བྱུང་བསྐྱར་གསོ་གཙོར་བཟུང་བའི་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་རྣམ་པ།ཐོན་ལས་སྒྲིག་གཞི།  ཐོན་སྐྱེད་བྱེད་སྟངས། འཚོ་བ་རོལ་སྟངས་གྲུབ་ཏེ། རང་བྱུང་ལ་ཞི་འཇགས་དང་འཆམ་མཐུན།མཛེས་སྡུག་བསྩོལ་དགོས། གཙོ་གནད་ནི།  ལྗང་མདོག་འཕེལ་རྒྱས་དང་ཁོར་ཡུག་གི་འབུར་ཐོན་གནད་དོན་ཐག་གཅོད་པར་དམིགས་པ།སྐྱེ་ཁམས་མ་ལག་ལ་སྲུང་སྐྱོང་བྱེད་པར་ཤུགས་སྣོན་པ། སྐྱེ་ཁམས་ཁོར་ཡུག་ལ་ལྟ་རྟོག་དོ་དམ་བྱེད་པའི་ལམ་ལུགས་བཅོས་བསྒྱུར་བཅས་ལ་སྐུལ་འདེད་བྱ་དགོས།སྙན་ཞུས་བསྟན་དོན།  སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་ལྟ་བ་བརྟན་པོ་ཆགས་སུ་བཅུག་ནས། མི་དང་རང་བྱུང་མཛའ་ཞིང་མཐུན་པོར་འཕེལ་བའི་དེང་རབས་ཅན་གྱི་འཛུགས་སྐྲུན་རྣམ་པ་གསར་བ་གྲུབ་པར་སྐུལ་ཏེ།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ཕྱིར་ང་ཚོ་མི་རབས་འདིའི་ནུས་པ་འདོན་དགོས།།  

སྙན་ཞུ་ལས་བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དང་།ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་དགོས་པར་བཤད། སྙན་ཞུས་བསྟན་དོན།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པ་དང་། ང་ཚོའི་ཏང་ལ་ངེས་པར་དུ་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་ཡོད་དགོས་པར་བསྟན།  སྙན་ཞུའི་ཁྲོད་ང་ཚོའི་ཏང་ལ་འཕྲད་པའི་རྙོག་འཛིང་གི་སྲིད་འཛིན་ཁོར་ཡུག་ལ་དབྱེ་ཞིབ་བྱས་ཤིང་།ཏང་གིས་མཐུན་སྒྲིལ་བྱས་ཏེ་མི་དམངས་ལ་འགོ་ཁྲིད་ནས་རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་བྱེད་པ།  རླབས་ཆེ་བའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ལ་ནན་བཤད་བྱས་པ་མ་ཟད། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་འགོ་ཁྲིད་ལ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་འཛུགས་སྐྲུན་སྔར་ལས་སྲ་བརྟན་དང་ནུས་ཤུགས་ཡོད་པར་བྱ་དགོས།  སྙན་ཞུ་ལས་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་བཏོན་ཞིང་། རྒྱུན་འཁྱོངས་གཉིསགཙིགས་སུ་འཛིན་དགོས་པ་སྟེ།ཏང་གིས་ཁྱོན་ཡོངས་ནས་འགོ་ཁྲིད་ལ་རྒྱུན་འཁྱོངས་དང་ཤུགས་སྣོན།  ཏང་གིས་ཏང་ལ་དོ་དམ་དང་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་རྒྱུན་འཁྱོངས་བྱེད་པ་དེ་ཡིན་ལ།གཙོ་གནད་གཅིགལ་དམིགས་དགོས་ཤིང་། ཏང་གིས་ཡུན་རིང་སྲིད་སྐྱོང་ནུས་པ་འཛུགས་སྐྲུན་དང་། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས་ཤུགས་སྣོན་དགོས།འགོ་གཙོ་གཅིགཡིན་པ་གསལ་ཐག་ཆོད་དགོས་ཤིང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་ནི་འགོ་གཙོ་རུ་བཟུང་དགོས།  རྩ་བ་གཅིགསྲ་བརྟན་དུ་གཏོང་དགོས་ཤིང་། བསམ་པའི་འདུ་ཤེས་བརྟན་པོར་བྱེད་པའི་དམིགས་ཡུལ་རྩ་བ་རུ་བཟུང་དགོས། འབད་བརྩོན་བྱ་ཡུལ་གཅིགལ་རྐང་ཚུགས་དགོས་ཤིང་། ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སློང་བྱེད་རྒྱུ་ནི་འབད་བརྩོན་བྱ་ཡུལ་དུ་བཟུང་དགོས།འཛུགས་སྐྲུན་ཆེན་པོ་ལྔལེགས་པོར་འཛིན་དགོས་པ་སྟེ།ཁྱོན་ཡོངས་ནས་ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་བསམ་བློ་འཛུགས་སྐྲུན།  རྩ་འཛུགས་འཛུགས་སྐྲུན། ཀུན་སྤྱོད་འཛུགས་སྐྲུན།   སྒྲིག་ཁྲིམས་འཛུགས་སྐྲུན་བཅས་ལ་སྐུལ་འདེད་བྱ་དགོས། གཞན་ཡང་། ལམ་ལུགས་འཛུགས་སྐྲུན་ནང་དུ་བརྒྱུས་ནས་གཏིང་ཟབ་ངང་རུལ་སུངས་ལ་འཐབ་རྩོད་བྱེད་དགོས་པ་བཏོན་ཞིང་།ཏང་གི་འཛུགས་སྐྲུན་གྱི་སྤུས་ཚད་མུ་མཐུད་མཐོར་འདེགས་གཏོང་དགོས།   ཏང་འཛུགས་སྐྲུན་བྱས་ནས་མགོ་མཇུག་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་མི་དམངས་ཀྱིས་སེམས་གཏིང་ནས་བརྩི་བཀུར་བྱེད་པ། རང་ཉིད་གསར་བརྗེ་བྱེད་ཕོད་པ། དཀའ་ཁག་སྣ་མང་ཉམས་སད་བྱེད་ཐུབ་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱིས་སྲིད་སྐྱོང་ཏང་ཞིག་ཏུ་བསྐྲུན་དགོས། སྙན་ཞུས་བསྟན་དོན།  ཁྱོན་ཡོངས་ནས ཕྱོགས་བརྒྱད་ཀྱི་ལས་འགན་གཙོ་བོདོན་འཁྱོལ་བྱེད་དགོས་པ་སྟེ། ཏང་གི་ཆབ་སྲིད་འཛུགས་སྐྲུན་ཐོག་མར་འཇོག་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སྤྱད་ནས་ཏང་ཡོངས་ལ་དྲག་ཆས་སྤྲས་པ། རྒྱུ་སྤུས་མཐོ་ཞིང་ཆེད་ལས་རང་བཞིན་གྱི་ལས་བྱེད་དཔུང་ཁག་འཛུགས་སྐྲུན་བྱེད་པ།  གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན།  རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་བཟང་དང་སྒྲིག་ལམ་ནན་འཛིན།  རུལ་སུངས་ལ་འཐབ་རྩོད་དང་དྲག་གནོན་རང་བཞིན་གྱིས་རྒྱལ་ཁ་ལེན་པ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ།   ཁྱོན་ཡོངས་ནས་སྲིད་སྐྱོང་ནུས་ཤུགས་ཆེ་རུ་གཏོང་དགོས་པ་བཅས་ཡིན།

     སྙན་ཞུ་ལས་ཁྱོན་ཡོངས་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་དང་། རྒྱལ་ཁབ་གཅིག་གི་ལམ་ལུགས་གཉིསལ་རྒྱུན་འཁྱོངས་དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད། ཞི་བདེ་ངང་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་རྒྱུན་འཁྱོངས་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་གྲུབ་པ་སོགས་ཀྱི་བྱ་བར་བཀོད་སྒྲིག་གལ་ཆེན་གནང་།

      སྙན་ཞུས་བསྟན་དོན། ལོ་རྒྱུས་ཀྱི་གོམ་སྟབས་མདུན་དུ་བསྒྱུར་བ་དང་།   དུས་རབས་ཀྱི་འཕེལ་ཕྱོགས་རྔམ་ཞིང་བརྗིད་པས།  ལོ་རྒྱུས་ཀྱིས་བློ་རྩ་བརྟན་པོ་དང་དཔའ་ངར་གྱིས་མདུན་སྐྱོད་པ།  འཐབ་རྩོད་པ་སོགས་ལ་སེམས་ཁུར་དང་ལྟ་ལྟོག་བྱེད་པ་ལས།   ཐེ་ཚོམ་སྐྱེས་མཁན་དང་ལྷོད་གཡེང་མཁན།  དཀའ་ལས་ལ་སྐྲག་མཁན་ཚོར་ངང་སྒུག་མི་བྱེད་པ་རེད།ཏང་ཡོངས་ཀྱིས་ངེས་པར་དུ་དཀའ་སྤྱད་འབད་བརྩོན་དང་ང་རྒྱལ་དང་འཚབ་འཚུབ་སྤང་བའི་སྤྱོད་ཚུལ་ལ་རྒྱུན་འཁྱོངས་བྱ་དགོས།    དུས་ཚོད་དམ་བཟུང་དང་སྐར་ཆ་རེ་རེ་དམ་འཛིན་བྱེད་པའི་སྙིང་སྟོབས་བཟུང་ནས།  ཧུར་བརྩོན་གྱིས་དུས་རབས་གསར་པའི་རྒྱང་བསྐྱོད་ཀྱི་ལམ་དུ་ལེགས་པོར་བགྲོད་དགོས། ཏང་ཡོངས་ཀྱི་ངེས་པར་དུ་རང་འགུལ་གྱིས་ཏང་གི་གཅིག་གྱུར་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་དགོས་ཤིང་། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་གི་འབྲེལ་བར་རྒྱུན་འཁྱོངས་བྱ་དགོས་ལ།  རྒྱལ་ཡོངས་རིགས་སོ་སོའི་མི་དམངས་རྣམས་ཀྱི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་དུ་གཏོང་དགོས་པ་མ་ཟད།  རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་རྣམས་ཀྱི་མཐུན་སྒྲིལ་ཆེན་མོ་ལ་ཤུགས་སྣོན་དགོས་པ་དང་། མཐུན་སྒྲིལ་བྱས་ཆོག་པའི་སྟོབས་ཤུགས་ཡོད་ཚད་གཅིག་ཏུ་བསྡུས་ནས།   སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་ལྡན་པའི་ལམ་དུ་བསྐྱོད་དགོས།

སྙན་ཞུ་ལས་གཞོན་ནུའི་ལས་དོན་ལ་བཀོད་སྒྲིག་གནང་ཞིང་།གཞོན་རབས་པ་རྣམས་ལ་རེ་བ་ནན་མོ་བཏོན།  སྙན་ཞུ་ལས་ནན་གྱིས་བསྟན་དོན།  ཏང་ཡོངས་ཀྱིས་གཞོན་ནུ་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས་ལ།  ཁོ་ཚོའི་མི་ཚེའི་ལས་དོན་མངོན་འགྱུར་བྱེད་ཆེད་གར་སྟེགས་བསྐྲུན་དགོས། སྙན་ཞུས་བསྟན་དོན།  རྒྱ་ཆེ་བའི་གཞོན་ནུ་རྣམས་ཀྱིས་བསམ་པའི་འདུ་ཤེས་བརྟན་པོར་འཛིན་པ་དང་། ཕུགས་འདུན་རྒྱང་རིང་ཞིང་ཏན་ཏན་ཏིག་ཏིག་ཡིན་དགོས་ལ། དུས་རབས་ཀྱི་གཤོག་ཟུང་བརྐྱངས་པའི་ཕོ་རྒོད་ཅིག་བྱེད་ཕོད་དགོས། ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པའི་མངོན་སུམ་གྱི་ལག་ལེན་ཁྲོད་ལང་ཚོའི་ཕུགས་འདུན་མངོན་དགོས་པ་དང་། མི་དམངས་ཀྱི་ཁེ་ཕན་བསམ་པའི་འབད་བརྩོན་ལྷོད་མེད་ཁྲོད་མི་ཚེའི་མཛད་རྗེས་འགོད་དགོས།

སྙན་ཞུ་ལས་མཇུག་མཐར་འབོད་སྐུལ་གཏོང་རྒྱུར།  ང་ཚོ་ཏང་ཀྲུང་དབྱང་གི་མཐའ་བསྐོར་དུ་དམ་པོར་མཐུན་སྒྲིལ་བྱེད་དགོས་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས།  བློ་རྩ་བརྟན་པོས་མདུན་དུ་བསྐྱོད་པ་དང་དཀའ་སྤྱད་འབད་བརྩོན་བྱ་དགོས་ཤིང་།  དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་དང་མེས་རྒྱལ་གྱི་གཅིག་གྱུར་ལེགས་འགྲུབ།   འཛམ་གླིང་ཞི་བདེ་དང་མཉམ་དུ་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ཆེན་མོ་གསུམ་མངོན་འགྱུར་བྱེད་ཆེད་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་།  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར།  མི་དམངས་རྣམས་ཀྱི་བདེ་སྐྱིད་འཚོ་བའི་ཡིད་སྨོན་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་མུ་མཐུད་དུ་འབད་བརྩོན་བྱ་དགོས།

ཚོགས་ཆེན་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ལས་དོན་སྙན་ཞུ་ལ་ཞིབ་བཤེར་དང་ཆོག་མཆན་གནང་ཞིང་།  སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་གནང་། ཚོགས་ཆེན་གྱིས་གྲུབ་འབྲས་ལ་ཁས་ལེན་པ་དང་ཆབས་ཅིག་ཏུ།   བྱ་བའི་མྱོང་ཚོར་བདུན་ལ་རྒྱས་བཤད་གནང་བ་སྟེ། དང་པོ།  ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཡིན་ལ། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་། དུས་རབས་གསར་པའི་ལས་འགན་འཁུར་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད་རྩ་བའི་འགན་ལེན་བྱ་དགོས།  གཉིས་པ།   ཞིས་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནི་བསམ་བློའི་མཚོན་ཆ་ཆེན་པོ་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཡིན་ལ། སློབ་གཉིས་བྱེད་གཅིགགཏིང་ཟབ་ཏུ་བཏང་ནས་ངེས་པར་དུ་སློབ་སྲོལ་བཟང་པོ་འཛུགས་པ་དང་། སློབ་སྦྱོང་དང་བསམ་བློ་གཏོང་བ་དེ་ནང་སེམས་ཀྱི་རྒྱུད་ལ་ཆགས་པར་བྱེད་དགོས་ལ།  ཕྱི་ནས་ལག་ལེན་དུ་བསྟར་དགོས། གསུམ་པ།   ཡིད་ཆེས་ཡོད་ན་ད་གཟོད་ངེས་ཤུགས་ཡོད་པ་དང་།   ངེས་པར་དུ་བསམ་པའི་འདུ་ཤེས་ཀྱི་དམིགས་ཡུལ་ཡིན་པའི་ཆབ་སྲིད་ཀྱི་བླ་སྲོག་དེ་བརྟན་པོར་བཟོ་དགོས་ལ།  འགྲོ་ལམ་གྱི་ཡིད་ཆེས་དང་། རིགས་པའི་གཞུང་ལུགས་ཀྱི་ཡིད་ཆེས།  ལམ་ལུགས་ཀྱི་ཡིད་ཆེས། རིག་གནས་ཀྱི་ཡིད་ཆེས་བཅས་དངོས་སུ་བརྟན་པོར་འཛུགས་དགོས།   བཞི་པ།  ཏང་གི་འགོ་ཁྲིད་ལ་རྒྱུན་འཁྱོངས་བྱེད་ན་གཙོ་བོ་ནི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ངེས་པར་དུ་ཏང་གི་སྒྲིག་ཡིག་ལ་བརྩི་བཀུར་བྱ་དགོས་ལ།   ཚད་གཞི་མཐོན་པོ་དང་མཐའ་ཚད་སྲུང་བ་ཟུང་འབྲེལ་བྱེད་པར་རྒྱུན་འཁྱོངས་བྱས་ནས།སྒྲིག་སྲོལ་ལྟར་ཏང་སྐྱོང་བ་དང་སྤྱོད་བཟང་ལ་བརྟེན་ནས་ཏང་སྐྱོང་བ་ཕན་ཚུན་གཅིག་གྱུར་ཡོང་བར་བྱེད་དགོས། ལྔ་པ།   སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་བྱ་རྒྱུ་ནི་ཏང་གི་སྔ་ཕྱི་བར་གསུམ་གྱི་བྱེད་ཕྱོགས་དང་། ངེས་པར་དུ་སྒྲིག་ཁྲིམས་དེ་བཅའ་ཁྲིམས་ལས་གཟབ་ནན་ཡིན་པ་རྒྱུན་འཁྱོངས་དང་།  རྣམ་པ་བཞིསྤྱད་དེ་ཉུང་ཤས་ལ་ཆད་པ་གཅོད་པ་དང་།མང་ཆེ་བར་སློབ་གསོ་གཏོང་དགོས།  དྲུག་པ།  ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་ཡུན་རིང་དུ་ལམ་དུ་ཆས་ལ།  ངེས་པར་དུ་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱིས་དངོས་ཡོད་ལ་ཁ་ལོ་བསྒྱུར་དགོས་ལ། ལོ་རྒྱུས་དང་། མཚན་ཉིད་རིག་པ།   རིག་གནས་བཅས་ཀྱི་བསམ་གཞིགས་ཀྱིས་ཡིད་ཆེས་ལ་འདེགས་སྐྱོར་བྱེད་དགོས། བདུན་པ།  དམངས་ཀྱི་བློ་ཁ་ཕྱོགས་མིན་ནི་ཆེས་ཆེ་བའི་ཆབ་སྲིད་ཡིན་ལ།  ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར། ཤུགས་དྲག་པོའི་འགན་འཁྲིའི་ཐེག་ཁུར་གྱིས་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར།  འགན་འཁྲི་རྩད་གཅོད་ཀྱི་གནས་གཏན་འབེབས་ལ་བརྟན་སྲུང་དང་།  རྒྱུན་ཆད་མེད་པར་ཏང་གིས་སྲིད་སྐྱོང་བའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འཛུགས་དགོས།  སྔ་རྗེས་ཀྱི་ལོ་ལྔའི་རིང་གི་ལས་དོན་སྐོར་གྱི་གྲོས་འཆར། སྙན་ཞུས་བསྟན་དོན། གཅིག་ནི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་།   མཐའ་གཅིག་ཏུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་གཅིག་གྱུར་གྱི་འགོ་ཁྲིད་དང་ལེན་དང་སྲུང་སྐྱོང་བྱེད་པ། གཉིས་ནི་བསམ་བློའི་ཐོག་ནས་ཏང་འཛུགས་པ་དང་ལམ་ལུགས་ཐོག་ནས་ཏང་བཅོས་སྐྱོང་ཟུང་འབྲེལ་ལ་རྒྱུན་འཁྱོངས་དང་། ཏང་དོ་དམ་དང་ཏང་སྐྱོང་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། གསུམ་ནི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ་དེ་རང་རྟོགས་ཀྱི་བྱ་སྤྱོད་དུ་བསྒྱུར་བ་དང་། འབད་བརྩོན་ལྷོད་མེད་ཀྱིས་སྤྱོད་ཚུལ་ལེགས་བཅོས་བྱེད་དགོས།   བཞི་ནི་ཏང་ནང་གི་ལྟ་སྐུལ་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་ལྟ་ཞིབ་ལམ་ལུགས་ཀྱི་སྒྱུར་བཅོས་བཀོད་སྒྲིག་དོན་འཁྱོལ་དང་གཏིང་ཟབ་ཏུ་གཏོང་དགོས། ལྔ་ནི་རུལ་སུངས་བྱེད་མི་ཕོད་པའི་ཟིལ་གནོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  རུལ་སུངས་བྱེད་མི་རུང་བའི་ལྕགས་གཟེབ་བརྟན་པོར་བཟོ་དགོས་ལ།   རུལ་སུངས་བྱེད་མི་འདོད་པའི་རང་རྟོགས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་པ་མ་ཟད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་བརྩོན་ལེན་བྱ་དགོས།དྲུག་ནི་ཏང་གི་བློ་བདེ་བ་དང་མི་དམངས་ཀྱིས་ཡིད་ཆེས་བྱེད་པའི་སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་ཅིག་འཛུགས་དགོས།

ཚོགས་ཆེན་གྱིས་གྲོས་ཞིབ་བྱས་པ་མ་ཟད་གཅིག་མཐུན་དུ་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་བཏོན་པའིཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག) དག་བཅོས་འཆར་ཟིན ( ལ་གྲོས་འཆམ་བྱུང་བ་དང་།  དག་བཅོས་འཆར་ཟིན་འདི་གྲོས་འཆམ་བྱུང་བའི་ཉིན་ནས་ནུས་པ་ཐོན་པའི་གྲོས་ཐག་བཅད་པ་རེད།  ཏང་གི་སྒྲིག་ཡིག་དག་བཅོས་ལ་གཙོ་བོ་ལེའུ་ཆེན་མོ་གཉིས་ཀྱི་ནང་དོན་འདུས་ལ།   ལེའུ་དང་པོ་ནི་སྤྱིའི་རྩ་འཛིན་སྐོར་དང་། བཟོ་བཅོས་བྱས་པའི་ནང་དོན་གཙོ་བོ་སྟེ། གཅིག་ནི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་ཏང་གི་སློབ་སྟོན་བསམ་བློ་ནང་བཀོད་པ། གཉིས་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཏང་གི་གཞུང་ལུགས་གསར་གཏོད་དང་ལྷག་པར་དུ་ཞིས་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་གནས་གཏན་འབེབས་ཀྱི་ནང་དོན་ནང་དུ་སྣོན་འབྲི་བྱེད་པ།གསུམ་ནི་བཅོས་བསྒྱུར་སྒོ་འབྱེད་ཀྱི་རིང་ལ་ཐོབ་པའི་གྲུབ་འབྲས་དང་ཡར་ཐོན་གྱི་རྩ་བའི་རྒྱུ་རྐྱེན་མཐའ་དག་གི་ནང་དོན་འཐུས་ཚང་དུ་གཏོང་བ།  བཞི་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་སྐོར་གྱི་ནང་དོན་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ།  ལྔ་ནི་ཏང་གི་གཞི་རྩའི་ལམ་ཕྱོགས་ཐད་ཀྱི་ནང་དོན་འཐུས་ཚང་དུ་གཏོང་བ་།  དྲུག་ནི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན།  རིག་གནས་དར་སྤེལ།  སྤྱི་ཚོགས་ལེགས་སྐྱོང་།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་ནང་དོན་འཐུས་ཚང་དུ་གཏོང་བ།  བདུན་ནི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་དང་།  མི་རིགས་བར་གྱི་འབྲེལ་བ།  འཐབ་ཕྱོགས་གཅིག་གྱུར།   ཕྱི་འབྲེལ་ཐད་ཀྱི་ནང་དོན་འཐུས་ཚང་དུ་གཏོང་བ། བརྒྱད་ནི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱའི་ནང་དོན་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ། དགུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཏང་གི་འགོ་ཁྲིད་ཀྱི་བསམ་བློ་གལ་ཆེན་སྐོར་སྒྲིག་ཡིག་ནང་དུ་འགོད་པ། ལེའུ་གཉིས་པ་ནི་སྒྲིག་ཡིག་གི་དོན་ཚན་ཁག་དང་། བཟོ་བཅོས་བྱས་པའི་ནང་དོན་གཙོ་བོ་སྟེ། གཅིག་ནི་ཏང་ཡོན་གྱི་འོས་འགན་དང་ཏང་ཡོན་འཕེལ་རྒྱས་ཀྱི་ཚད་གཞིའི་ནང་དོན་འཐུས་ཚང་དུ་གཏོང་བ། གཉིས་ནི་ཏང་གི་རྩ་འཛུགས་ལམ་ལུགས་དང་། ཏང་གི་ཀྲུང་དབྱང་རྩ་འཛུགས།   ཏང་གི་ས་གནས་རྩ་འཛུགས།  ཏང་གི་གཞི་རིམ་རྩ་འཛུགས་ཁག་གི་འབྲེལ་ཡོད་ནང་དོན་འཐུས་ཚང་དུ་གཏོང་བ།   གསུམ་ནི་ལས་བྱེད་པ་གདམ་གསེས་དང་འགོ་ཁྲིད་ལས་བྱེད་པའི་ཆ་རྐྱེན་སོགས་ཀྱི་ནང་དོན་འཐུས་ཚང་དུ་གཏོང་བ།  བཞི་ནི་ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཁག་གི་འབྲེལ་ཡོད་ནང་དོན་འཐུས་ཚང་དུ་གཏོང་བ། ལྔ་ནི་ཏང་གི་རྩ་འཛུགས་ལས་འགན་སོགས་ཀྱི་ནང་དོན་འཐུས་ཚང་དུ་གཏོང་བའོ།།

ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར།ཏང་གི་ཚོགས་ཆེན་བཅུ་དགུ་པའི་མཇུག་སྒྲིལ་ཚོགས་ཆེན་བསྡུས།    ཚོགས་ཆེན་སྟེང་དུ་གྲོས་རིམ་སོ་སོ་ལེགས་གྲུབ་བྱུང་བའི་རྗེས་སུ།  ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།  ཁོང་གིས་བསྟན་དོན།   འཐུས་མི་ཡོངས་ཀྱིས་ལྷན་དུ་ཧུར་བརྩོན་འོག་ཐེངས་འདིའི་ཚོགས་ཆེན་གྱི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་ལས་འགན་སེམས་ལ་དམ་པོར་བཅིངས་པ་དང་དར་ཆ་མཐོན་པོར་བསྒྲེངས་ནས། མཐུན་སྒྲིལ་ཡར་རྒྱས་ཀྱི་ཚོགས་ཆེན་ཞིག་ཚོགས་ཟིན།  ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ང་ཚོ་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས།  ལས་འགན་གཟི་བརྗིད་ལྡན་པ་དང་འགན་ཁུར་ལྕི་བ། ངེས་པར་དུ་ཏང་གི་ཐོག་མའི་བསམ་འདུན་དང་ལས་འགན་སེམས་ལ་དམ་པོར་བཅིངས་ཤིང་།  རང་ཉིད་ཀྱི་ཕྲག་སྟེང་དུ་བབས་པའི་བླ་ན་མེད་པའི་ལས་འགན་སེམས་ལ་དམ་པོར་བཅིངས་ཏེ།  གཟབ་ནན་གྱིས་ཏང་གི་གཞུང་ལུགས་དང་ལམ་ཕྱོགས་དང་སྲིད་ཇུས་ལ་སློབ་སྦྱོང་བྱ་དགོས།  ཏང་གིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་རྒྱལ་ཁ་ཕུ་ཐག་ཆོད་པའི་སྐོར་དོན་འཁྱོལ་མཐར་ཕྱིན་དང་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ལམ་གསར་བ་འཛུགས་སྐྲུན་འཐབ་ཇུས་བཀོད་སྒྲིག་མགོ་བརྩམས་ཤིང་། སྔར་ལས་རང་རྟོག་གིས་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་། ཏང་གི་སྒྲིག་ཡིག་ལག་བསྟར་བྱེད་པ། ཏང་གི་སྒྲིག་ཡིག་ལ་སྲུང་སྐྱོང་དང་སློབ་སྦྱོང་བྱས་ནས།   བསམ་བློ་དང་ཆབ་སྲིད།  འགུལ་སྐྱོད་བཅས་སྟེང་དུ་ཏང་ཀྲུང་དབྱང་དང་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་གཅིག་མཐུན་ཡིན་པར་རྒྱུན་འཁྱོངས་བྱེད་པ་དང་ངེས་པར་དུ་རྒྱ་ཆེ་བའི་ཏང་ཡོན་དང་མི་དམངས་མང་ཚོགས་ལ་འབྲེལ་བ་ཟབ་མོ་བྱ་དགོས། དུས་ཐོག་དུ་རྒྱ་ཆེ་བའི་ཏང་ཡོན་དང་མི་དམངས་མང་ཚོགས་ཀྱི་བསམ་ཚུལ་ཡར་ཞུ་བྱ་དགོས།  ཡང་དག་གིས་འཐུས་མིའི་དབང་ཆ་སྤྱད་དེ།  རང་རྟོག་གིས་ཏང་དང་མི་དམངས་ཀྱི་ལྟ་རྟོག་དང་ལེན་བྱ་དགོས། ངེས་པར་དུ་མིག་དཔེ་དང་འགོ་ཁྲིད་ཀྱི་ནུས་བ་འདོད་སྤེལ་བྱ་དགོས།  རང་རྟོག་གིས་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་སྤྱིའི་བླང་བྱ་བསྒྱུར་བཀོད་དང་རང་ཉིད་མཐོ་རུ་གཏོང་བ་གཞིར་བཟུང་ནས། ཧུར་བརྩོན་གྱིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྱི་ལག་ལེན་ནང་དུ་ཞུགས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཆེད་དུ་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། ཏང་ཡོན་ཡོངས་ལ་མིག་དཔེ་བཞེངས་ཏེ།  རྒྱ་ཆེ་བའི་ཏང་ཡོན་གྱི་ཡིད་ཆེས་སྟོང་ཟད་དུ་མི་གཏོང་བ་དང། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།   ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་དྲུག་ལོན་ཟིན་ལ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དྲུག་ཅུ་རེ་བརྒྱད་ལོན་ཟིན། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་སོ་དགུ་འགོར་ཟིན།   དུས་ཡུན་རིང་པོའི་ནང་དུ།   ང་ཚོ་ཏང་གིས་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་དམངས་མཐུན་སྒྲིལ་ངང་ནས་སྣེ་ཁྲིད་དེ་འབད་བརྩོན་ལྷོད་མེད་དང་སྙིང་རུས་ཆེན་པོས་བརྩོན་ལེན་བྱས་ཏེ།ཉལ་ཐའི་དམག་འཁྲུག་རྗེས་ཀྱི་ཀྲུང་གོ་རྙིང་བ་ལ་བརྙས་བཅོས་ཐེབས་པའི་ཉམ་ཐག་གི་གནས་བབ་ངོ་བོ་ཡོངས་སུ་བསྒྱུར་བ་དང་།ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་དབུལ་ཞིང་རྒུད་པའི་ཉམ་ཐག་གནས་ཚུལ་ཡོངས་སུ་འགྱུར་ལ། དེ་རིང་ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་གསུམ་སྤོབས་པ་ཆེར་སྐྱེད་དང་དཔའ་སྟོབས་ཀྱི་ཁེངས་ཤིང་།   ང་ཚོས་མེས་རྒྱལ་གྱི་སྤྱི་ལེ་བགྲུ་བཞི་མ་ས་ཡ་དགུ་བརྒྱ་དང་དྲུག་ཅུའི་ས་གཞི་ཆེན་པོ་སྟེང་དུ་གསོན་ཤུགས་འབར་བ་དང་དཔྱིད་ཀྱི་སྔོ་མདངས་རྒྱས་ཏེ། ང་ཚོས་ལོ་ངོ་ལྔ་སྟོང་གི་ཀྲུང་ཧྭའི་དཔལ་ཡོན་འོད་སྟོང་འབར་བ་དང་ཡིད་དབང་འགུག་པ་ཡུན་གཏན་ཡིན་ཞིང་། ང་ཚོས་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རང་ལུགས་ཀྱི་ལམ་ལུགས་སྲ་བརྟན་འགྱུར་མེད་དང་གསོན་ཤུགས་ཀྱིས་ཁེངས་ཤིང་།  ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་རླབས་ཆེན་ཡིན་པ་དང་མདུན་ལམ་ལ་གཟི་འོད་ལྡན་པས།  འདི་འདྲའི་རླབས་ཆེན་གྱི་དུས་རབས་སུ་གནས་པ་ནི། ང་ཚོ་ལྷག་ཏུ་རང་ལ་ཡིད་ཆེས་དང་སྤོབས་པ་བསྐྱེད་ཅིང་། དུས་མཚུངས་སུ་ལས་འགན་ཡང་ལྕི་བ་རྟོགས་དགོས་ཟེར།  ང་ཚོས་སྙིང་སྟོབས་དང་ངར་ཤུགས་སྐྱེད་དེ། ཀྲུང་གོ་གུང་ཁྲན་ཏང་མིའི་མི་རབས་ནས་མི་རབས་མཐུན་སྒྲིལ་ངང་ནས་མི་དམངས་ལ་སྣེ་ཁྲིད་དེ་ལོ་རྒྱུས་མཛད་རྗེས་བསྐྲུན་པའི་རྨང་གཞི་སྟེང་དུ། དུས་རབས་ལ་གནོང་བ་གི་གནས་བབ་རྩ་བ་ནས་བསྒྱུར།  གོམ་པ་ཆེན་པོའི་ངང་ནས་རེ་བས་ཁེངས་པའི་མ་འོངས་པ་ལ་བསྐྱོད་དགོས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ཐོག་མའི་བསམ་འདུན་མི་བརྗེད་པ་དང་ལས་འགན་སེམས་ལ་དམ་པོར་བཅིངས་ནས།   ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་ལས་འགན་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དེ་ཡིན།  ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་བསྐྲུན་པའི་ཆེད་དུ།  ཐོག་མའི་དམིགས་ཡུལ་དང་ལས་འགན་གྱིས་ཀྲུང་གོ་གུང་ཁྲན་ཏང་མི་ལ་སྐུལ་མ་བྱས་ནས་མུ་མཐུད་དུ་མདུན་སྐྱོད་བྱེད་པའི་རྩ་བའི་སྒུལ་ཤུགས་ཡིན། ཏང་ཡོངས་ཀྱི་ངེས་པར་དུ་ནམ་ཡང་མི་དམངས་དང་མཉམ་དུ་བདེ་སྡུག་གི་ལས་དབང་ཉམས་ལེན་དང་ལག་རྡང་གཅིག་ཏུ་སྦྲེལ་དགོས།  ནམ་ཡང་མི་དམངས་ཀྱི་ཡིད་སྨོན་འཆོར་བའི་བདེ་སྐྱིད་འཚོ་བ་ཧུར་བརྩོན་གྱི་དམིགས་ཡུལ་དུ་བཟུང་སྟེ།ལྷོད་གཡེང་མེད་པའི་བློ་སེམས་དང་ཞུམ་མེད་མདུན་སྐྱོད་ཀྱི་ཧུར་བརྩོན་གྱི་རྣམ་པས་མུ་མཐུད་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་གདོང་གཏད་དེ་རྔམ་ཞིང་བརྗིད་པའི་དམིགས་ཡུལ་མངོན་འགྱུར་བྱུང་བ་ལ་དཔའ་ངར་གྱིས་མདུན་དུ་བསྐྱོད་དགོས། ཏང་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་སྟེ། བསམ་བློ་བཅིངས་འགྲོལ་དང་བཅོས་བསྒྱུར་གསར་གཏོད།   ཡར་རྒྱས་བརྩོན་ལེན། དཀའ་སྤྱད་སྙིང་རུས་ཀྱིས་བྱ་བ་བསྒྲུབ་སྟེ།   རྒྱལ་ཡོངས་ཀྱི་རིགས་སོ་སོའི་སྣེ་འཁྲིད་དེ། ཏང་གི་སྐབས་བཅུ་དགུ་པའི་གཏན་ཁེལ་བྱས་པའི་དམིགས་ཡུལ་ལས་འགན་མངོན་འགྱུར་བྱུང་བར་ཧུར་བརྩོན་བྱ་དགོས།

ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན།  སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཚོགས་གྱིས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ།ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན།ཀྲུང་དབྱང་ཨུ་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་སོགས་བདམས་ཐོན་བྱུང་ཞིང།  ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་མིང་བཏོན་པ་ལྟར།  ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཁོངས་མི་བརྒྱུད་དེ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཚོགས་ཀྱི་སྡེ་ཁག་མི་སྣས་ཐག་གཅོད་བྱས།སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཚོགས་ཀྱིས་ཐེངས་དང་པོར་ཚང་འཛོམས་གྲོས་ཚོགས་འདེམས་བསྐོ་བྱས་པའི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ།རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་འདེམ་མི་ལ་ཆོག་མཆན་ཐོབ།གསར་དུ་བདམས་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་བསྡོམས་པའི་མི་ཉེར་ལྔ་ཡོད་དེ།ཞི་ཅིན་ཕིང་ཀྲུང་དབྱང་ཨུ་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པ་དང་། ཞི་ཅིན་ཕིང་དང་ལི་ཁོ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་།  ཝང་ཧུའུ་ཉིང་།  ཀྲའོ་ལི་ཅི། ཧན་ཀྲེན་སོགས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་བདམས་ཐོན་བྱུང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གྲོལ་སྐབས་གསུང་བཤད་གལ་ཆེན་གནང་ངོ།།



ཞོལ་མ།:ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་བཅད་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱེད་དགོས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235