མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཏང་སྲིད་ཡིག་ཆ།
 

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ལྷན་ཚོགས་ཀྱི་གྲོས་གཞི་བྱ་བའི་གནས་ཚུལ་སྙན་ཞུ།

ཡོང་ཁུངས།:  སྤེལ་དུས།:2018-03-26  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ལྷན་ཚོགས་ཀྱི་གྲོས་གཞི་བྱ་བའི་གནས་ཚུལ་སྙན་ཞུ།

2018ལོའི་ཟླ3པའི་ཚེས25ཉིན་གྱི་ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་།

ལེ་ཧའེ་ལན་ནས།

ཨུ་ཡོན་རྣམ་པ།

ངས་སྐབས་བཅུ་གསུམ་པའི་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མངག་བཅོལ་ལྟར། ཚོགས་ཆེན་ལ་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན་ཆད་གྱི་གྲོས་གཞི་བྱ་བའི་གནས་ཚུལ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནངས་རོགས།

གཅིག  གྲོས་གཞི་ལས་སྒྲུབ་ཀྱི་གནས་ཚུལ།

ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ནས་བཟུང་སྟེ། རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་དག་གིས་ཚད་མཐོན་པོའི་ཆབ་སྲིད་ཀྱི་འགན་འཁྲི་དང་དུ་བླངས་ཏེ།ལྟེ་གནས་ལ་དམིགས་ཏེ་སྤྱི་ཡོངས་ལ་ཞབས་ཞུ་བཏོན།  སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ལ་དོ་སྣང་བྱེད་པའི་གྲོས་གཞི་བྱ་བའི་བྱེད་ཕྱོགས་ལག་ལེན་མཐིལ་ཕྱིན་བྱས།  ཡིད་ཆེས་བཞི་ཇེ་བརྟན་དང་།  བསྒྱུར་བ་བཞིས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལ་སྐུལ་འདེད་བཏང་སྟེ།  གྲོས་གཞི་བརྒྱུད་དེ་འགན་ནུས་ལག་བསྟར་ནན་མོ་བྱས།  གྲོས་ཚོགས་ཐེངས་དང་པོ་དང་གཉིས་པར་ཨུ་ཡོན་གྱིས་བཏོན་པའི་གྲོས་གཞི134འབྱོར།  གྲོས་གཞི71ཞིབ་དཔྱད་བརྒྱུད་དེ་ཐོ་འགོད་བྱས།  ཐོ་འགོད་གྲོས་གཞི་སོ་སོ་ཁུལ་གྱི་ཐད་གཏོགས་འགན་སྒྲུབ་སྡེ་ཁག་དང་། གྲོང་ཁྱེར་དང་རྫོང་། སྲིད་ཨུ་བཅས་སོ་སོར་སྤྲད་དེ་ལས་སྒྲུབ་བྱས། སྤྱི་ཡོངས་ནས་བལྟས་ན་གྲོས་གཞིའི་བརྗོད་བྱ་གྱ་ནོམ་པ་དང་གནད་དོན་གྱི་འཁྲིད་སྟོན་མངོན་གསལ་ཡིན་ལ།  དམིགས་བསལ་རང་བཞིན་དྲག་ཅིང་རང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་བཅོས་བསྒྱུར་ཟབ་སྤེལ།  དམངས་འཚོ་ལེགས་བསྒྱུར་བཅས་ལ་སྐུལ་འདེད་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

གཅིགདཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་དང་རྒྱལ་སྐྱོང་སྲིད་གཉེར་ལ་ཐབས་ཇུས་འདོན་པར་འབད་ཅིང་།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐིལ་ཕྱིན་བྱེད་པར་དམིགས་ནས།  མཚོ་ནུབ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་གསོ་སྐྱོང་བྱེེད་ཚད་ཇེ་དྲག་ཏུ་གཏོང་བ་སོགས་ཕྱོགས་ཀྱི་གྲོས་གཞི13དང་།  ཐོ་འགོད་གྲོས་གཞི་དེ་གྲོས་གཞི་སྤྱིའི18.3%ཟིན་ཡོད།  དེའི་ནང་དུ་དཔེར་ན་ཁུལ་ཡོངས་ཀྱི་མཁར་ཤང་གློག་ཚོང་ལས་སྤེལ་གྱི་རོགས་སྐྱོར་སྲིད་ཇུས་དང་ན་གཞོན་ལས་སྤེལ་འཕེལ་རྒྱས་སྟེགས་བུ་བསྐྲུན་པའི་ཐད་ཀྱི་གྲོས་གཞི་ལ།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མཐོང་ཆེན་གནང་། ཁུལ་འབྲེལ་ཡོད་སྡེ་ཁག་གིས་གྲོས་གཞིའི་བསམ་འཆར་བསྡུ་ལེན་ནན་མོ་དང་།རོགས་སྐྱོར་སྲིད་ཇུས་གཏན་འབེབས་དང་དོན་འཁྱོལ། གློག་ཚོང་སྟེགས་བུ་འཛུགས་སྐྲུན།   གློག་ཚོང་གསོ་སྦྱོང་བཅས་ཧུར་ཐག་གིས་སྤེལ་ནས།  ད་དུང་གློག་རྡུལ་ཚོང་དོན་འཕེལ་རྒྱས་དང་འོས་འཚམ་གྱི་དེང་རབས་དངོས་རྒྱུག་སྐྱེལ་འདྲེན་མ་ལག་བཙུགས་ཤིང་།  མིག་སྔའི་བར་དུ་ཁུལ་གྱི་གློག་ཚོང་རོགས་སྐྱོར་ལས་གཞིར་མ་དངུལ་སྒོར་ཁྲི900དང་མཚོ་སྔོན་རོགས་སྐྱོར་ལས་གཞིའི་མ་དངུལ་སྒོར་ཁྲི300། ཞིང་ཆེན་རིམ་པའི་ལས་གཞི་མ་དངུལ་སྒོར་ཁྲི100 བཅས་དོན་ཐོག་ཏུ་འཁྱོལ་ཞིང་།   རོགས་སྐྱོར་ལས་སྤེལ་ལས་ཞུགས་ཆེད་དུ།  དམངས་ཕྱུག་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་ཅིང་ཕུན་སུམ་ཚོགས་པར་བཏང་སྟེ་རྨང་གཞི་ཇེ་བརྟན་དུ་བཏང་། རིག་གནས་ཐོན་ལས་འཕེལ་རྒྱས་ཀྱིས་མཚོ་ནུབ་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་སྐོར་གྱི་གྲོས་གཞི་ནི།  ཡུལ་སྐོར་སྡེ་ཁག་གིས་དང་ལེན་ནན་མོ་བྱས་པར་མ་ཟད་ད་དུང་ཡུལ་སྐོར་རིག་གནས་ཐོན་ལས་མཉམ་དུ་འཕེལ་བའི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཡུལ་སྐོར+རྣམ་པ་ནི་དམ་འཛིན་བྱེད་སར་བཟུང་ནས།  ནུས་ལྡན་གྱིས་ཐོན་ལས་རྒྱུ་ཆ་ཕྱོགས་བསྡུས་དང་ཡུལ་སྐོར་ཐོན་ལས་མ་ལག་ཁ་ཚང་ཅན་དུ་བཏང་བར་མ་ཟད།  ད་དུངམཚོ་ནུབ་ཁུལ་ཡུལ་སྐོར་རིག་གནས་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་གཏན་འབེབསདངམཚོ་ནུབ་ཁུལ་ཡུལ་སྐོར་རིག་གནས་ལུས་རྩལ་མཉམ་འཕེལ་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆརསོགས་ཐོན་ལས་མཉམ་འཕེལ་གྱི་སྲིད་གྲོས་བྱེད་ཐབས་རབ་དང་རིམ་པ་གཏན་ཁེལ་བྱས་ཏེ།  ཡུལ་སྐོར་རིག་གནས་ཐོན་ལས་མཉམ་འཕེལ་ལ་སྐུལ་འདེད་བཏང་།  ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཧུར་ཐག་སྒོས་ཚྭ་འདམ་གྱི་སྐྱེ་ལྡན་འཕང་འབྲས་ཚོང་རྟགས་ལ་སྲུང་སྐྱོང་བྱེད་ཚད་ཇེ་དྲག་ཏུ་གཏོང་བའི་ཐད་ཀྱི་གྲོས་གཞི་དང་དུ་བླངས་ནས་ཚོང་རྟགས་འཛུགས་སྐྲུན་ལ་མཐོང་ཆེན་བྱས།   སྔ་གཞུག་ཏུ་རྒྱལ་ཡོངས་ཀྱི་མཐོ་སྒང་གི་གྲང་ངར་ཆེ་བའི་ས་ཁུལ་དུ་འཕང་འབྲས་འདེབས་འཛུགས་ཐོན་ལས་ཚོང་རྟགས་མིང་གྲགས་ཅན་གྱི་དཔེ་སྟོན་ཁུལ་བཞེངས་བསྐྲུན་དང་ཚྭ་འདམ་འཕང་འབྲས་ཞེས་རྒྱལ་ཁབ་ཀྱི་ས་གནས་ཁྱད་ཆོས་མཚོན་རྟགས་ཐོན་རྫས་ལ་སྲུང་སྐྱོང་བྱེད་དགོས་ཞེས་པ་བདེ་བླག་ངང་ཞུ་སྤྲོད་བྱས་པར་མ་ཟད།  ད་དུངམཚོ་སྔོན་ཞིང་ཆེན་ཐོན་རྫས་ཚོང་རྟགས་མིང་གྲགས་ཅན་དོ་དམ་བྱེད་ཐབསཀྱི་གཏན་ཁེལ་ལྟར་རང་ཁུལ་གྱི་མཚོ་སྔོན་ཞིང་ཆེན་གྱི་ཐོན་རྫས་ཚོང་རྟགས་མིང་གྲགས་ཅན་གྱི་ཞུ་སྤྲོད་བྱ་བ་ཧུར་ཐག་སྒོས་སྤེལ་བ་ཡིན།  2017ལོའི་ཟླ8པའི་ཚེས9ཉིན་ལ་ཟི་ལིང་ནས་མཚོ་སྔོན་ཞིང་ཆེན་གྱི་འཕང་འབྲས་སྐྱེ་ལྡན་ཁས་ལེན་ཚོད་ལྟའི་ལག་རྟགས་གནང་བ་དང་རྒྱལ་ཁབ་ཀྱི་ཞིང་ལས་ལེགས་པོ་ཚད་ལྡན་ཅནGAPཁས་ལེན་དཔེ་སྟོན་རྫོང་གསར་འཛུགས་འགོ་ཚུགས་པའི་གྲོས་ཚོགས་བསྡུས་ནས།  ཚྭ་འདམ་གྱི་སྐྱེ་ལྡན་འཕང་འབྲས་ཚོང་རྟགས་ཀྱི་སྣང་བརྙན་ཇེ་ལེགས་སུ་བཏང་།

གཉིས།དམངས་འཚོའི་འཛུགས་སྐྲུན་ལ་དམིགས་ཏེ་མང་ཚོགས་ཀྱི་རེ་བ་མངོན།  དམངས་འཚོའི་འགན་སྲུང་དང་ལེགས་བསྒྱུར་ལ་དམིགས་པའི་ཕྱོགས་ཀྱི་གྲོས་གཞི44ཡོད།  ཐོ་འགོད་བྱས་པའི་གྲོས་གཞི་སྤྱིའི62%ཟིན་ཡོད། དེའི་ནང་དུ་སྤྱི་ཕན་རང་བཞིན་ལས་གནས་ཀྱི་གླ་ཕོགས་ཇེ་མཐོར་གཏོང་བའི་སྐོར་གྱི་གྲོས་གཞི་ནི་ཁུལ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་བྱ་བའི་བཀོད་སྒྲིག་དང་ཟུང་དུ་སྦྲེལ་ནས་ཧུར་ཐག་སྒོས་གྲོས་གཞིའི་བསམ་འཆར་དང་དུ་བླངས་ཤིང་།  མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ཆེས་དམའ་བའི་གླ་ཕོགས་ཀྱི་ཚད་གཞི་ལེགས་སྒྲིག་སྐོར་གྱི་བརྡ་སྦྱོརགྱི་བླང་བྱ་ལྟར།  རང་ཁུལ་གྱི་སྤྱི་ཕན་རང་བཞིན་ལས་གནས་ཀྱི་ཆེས་དམའི་གླ་ཕོགས་ཀྱི་ཚད་གཞི་ནི་སྒོར1270ནས1500རུ་ཇེ་མཐོར་བཏང།   རྒན་གསོ་ཁང་དང་དེའི་སྒྲིག་གཞི་ཆ་ཚང་འཛུགས་སྐྲུན་བྱེད་ཚད་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་གྲོས་གཞི་ལ།  གཅིག་ནས་རིམ་པ་སོ་སོའི་སྲིད་གཞུང་དང་དམངས་སྲིད་སྡེ་ཁག་གིས་དོན་དངོས་ལ་གཞིགས་ཏེ།  མུ་མཐུད་དུ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་ཞིང་། ཁུལ་ཡོངས་སུ་རྫོང་རིམ་པའི་རྒན་གསོ་ཁང5དང་ཤང་གྲོང་རིམ་པའི་རྒན་གསོ་ཁང7།  རྒན་པའི་ཞབས་ཞུ་ལྟེ་གནས5།   གཞིས་ཁུལ་ཞབས་ཞུ་ལྟེ་གནས་དང་ཉིན་མོའི་ལྟ་སྐྱོང་ལྟེ་གནས26བཅས་བཙུགས་པས།  གཅིག་བསྡུས་སུ་རྒན་གསོ་ཞབས་ཞུའི་དགོས་མཁོ་ཕལ་ཆེར་བསྐངས་ཡོད།    གཉིས་ནས་མུ་མཐུད་དུ་མ་དངུལ་གཏོང་ཚད་ཇེ་མང་དང་སྲིད་གཞུང་གིས་རྒན་གསོའི་ཞབས་ཞུ་ཉོ་བའི་བྱེད་ཐབས་ལ་སྐུལ་འདེད་བྱས་ཤིང་།  2016ལོར་སྲིད་གཞུང་གིས་རྒན་གསོའི་ཞབས་ཞུ་ཉོ་འགོ་བརྩམས་པ་ནས་བཟུང་སྟེ། རིམ་པ་སོ་སོའི་སྲིད་གཞུང་དང་སྤྱི་ཚོགས་ཀྱིས་མ་དངུལ་སྒོར་ཁྲི900ལྷག་བཏང་།  གསུམ་ནས་ཧུར་ཐག་སྒོས་རྒན་གསོའི་ཞབས་ཞུའི་ཐབས་ལམ་རྒྱ་བསྐྱེད་དེ།  ཞབས་ཞུ་བའི་ཆེད་ལས་ལག་རྩལ་གསོ་སྦྱོང་ཇེ་ལེགས་སུ་བཏང་ཞིང་ཐོབ་ཐང་ལྡན་པའི་ཕྱོགས་གསུམ་པའི་ཞབས་ཞུ་སྡེ་ཁག་ནང་འདྲེན་བྱས་ཤིང། ཆེད་ལས་དང་ཚད་ལྡན།  རྒྱུད་རིམ་ལྡན་པའི་ཞབས་ཞུ་འདོན་སྤྲོད་བྱས།  གཞན་ཡང་གྲོས་གཞི་ཡིས་གཞིས་ཁུལ་ཡོ་བསྲང་བྱེད་པའི་བྱ་བ་དང་མགྲོན་ཁང་ལས་རིགས་སོགས་ཀྱི་ཞབས་ཞུ་བར་གསོ་སྦྱོང་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་།  རོང་འབྲོག་པའི་ཕྱུགས་ཟོག་དང་རི་སྐྱེས་རི་དྭགས་མཉམ་དུ་འཚོ་གནས་བྱས་པས་རྩྭ་ཆུ་མི་འདང་བ་སོགས་ཀྱི་གནད་དོན་ལ་ཐབས་འདོན་ཇུས་འབུལ་བྱས་པ་དང་།གྲོས་གཞི་ཁ་ཤས་ལོ་འཁོར་གྱི་དམངས་ལ་དོན་དངོས་སྒྲུབ་པའི་ལས་གཞིའི་ཁྲོད་དུ་བཞག་པ་དང་། གྲོས་གཞི་ཁ་ཤས་འབྲེལ་ཡོད་སྡེ་ཁག་གི་བྱ་བའི་རིག་ལམ་རྒྱ་བསྐྱེད་པ་དང་བྱ་བའི་བྱེད་ཐབས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་ཀྱི་གོ་ཆོད་པས་མིག་དཔེར་འདོན་སྤྲོད་བྱས།

གསུམ།རྨང་གཞི་འཛུགས་སྐྲུན་དང་སྤྱི་ཚོགས་བཅོས་སྐྱོང་ལ་དོ་ཁུར་དང་། རང་འགུལ་གྱིས་ཐབས་འདོན་ཇུས་འབུལ་བྱས་པ།   རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཚད་ཇེ་དྲག་ཏུ་གཏོང་བར་དམིགས་པའི་ཕྱོགས་ཀྱི་གྲོས་གཞི6ཡོད།  ཐོ་འགོད་བྱས་པའི་གྲོས་གཞི་སྤྱིའི8.5%ཟིན་ཡོད།  རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་དག་གིས་སྒྲིག་ཆས་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བར་མཐོང་ཆེན་བྱས་ཤིང་།  ཧུར་ཐག་སྒོས་རྨང་གཞི་སྒྲིག་ཆས་ཆ་ཚང་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར་བསམ་འཆར་བཏོན།  དཔེར་ན་ཁུལ་ཡོངས་ཀྱི་སྤྱི་སྤྱོད་མེ་སྐྱོན་སྔོན་འགོག་གི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་གྲོས་གཞིར་དཔལ་འབྱོར་དང་འཕེལ་རྒྱས་བཅོས་བསྒྱུར་སྡེ་ཁག་གིས་དང་ལེན་ནན་མོ་བྱས་ཤིང་།  སྤྱི་བདེ་མེ་སྐྱོན་སྔོན་འགོག་རུ་ཁག་དང་ཡང་ན་ས་ཚིགས་འཛུགས་སྐྲུན་བྱེད་པ་དེམཚོ་ནུབ་ཁུལ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྔའི་འཆར་འགོད་བཅུ་གསུམགྱི་ཁྲོད་དུ་བསྡུས་པར་མ་ཟད།  ད་དུང་དམག་སའི་ཞབས་འདེགས་པའི་འགན་སྲུང་གི་མ་ལག་ཞན་པའི་གནས་ཚུལ་ལ་དམིགས་ཏེ།  ཧུར་ཐག་སྒོས་གོང་རིམ་གྱི་འབྲེལ་ཡོད་སྡེ་ཁག་ལ་མཐུན་སྦྱོར་སྒོས་དམག་སའི་ཞབས་འདེགས་པའི་འགན་སྲུང་མཛོད་ཁང་འཛུགས་སྐྲུན་གྱི་ལས་གཞི་ནི་ཞིང་ཆེན་རིམ་པའི་འཆར་འགོད་ནང་དུ་བསྡུས།  དུས་མཚུངས་སུ་ཁུལ་རིམ་པའི་ནོར་ཤུགས་གནས་ཚུལ་དང་བསྟུན་ནས་དམག་སའི་ཞབས་འདེགས་པའི་འགན་སྲུང་མཛོད་ཁང་འཛུགས་སྐྲུན་ལས་གཞི་ལ་མ་དངུལ་གྱིས་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་།  སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྐུལ་འདེད་བྱེད་པར་དམིགས་པ་སོགས་ཕྱོགས་ཀྱི་གྲོས་གཞི8ཡོད།  ཐོ་འགོད་བྱས་པའི་གྲོས་གཞི་སྤྱིའི11.2%ཟིན།   ཨུ་ཡོན་དག་གིས་སྤྱི་ཚོགས་ཀྱི་འགལ་ཟླ་རིགས་སོ་སོ་དོ་ཁུར་བྱས་ཤིང་།  གྲོས་གཞི་ཡིས་འགལ་བ་སེལ་ཞིང་གཏན་འཇགས་སྲུང་སྐྱོང་ཕྱོགས་ཀྱི་ཁྱད་ལྡན་ནུས་པ་འདོན་སྤེལ་གང་ལེགས་བྱས།    དཔེར་ན་སློབ་གསོ་སྡེ་ཁག་གིས་སློབ་རའི་བརྙས་བཅོས་ལ་སྔོན་འགོག་དང་བཅོས་སྐྱོང་སྐོར་གྱི་གྲོས་གཞི་དང་ལེན་བྱས་ཤིང་།  སློབ་གྲྭ་སོ་སོས་དུས་ཐོག་ཏུ་ལག་བསྟར་འཆར་གཞི་གཏན་ལ་ཕབ་ཅིང་།  འབྲེལ་ཡོད་ལས་གནས་ཀྱི་དགེ་རྒན་དང་ལས་བྱེད་པའི་སློབ་རའི་བརྙས་བཅོས་སྔོན་འགོག་དང་ཐག་གཅོད་ཀྱི་འགན་འཁྲི་གཏན་ཁེལ་བྱས་པར་མ་ཟད།  ད་དུང་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཆུང་འབྲིང་སློབ་གྲྭ་སོ་སོ་རུ་སློབ་རའི་བརྙས་བཅོས་ལེགས་སྒྲིག་ཉམས་གསོ་བྱ་བའི་ཡོངས་བསྒྲགས་བྱང་བུ་བཅས་བཀལ་ནས།  སློབ་རའི་བརྙས་བཅོས་རོགས་སྐྱོབ་སྐུད་ལམ་ཁྱབ་བསྒྲགས་དང་།   འགན་འཁྲི་པའི་འབྲེལ་གཏུག་བྱེད་ཐབས་དང་སློབ་རའི་བརྙས་བཅོས་བྱས་པའི་བྱ་སྤྱོད་གཙོ་བོ་སོགས་ཁྱབ་བསྒྲགས་བྱས་ནས།  སྤྱི་ཚོགས་ལས་རིགས་ཁག་སོ་སོས་སློབ་རའི་བརྙས་བཅོས་ལ་དོ་ཁུར་བྱེད་པར་དགེ་མཚན་གྱི་ནུས་པ་བཏོན།  དུས་མཚུངས་སུ་སློབ་གྲྭ་སོ་སོས་གཅིག་བསྡུས་ཀྱིས་སློབ་མ་དག་ལ་སློབ་རའི་བརྙས་བཅོས་ལེགས་སྒྲིག་ཉམས་གསོ་ནི་བརྗོད་བྱ་ཡིན་པའི་ཆེད་དོན་སློབ་གསོ་སྤེལ་བས། སློབ་རའི་བརྙས་བཅོས་དོན་རྐྱེན་འབྱུང་བར་སྔོན་འགོག་དང་ཐག་གཅོད་བྱེད་པར་ཁག་ཐེག་བྱས།  རིག་གནས་ལུས་རྩལ་དང་རྒྱང་སྒྲོག་བརྙན་འཕྲིན་སྡེ་ཁག་གིས་དྲྭ་ཁང་ལྟ་སྐུལ་དོ་དམ་སྔར་ལས་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་གྲོས་གཞི་དང་དུ་བླངས་ཏེ།  ལྟ་སྐུལ་དོ་དམ་ཇེ་དྲག་དང་ཉིན་རེ་སྐོར་ཞིབ་བྱེད་པའི་ལམ་ལུགས་བཙུགས་ནས།  སྐོར་ཞིབ་བྱེད་ཚད་ཇེ་མང་དུ་བཏང་བར་མ་ཟད་རྒྱ་ཆེའི་དྲྭ་ཁང་གི་བདག་གཉེར་བས་ཁྲིམས་ལ་བརྩི་སྲུང་དང་དཔལ་ཡོན་ལྡན་པའི་ངང་ནས་ཚོང་གཉེར་བྱེད་པར་དྲིལ་སྒྲོག་སློབ་གསོ་བཏང་ཞིང་།  དངོས་ནས་དོ་དམ་ལ་གོ་རིམ་ལྡན་ཞིང་ལྟ་རྟོག་དོན་ཐོག་ཏུ་འཁྱོལ་བ།  ཁྲིམས་བསྟར་གནད་ལ་འཁེལ་བར་ཐག་ཆོད་དུ་ཆུག  གྲོས་གཞིས་ད་དུང་གྲོང་ཁྱེར་གྱི་གད་སྙིགས་ཕྱོགས་བསྡུས་བཅོས་སྐྱོང་དང་འཁོར་རྒྱུག་བེད་སྤྱོད།  ལྟེ་གནས་འཕྲོད་བསྟེན་ཁང་གི་སྨན་བཅོས་སྤྱི་དངུལ་གཏོང་སྤྲོད་ཚད་གཞི་ཇེ་མཐོར་གཏོང་བ་སོགས་ལ་བསམ་འཆར་གྲོས་གཞི་བཏོན་ཏེ་འབྲེལ་ཡོད་བྱ་བ་ནུས་ལྡན་གྱི་སྤེལ་བར་སྐུལ་འདེད་བཏང་།

སྐབས་བརྗེ་བའི་ཚུན་ལ། ང་ཚོས་གྲོས་གཞི་ལས་སྒྲུབ་བྱ་བར་མཐོང་ཆེན་བྱས་ཤིང་།   གྲོས་གཞི་ལས་སྒྲུབ་དང་གྲོས་མོལ་ནང་རྐྱེན་ཚད་ལྡན་ཅན་དུ་བཏང་ཞིང་།  ཏང་ཨུ་དང་སྲིད་གཞུང་གི་འགན་ནུས་སྡེ་ཁག་དང་ཕྱོགས་གཉིས་ཕན་ཚུན་འབྲེལ་གཏུག་བྱེད་པའི་ལམ་ལུགས་བཙུགས།  ཁུལ་དམངས་ཆེན་དང་ཁུལ་སྲིད་གཞུང།  ཁུལ་སྲིད་གྲོས་ཀྱིས2017ལོའི་ཟླ4བའི་ཚེས27ཉིན་ལ་ཁུལ་དམངས་ཆེན་གྱི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པ།  ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པའི་སྟེང་ཨུ་ཡོན་གྱིས་བཏོན་པའི་གྲོས་གཞི་གཅིག་བསྡུས་སུ་སྤྲོད་སྒྲུབ་བྱེད་པའི་གྲོས་ཚོགས་བསྡུས་ཤིང་།  གྲོས་གཞི་ལས་སྒྲུབ་བྱེད་ཆེད་ཕན་ལྡན་གྱི་ནུས་པ་བཏོན།  ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་གིས་གྲོས་གཞི་ལས་སྒྲུབ་བྱ་བའི་ལྟ་ཞིབ་དང་མཛུབ་སྟོན་བྱེད་ཚད་ལ་ཤུགས་བསྣན་ཞིང་། ཁུལ་སྲིད་གྲོས་ལ་གྲོས་གཞི་ལས་སྒྲུབ་བྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་བ་ཡིན།  སྒྲུབ་འགན་འཁུར་བའི་སྡེ་ཁག་སོ་སོས་གྲོས་གཞི་ལས་སྒྲུབ་བྱ་བའི་རྩ་འཛུགས་འགོ་ཁྲིད་ཇེ་དྲག་ཏུ་བཏང་ཞིང་། གྲོས་གཞི་ལས་སྒྲུབ་བྱ་བའི་གོ་རིམ་ཁ་ཚང་ཅན་དང་གྲོས་གཞི་ལས་སྒྲུབ་བྱ་བའི་བྱེད་ཐབས་ཇེ་ལེགས་སུ་བཏང་སྟེ།  གྲོས་གཞི་ལས་སྒྲུབ་བྱ་བའི་ནུས་ལྡན་དོན་འཁྱོལ་ལ་སྐུལ་འདེད་བྱས།  ཕྱོགས་སོ་སོས་མཉམ་དུ་ཧུར་ཐག་བྱས་པ་བརྒྱུད་དེ།  ཐོ་འགོད་གྲོས་གཞི་ཡོངས་ལ་ཕྱིར་ལན་བཏབ་ཚར་ཞིང་། ཕྱིར་ལན་འདེབས་ཚད་ནི100%ཡིན་པ་དང་།   ཨུ་ཡོན་དག་གི་ཡིད་ཚིམ་ཚད་90%ཡན་ལ་བུད་ཡོད། དེའི་ནང་དུ་ཕལ་ཆེར་ཐག་བཅད་པ་དང་ཐག་གཅོད་བྱེད་བཞིན་པ་ཡང་ན་རིམ་བཞིན་ཐག་གཅོད་འཆར་གཞི་རུ་བཀོད་པའིAདངBརིགས་ཀྱི་གྲོས་གཞི64ཡོད་པ་དང་།  གྲོས་གཞི་སྤྱིའི90%ཟིན་ཡོད།   ད་དུང་གྲོས་གཞི་སྐོར་ཞིག་ནི་བྱ་བའི་དབང་ཚད་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་སོགས་ཕྱི་རོལ་རྒྱུ་རྐྱེན་གྱི་དབང་གིས་སྐབས་ཤིག་ལ་ཐག་གཅོད་བྱེད་དཀའ་ཞིང་བྱ་བའི་དཔྱད་གཞིའི CདངDརིགས་སུ་བསྒྱུར་བའི་གྲོས་གཞི7ཡོད་པ་དང་གྲོས་གཞི་སྤྱིའི10%ཟིན་ཡོད།  གྲོས་གཞི་དང་ལེན་དང་དོན་འཁྱོལ་བྱས་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད།

གཉིས་པ། བྱ་བའི་བྱེད་ཐབས་གཙོ་བོ།

ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཐེངས་དང་པོའི་ཚོགས་འདུའི་ཚུན་ནས།  རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་གྲོས་གཞི་སྤྱོད་པའི་བྱེད་སྟངས་རྒྱུན་འཁྱོངས་བྱས་ཏེ།ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ལས་དོན་ལ་བསམ་འཆར་དང་ཐབས་ཇུས་འབུལ།   གྲོས་གཞིའི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བ་དང་ལས་སྒྲུབ་ཀྱི་ཕན་འབྲས་ལ་ཤུགས་སྣོན་དང་།  ཞབས་ཞུའི་ཆུ་ཚད་ལེགས་པོར་གཏོང་བར་དམ་པོར་དམིགས་ཤིང་། ཧུར་ཐག་གིས་ལས་དོན་སོ་སོ་ལེགས་པོར་སྤེལ་ཏེ།  གྲོས་གཞིའི་བྱ་བ་སྐབས་འདིའི་སྲིད་གྲོས་ལས་དོན་མགོ་བརྩམས་པའི་ལོ་ནས་བཟུང་འཕེལ་རིམ་གསར་བར་བསྙེགས་ཤིང། སྤྱི་ཡོངས་ཀྱི་ཆུ་ཚད་གསར་བར་མཐོར་འདེགས་སུ་སོང་ཡོད།  

གཅིགཁྲིད་སྟོན་ཇེ་དྲག་ཏུ་བཏང་སྟེ། གྲོས་གཞིའི་རྒྱུ་སྤུས་མཐོར་འདེགས་སུ་བཏང་ཡོད།   གྲོས་གཞིའི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བ་ནི་བྱ་བ་གཙོ་བོ་ཡིན་པའི་ཆ་ནས་དམ་ལྷོད་མེད་པར་རྒྱུན་འཁྱོངས་བྱས། ཕྱོགས་གཅིག་ནས་ཁུལ་སྲིད་གྲོས་ཚང་འཛོམས་གྲོས་ཚོགས་སྤེལ་བའི་ཟླ་གཉིས་ཀྱི་སྔོན་ལ། རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་རྣམས་ལམཚོ་ནུབ་ཁུལ་སྐབས་བཅུ་གསུམ་པའི་སྲིད་གྲོས་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞི་བསྡུ་ལེན་སྐོར་ཀྱི་བརྡ་སྦྱོརབཏང་ཞིང་།  ཨུ་ཡོན་ལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་གནས་བྱ་བ་ཁྱབ་བསྒྲགས་བྱས་ཏེ།  ཨུ་ཡོན་གྱིས་གནས་ཚུལ་དང་སྲིད་དོན་རྟོགས་ཤིང་ལེགས་པོར་བསྒྲུབ་པ་དང། དུས་མཚུངས་སུ་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་སྟེང་དུ།  ཁུལ་སྲིད་གཞུང་གི་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་གདན་འདྲེན་བྱས་ནས་མཚོ་ནུབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ། ཨུ་ཡོན་གྱིས་ཏང་ཨུ་དང་སྲིད་གཞུང་གི་ལྟེ་གནས་བྱ་བར་རྒྱུས་ལོན་བྱེད་པར་ཤུགས་སྣོན་པ་དང་། ཨུ་ཡོན་ལ་ཁྲིད་སྟོན་བྱས་ནས་ཏང་སྲིད་ཀྱི་ལྟེ་གནས་བྱ་བར་ཚན་རིག་རང་བཞིན་གྱི་བརྗོད་བྱ་བདམས། རྟོག་ཞིབ་ཟབ་མོ་སྒོས་གྲོས་གཞིའི་བྱ་བ་ལེགས་པོར་བསྒྲུབ་པར་འབད་པ་བྱས།  ཡང་ཕྱོགས་གཅིག་ནས་ཨུ་ཡོན་ལ་སློབ་སྦྱོང་དང་གསབ་སྦྱོང་བྱེད་པ་བརྒྱུད་དེ། ཞིང་ཆེན་སྲིད་གྲོས་ཀྱི་ཐོབ་ཐང་ངེས་ཅན་ལྡན་པའི་དགེ་རྒན་ཆེན་མོ་གདན་ཞུ་བྱས་ནས་སྲིད་གྲོས་ཀྱི་གྲོས་གཞིའི་ངོ་བོ་དང་ནུས་པ། དེ་མིན་གྲོས་གཞི་འདོན་པ། ཞིབ་བཤེར་དང་ལས་སྒྲུབ་སོགས་ཀྱི་ནང་དོན་ལ་ཞིབ་ཆ་ལྡན་པའི་ངང་འཆད་འཁྲིད་གནང།  བརྗེ་བསྐོས་རྗེས་ཀྱི་ཨུ་ཡོན་གསར་བསྐོས་པར་རོགས་རམ་བྱས་ཏེ་མྱུར་དུ་གྲོས་གཞིའི་ཁྱད་ཆོས་དང་ཆོས་ཉིད་ཤེས་སུ་ཆུག   ཨུ་ཡོན་གྱི་གྲོས་གཞི་འགོད་པའི་ནུས་བ་ཇེ་དྲག་ཏུ་བཏང་། དུས་མཚུངས་སུ་གྲོས་གཞིའི་ཨུ་ཡོན་ལྷན་ཚོགས་ཀྱིས་གྱོད་ཐོ་འགོད་པའི་ཚད་གཞིར་རྒྱུན་འཁྱོངས་བྱས།  གྱོད་ཐོ་འགོད་པའི་འགག་སྒོར་ཞིབ་བཤེར་ནན་མོ་བྱས་ཏེ།  གྲོས་གཞིར་གནས་ཚུལ་ཡོད་པ་དང་དབྱེ་བ་ཡོད་པ། བསམ་གྲོས་བཅས་ཡོད་པར་ཁག་ཐེག་བྱས།  

གཉིསལྟ་སྒྲུབ་ལ་ཤུགས་བསྣན་ཏེ། ལས་སྒྲུབ་ཕན་འབྲས་ཇེ་མཐོར་གཏོར་བར་འབད་པ་བྱས། གཅིག་ནི་གྲོས་གཞི་གཙོ་བོའི་དཔེ་སྟོན་ཕན་ནུས་འདོན་སྤེལ་བྱས།  ང་ཚོས་གྲོས་གཞི་སྒྲུབ་པའི་གོ་རིམ་ཁྲོད་རང་རྟོགས་ཀྱིས་རྒྱུན་ལྡན་གསར་བར་འཕྲོད་པར་བྱས་ཏེ། དུས་ཚོད་འོས་འཚམ་ཡིན་པའི་སྐབས་སུ་གྲོས་གཞི་གཙོ་བའི་ལྟ་སྒྲུབ་ནང་རྐྱེན་བཙུགས་ཏེ།ཞིབ་འཇུག་གང་ལེགས་དང་རིམ་པ་བཞིན་དམ་འཛིན།ཡར་སྐོར་བསྐྱར་སྐོར་གྱི་འདེམས་གསེས་བྱེད་པ་བཅས་སྤྱད་དེ།  འགོ་ཁྲིད་གཙོ་བོར་ཞུས་ནས་འཐད་པ་བྱུང་སྟེ།   སྲིད་གྲོས་མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཚོགས་གཞུང་སྒྲུབ་ཁང་གི2017ལོའི་འགོ་ཁྲིད་ཀྱི་སྣེ་འཁྲིད་དེ་གྲོས་གཞི་གཙོ་བོར་ལྟ་སྒྲུབ་བྱེད་པའི་བརྡ་སྦྱོརདཔར་འགྲེམ་བྱས་ཏེ།  གྱོད་ཐོ་ གཙོ་བོ5གཏན་ཁེལ་བྱས་ནས་གྲོས་གཞིའི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་སོ་སོས་སྣེ་འཁྲིད་དེ། ཆེད་དོན་ཨུ་ཡོན་ལྷན་ཚོགས་དང་དམངས་གཙོའི་ཏང་ཤོག   བཟོ་ཚོང་མཉམ་འབྲེལ་བཅས་དང་མཉམ་དུ་འགན་སྒྲུབ་ལས་ཁུངས་དུ་ཕྱིན་ནས་ལས་སྒྲུབ་ཀྱི་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་བྱས། འབྲེལ་ཡོད་དོན་དངོས་ལ་ལྟ་ཞིབ་བྱས་ཏེ།  གྲོས་གཞི་བཏོན་པའི་མི་ལ་བསམ་འཆར་བརྗེ་རེས་བྱས་པ་དང་།  གྲོས་གཞི་ལས་མཚོན་པའི་ཆེས་དོ་ཁུར་བྱེད་པའི་གནད་དོན་ཅུང་ལེགས་པོར་ཐག་བཅད་དེ་ལས་སྒྲུབ་ཕན་འབྲས་ལ་སྐུལ་འདེད་བཏང་ཡོད། གཉིས་ནི་གྲོས་གཞིར་རྗེས་འདེད་ལྟ་སྒྲུབ་བྱེད་པ་ཇེ་དྲག་ཏུ་བཏང་ཡོད།  ན་ནིང་ཟླ་9པའི་ནང་གྲོས་གཞི་ལྟ་སྒྲུབ་ཚན་ཆུང་ཆེད་དུ་བཙུགས། གྲོས་གཞི་ལས་བགོས་འགོ་ཁྲིད་ཀྲུའུ་ཞི་གཞོན་པས་སྣེ་འཁྲིད་དེ།  སྔ་གཞུག་དུ་གྲོང་ཁྱེར་གཉིས་དང་རྫོང་གསུམ།  སྲིད་ཨུ་གསུམ། དེ་མིན་ཁུལ་ཐད་གཏོགས་སྡེ་ཁག་སོ་སོ་རུ་ཕྱིན་ནས། ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཐེངས་དང་པོའི་གྲོས་ཚོགས་ཚུན་ནས་གྲོས་གཞི་སྒྲུབ་པའི་ལས་རིམ་ལ་ཕྱིར་བལྟ་བྱས་ཏེ། གྲོས་གཞི་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་།

གསུམགཙོ་གནད་ལྷང་ངེར་བཏོད་དེ། གྲོས་གཞིའི་ལས་སྒྲུབ་གྲོས་མོལ་ལས་དོན་ལ་སྐུལ་འདེད་བྱས། གྲོས་གཞིའི་ལས་སྒྲུབ་ཀྱི་གྲོས་མོལ་ལ་ཤུགས་བརྒྱག་པ་ནི་གྲོས་གཞི་བྱ་བའི་རྒྱུ་སྤུས་ལ་སྐུལ་འདེད་དང་མཐོར་འདེགས་སུ་གཏོང་བའི་རིམ་པ་གཙོ་བོ་ཡིན། གྲོས་གཞིའི་ལས་སྒྲུབ་ཀྱི་གྲོས་མོལ་བྱ་བའི་ནང་རྐྱེན་ཚད་ལྡན་དུ་གཏོང་ཆེད།  ཁུལ་སྲིད་གྲོས་གྱིསསྲིད་གྲོས་མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་གཞི་ལས་སྒྲུབ་ཀྱི་གྲོས་མོལ་ལག་བསྟར་བྱེད་ཐབསགཏན་འབེབས་བྱས། ཨུ་ཡོན་རྩ་འཛུགས་སྒོས་གྲོས་མོལ་བཞུགས་མོལ་དང་ཡུལ་དངོས་སུ་རྟོག་ཞིབ། འགན་སྒྲུབ་ལས་ཁུངས་སུ་ཕྱིན་པ་སོགས་ཀྱི་རྣམ་པ་སྤྱད་དེ།  ཐོན་ལས་སྒྲིག་གཞི་ལེགས་སྒྲིག་དང་སྟོང་ལྔ་ཅན་ཞེས་པའི་ཐོན་ལས་འདུས་འཛོམས་འཕེལ་རྒྱས། ཡུལ་སྐོར་གྱི་ལས་རིགས་འཕེལ་རྒྱས།  དམངས་འཚོ་ཇེ་ལེགས་སུ་གཏོང་བ་དང་དབུལ་ཐར་སྲ་བརྟན་དུ་གཏོང་བར་སྐུལ་སྤེལ་སོགས་ཕྱོགས་ཀྱི་གྲོས་དོན་གཙོ་བོར་དམིགས་ནས་གྲོས་མོལ་སྤེལ།  ཧུར་ཐག་གིས་སྲིད་གྲོས་ཀྱི་འབྲེལ་བའི་ནུས་བ་འདོན་སྤེལ་བྱས་ཏེ། གྲོས་མོལ་གྱི་ཕན་འབྲས་མཐོར་འདེགས་སུ་བཏང་།  དུས་མཚུངས་སུ་གྲོས་གཞི་སྤྱད་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྟོབས་ཤུགས་ཕུལ། ཁུལ་སྡོད་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱིས་གྲོས་གཞི་འདེམས་པའི་བྱ་བའི་ཞབས་ཞུ་དང་མཛུལ་སྟོན་ལ་ཤུགས་བསྣན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཐེངས་ལྔ་བའི་གྲོས་ཚོགས་སྐབས་སུ། ཁུལ་སྡོད་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཅུས་ཧོང་ཧྭ་ཡིསརིམ་འབྱེད་སྨན་བཅོས་ལམ་ལུགསའཐུས་ཚང་དུ་གཏོང་བའི་རྨང་གཞི་བྱ་བའི་སྐོར་གྱི་གྲོས་གཞི་བཏོན་པ་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཕུལ་བྱུང་གྲོས་གཞིར་བདམས། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་ཐེངས་ལྔ་པའི་ཚོགས་འདུའི་སྐབས་སུ།  ཁུལ་སྡོད་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཡུས་རོང་ཆོན་སོགས་ཀྱིས་རྡོ་སོལ་སློག་འདོན་གྱི་ལག་རྩལ་འཚོལ་ཞིབ་རང་བཞིན་སྐོར་དང་མུ་ལིའང་མེ་རི་རྡོ་སོལ་གཏེར་ཁ་ཕྱོགས་གཅིག་ནས་བཅོས་སྐྱོང་དང་ཕྱོགས་གཅིག་ནས་ཐོན་སྐྱེད་མངོན་འགྱུར་བྱེད་པ་དང་དགུན་དུས་ཡུལ་སྐོར་ལྗོངས་རྒྱུ་གསར་སྤེལ་ལ་ཤུགས་སྣོན་པའི་སྐོར་གྱི་གྲོས་གཞི་བཏོན་པ་དེ། ཞིང་ཆེན་སྲིད་གྲོས་ཀྱིས་ཕུལ་བྱུང་གྲོས་གཞིར་བདམས།

ད་ལོ་ཟླ1པོའི་ནང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་སྐབས་སུ།  ང་ཚོས་ཁུལ་སྡོད་གྱི་ཞིང་ཆེན་སྲིད་གྲོས་ཨུ་ཡོན་རེ་རེའི་བྱ་བའི་ཁྱད་ཆོས་དང་འཇོན་ཐང་གཞིར་བཟུང་སྟེ།ཁུལ་ཨུ་དང་ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་གིས་བསམ་འཆར40འདོན་སྤྲོད་བྱས་པ་དེ་གྲོས་གཞིའི་རྣམ་པ་བརྒྱུད་དེ་ཨུ་ཡོན་ལ་རོགས་རམ་བྱས་ནས་ཁ་ཚང་ཚོགས་ཆེན་ལ་སྤྲད།

བརྗེ་བསྐོས་ཚུན་ནས། ཁུལ་སྲིད་གྲོས་ཀྱི་གྲོས་གཞི་བྱ་བར་གྲུབ་འབྲས་མི་དམན་པ་ཞིག་བླངས་ཡོད་དེ། འོན་ཀྱང་གྲོས་གཞིའི་རྒྱུ་སྤུས་མཐོར་འདེགས་གཏོང་བ་དང་གྲོས་གཞིར་རྗེས་འདེད་དོན་འཁྱོལ་དང་གྲོས་གཞིའི་ལས་དོན་གསར་སྐྲུན་སོགས་ཕྱོགས་ནས་ད་དུང་ཇེ་ལེགས་ཇེ་རྒྱས་སུ་གཏོང་དགོས།

གསུམ།  རྗེས་ཕྱོགས་ཀྱི་བྱ་བའི་འཆར་གཞི།

2018ལོར།  གྲོས་གཞི་ལས་དོན་བསྒྲུབ་པར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ།ཁྱོན་ཡོངས་ནས་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་ཏང་གི་འཐུས་མི་ཚོགས་ཆེན་དང་ཁུལ་གྱི་སྐབས་བཅུ་གཉིས་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་ཇུས་འགོད་ལག་བསྟར་དོན་འཁྱོལ་བྱས་ཏེ། གནད་དོན་གྱི་ཕྱོགས་སྟོན་རྒྱུན་འཁྱོངས་བྱེད་པ་དང་བསམ་འཆར་ལེགས་པོར་བཏོན་ནས།  གྲོས་གཞིའི་ལས་དོན་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་དུ་བསྟུད་མར་མཐོར་འདེགས་སུ་གཏོང་དགོས། གྲོས་གཞི་སྲིད་གྲོས་འགན་ནུས་ལག་བསྟར་བྱེད་པ་དང་ལྟེ་བར་ཞབས་ཞུ་བྱེད་པའི་ཁྲོད་ནུས་བ་གང་ལེགས་འདོན་སྤེལ་བྱ་དགོས།

གཅིགཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་སྣེ་འཁྲིད་དེ། གྲོས་གཞི་ལས་སྒྲུབ་ཀྱི་ལག་ལེན་གསར་བ་འཚོལ་ཞིབ་བྱེད་དགོས།    ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་རུ་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་གྲོས་མོལ་རྣམ་བཤད་ལ་གོ་བ་ཡང་དག་ལོན་དགོས།   གྲོས་གཞི་ལས་སྒྲུབ་ཀྱི་གྲོས་མོལ་བྱེད་ཐབས་དང་ཐབས་ལམ་བཅས་ལ་ལག་བསྟར་འཚོལ་ཞིབ་དགོས།  གྲོས་གཞི་ལས་སྒྲུབ་ཀྱི་གྲོས་མོལ་ནང་རྐྱེན་ལེགས་སྒྲིག་བྱས་ཏེ།   གྲོས་གཞི་ཐོ་འགོད་དང་ཕྱིར་འཐེན།མཉམ་སྡེབ། བརྗེ་བསྒྱུར་སོགས་ཀྱི་ལས་དོན་སྤེལ་དགོས། གྲངས་ཀ་དང་རྒྱུ་སྤུས་བར་གྱི་འབྲེལ་བ་ཡང་དག་གིས་ཐག་གཅོད་བྱས་ཏེ།  གྲངས་ཀའི་འོས་འཚམ་དང་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བ་རྒྱུན་འཁྱོངས་དགོས།  སྲིད་གྲོས་ཨུ་ཡོན་ལ་བྱས་རྗེས་ལྡན་པའི་ཚོར་སྣང་དང་མི་དམངས་མང་ཚོགས་ལ་ཐོབ་པའི་ཚོར་སྣང། སྤྱི་ཚོགས་ལས་རིགས་སོ་སོས་ཁས་ལེན་པའི་ཚོར་སྣང་བཅས་ཐོབ་ཏུ་འཇུག་དགོས།  གྲོས་གཞིའི་ལས་སྒྲུབ་ཀྱི་གྲོས་མོལ་བྱ་བའི་ལག་བསྟར་ཉམས་མྱོང་ནན་ཏན་སྒོས་སྤྱི་སྡོམ་བྱས་ཏེ།  ཆོས་ཉིད་དང་ཁྱད་ཆོས་དམ་འཛིན་བྱེད་པ་དང་། དུས་རབས་གསར་བའི་འོག་གྲོས་གཞིའི་ལས་སྒྲུབ་ཀྱི་གྲོས་མོལ་རྒྱ་བསྐྱེད་པ་དང་རིམ་པ་སྣ་མང་བ།   གོ་རིམ་ཡོད་པ་སོགས་ཀྱི་སྒོ་ནས་སྤེལ་བར་སྐུལ་འདེད་གཏོང་དགོས།  

གཉིས། ཁུལ་ཡོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་སྐབས་ལ་བརྟེན་ནས།  ཧུར་ཐག་གིས་བསམ་གྲོས་ལེགས་པོ་འདོན་དགོས།   ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་ལག་ལེན་མཐར་ཕྱིན་དང་སློབ་སྦྱོང་བྱེད་པ་ནི་ཆབ་སྲིད་གཞུང་ལུགས་ལ་སློབ་སྦྱོང་བྱེད་པའི་ནང་དོན་གཙོ་བོ་ཡིན།ཏན་ཏན་ཏིག་ཏིག་བཞི་ཞེས་པའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་དང་། བསྒྱུར་བ་བཞི་ལ་སྐུལ་འདེད་གཏོང་བར་རྒྱུན་འཁྱོངས་དང་ཁུལ་ཨུའི་ཞིང་ཆེན་ཡོངས་ཀྱི་སྔོན་གྲས་སུ་བསྐྱོད་པ་ཞེས་པའི་བྱ་བའི་དམིགས་འབེན་ལ་སྐུལ་འདེད་དང་རྒྱུན་འཁྱོངས་བྱས་ཏེ།   རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་ལ་ཧུར་ཐག་གིས་སྐུལ་སློང་དང་ཁྲིད་སྟོན་བྱས་ཤིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། བྱ་བའི་ལྟེ་གནས་ལ་འདུས་པ་དང་།  ཁུལ་ཡོངས་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་སོགས་ཀྱི་འཛུགས་སྐྲུན་ཁྲོད་ཀྱི་གནད་དོན་གལ་ཆེན་གཙིགས་སུ་བཟུང་སྟེ།  མི་དམངས་མང་ཚོགས་ཀྱི་རྒྱུན་ལྡན་དུ་དོ་ཁུར་བྱེད་བཞིན་པའི་གནད་དོན་ལ་བརྟག་དཔྱད་ཞིབ་འཇུག་་ཟབ་མོ་བྱས་ཏེ། གནས་ཚུལ་དང་སྲིད་དོན་ཤེས་སུ་འཇུག་དགོས།  གྲོས་གཞིའི་རྒྱུ་སྤུས་ཀྱི་འདུ་ཤེས་དང་སྤུས་ལེགས་འདུ་ཤེས་མུ་མཐུད་དུ་མཐོར་འདེགས་སུ་བཏང་སྟེ། དམིགས་བསལ་རང་བཞིན་དང་ཚན་རིག་རང་བཞིན།  གདེང་ཚོད་རང་བཞིན་བཅས་ཀྱི་གྲོས་གཞི་མང་པོར་འདོན་དགོས།  

གསུམརྒྱུ་སྤུས་མཐོར་འདེགས་སུ་གཏོང་བ་རྨང་གཞི་རུ་བཟུང་སྟེ། གྲོས་གཞིའི་ལས་སྒྲུབ་དོན་འཁྱོལ་ལ་ནུས་ལྡན་གྱིས་སྐུལ་འདེད་བྱ་དགོས།   སྲིད་གྲོས་ཨུ་ཡོན་ཡོངས་རྫོགས་ལ་ཁྲིད་སྟོན་བྱས་ཏེ། གྲོས་གཞིའི་རྒྱུ་སྤུས་བཟང་བོའི་ཡོངས་ཁུངས་རྒྱ་བསྐྱེད་དགོས།  ཏང་ཤོག་དང་ཚོགས་ཁག།   ཆེད་དོན་ཨུ་ཡོན་ལྷན་ཚོགས། གྲོས་གཞི་སོ་སོའི་བར་གྱི་བྱ་བའི་མཐུན་སྦྱོར་འབྲེལ་གཏུག་ལ་ཤུགས་སྣོན་དགོས།  གྲོས་གཞི་བསྡུ་ལེན་རིམ་བཞིན་འབྲེལ་མཐུད་དང་རྒྱུ་སྤུས་ལ་དམ་འཛིན་བྱེད་པའི་ལམ་ལུགས་འཚོལ་ཞིབ་བྱེད་དགོས། ཐུན་མོང་གི་གྲོས་གཞིའི་བསྡུ་ལེན་ཤུགས་ཚད་ལ་ཤུགས་སྣོན་དགོས།  གྲོས་གཞིའི་རྒྱུ་སྤུས་སྤྱི་ཁོག་གི་མཐོར་འདེགས་ལ་སྐུལ་འཁྲིད་དགོས། གྲོས་གཞིའི་ཐོག་མའི་གནས་ཞེས་པ་དང་ཏང་ཨུའི་སྲིད་གཞུང་གི་གྲོས་མོལ་ལམ་ལུགས་འཛུགས་པར་འཚོལ་ཞིབ་དགོས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་གནས་བྱ་བར་དམིགས་ཏེ།  སྲོག་ཤིང་གི་བརྗོད་བྱ་སེམས་ལ་དམ་པོར་བཅངས་ཏེ།གྲོས་གཞི་ལས་སྒྲུབ་ཀྱི་གྲོས་མོལ་བྱ་འགུལ་རྩ་འཛུགས་སྣ་མང་ཅན་སྤེལ་དགོས། སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ཁ་གཏད་གྲོས་མོལ་གནས་བབ་འདོན་སྤེལ་གང་ལེགས་བྱས་ཏེ། འགོ་ཁྲིད་ཀྱིས་སྣེ་འཁྲིད་དེ་གྲོས་གཞི་གལ་ཆེན་ལ་ལྟ་སྒྲུབ་དགོས།  གྲོས་གཞི་སོ་སོར་ལྟ་ཞིབ་དང་དམངས་གཙོའི་ལྟ་རྟོག ཁ་གཏད་གྲོས་མོལ་དང་དམ་དུ་སྦྲེལ་ནས།   གནད་དོན་ཐག་གཅོད་ལ་སྐུལ་འདེད་བཏང་སྟེ། ལས་སྒྲུབ་ཕན་འབྲས་ཇེ་ལེགས་སུ་གཏོང་དགོས།  དུས་མཚུངས་སུ་གྲོས་གཞིའི་རྗེས་འདེད་དང་ཕན་འབྲས་འདྲི་རྩད་ལ་ཤུགས་སྣོན་དགོས། ན་ནིང་རིམ་བཞིན་ཐག་གཅོད་འཆར་གཞིའི་ནང་དུ་ཚུད་པའི་གྲོས་གཞིར་བསྟུན་མར་རྗེས་འདེད་ལྟ་སྒྲུབ་བྱ་དགོས། གྲོས་གཞི་རེ་རེར་འབྲས་བུ་སྨིན་པར་ཁག་ཐེག་དང་སྐུལ་འདེད་གཏོང་དགོས།  

ཨུ་ཡོན་རྣམས་པ།  ཏང་གི་ཚོགས་ཆེན་བཅུ་དགུ་པས་དུས་རབས་གསར་བའི་སྲིད་གྲོས་བྱ་བ་དང་གྲོས་གཞི་བྱ་བར་བླང་བྱ་གསར་བ་བཏོན་ནས་རེ་བ་སྔར་བས་མཐོན་པོ་བཅངས་ཡོད། ང་ཚོས་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཐེངས་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཀྱི་ཇུས་གཞི་བཀོད་སྒྲིག་ནན་ཏན་གྱིས་ལག་ལེན་དོན་འཁྱོལ་བྱས་ཤིང་།  ལྟེ་གནས་ལ་དམིགས་ཏེ་སྤྱི་ཁོག་ལ་ཞབས་ཞུས་སྒྲུབ་པ།  རྒྱུ་སྤུས་མཐོར་འདེགས་སུ་གཏོང་བ། ཕན་འབྲས་གླེང་བའི་གྲོས་གཞི་བྱ་བའི་བྱེད་ཕྱོགས་ལ་འགན་ཐེག་དགོས།  བློ་གྲོས་ལྡན་པའི་བསམ་འཆར་མང་པོ་དང་དོན་དམ་གྱི་ཇུས་གཞི། གསར་གཏོད་ཀྱི་བྱེད་ཐབས་སོགས་གང་མང་བཏོན་ཏེ།  མི་དམངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་རྣམ་པ་གསར་བ་བསྐྲུན་པར་འབད་དེ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་བསྐྲུན་ཕྱིར་བྱས་རྗེས་འཇོག་དགོས་སོ།  

གྲོས་གཞིའི་དབྱེ་འབྱེད་འགྲེལ་བ་གསལ་བཤད།

Aརིགས་ཞེས་པ།  ལས་སྒྲུབ་ཡོངས་འགྲུབ་ཟིན་པ།

Bརིགས་ཞེས་པ།  ཐག་གཅོད་བྱེད་བཞིན་པའི་སྒང་ངམ་འཆར་གཞིའི་ནང་དུ་ཚུད་ནས་རིམ་བཞིན་ཐག་གཅོད་དགོས་པ།

Cརིགས་ཞེས་པ།  རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་ཟུར་ལྟའི་དཔྱད་གཞིར་འཛིན་པར་འཇོག་པ།

Dརིགས་ཞེས་པ།  བྱ་བའི་དབང་མཚམས་དང་འཕེལ་རྒྱས་ཆ་རྐྱེན་སོགས་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་དབང་གིས་ཐག་གཅོད་མི་ཐུབ་པ།

གོང་མ།:ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ།

ཞོལ་མ།:༢༠༡༨ལོའི་ཀྲུང་གོའི་སྲིད་གཞུང་གི་ལས་དོན་སྙན་ཞུ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235